སྙན་ངག་རིང་མོ། དབུས་ལ་སོང་བའི་སྒྲུང་། ༤

གསུམ་པ། ཉི་མ་ལྷ་ས།

དུས་ཚོད་ཀྱི་བདེན་པ་དང

ཚེ་སྲོག་གི་མེ་ལྕེ་མཆི་མ་འདྲ་བོའི་ཆེད་དུ

 

ངེད་ཅག   བཙོན་ར་ནས་ཡུལ་ལ་ལོག་པ་འདྲ་བར

དབུས་ལ་ཡོང

 

དཔའ་བོའི་གཏམ་རྒྱུད་རྗེས་ཀྱི

གཅོམ་ཆུང་གི་ལྷ་ས  ལྐོག་གཡོའི་ལྷ་ས

འཇིགས་སྐྲག་དང་དོགས་ཟོན་གྱི་ལྷ་ས

ཆང་དང  བརྩེ་བ་སམ་སིམ་གྱི་ལྷ་ས

 

འདར་སིག་སིག་གི

མ་ཡིན་ཡིན་མདོག་གི

འགྲེལ་བཤད་ཁ་ཤས་ཁྲོད་རུལ་གྱིན་པའི

 

ཨར་འདམ་གྱིས་བཟོས་པའི

དུས་ཁྲོད་ཅིག་གི་སྙིང་ཀར་འགྱིང་བའི་ལྷ་ས་ལགས

                                              -དབུས་པའི་གཏམ།

                 

རང་ཉིད་བོར་ཟིན་པའི   སྐབས་འདིར

པོ་ཏ་ལ་ནི

སུ་ཞིག་གི་ཁ་གཏད་ན་པུས་ཚུགས་སུ་སྡོད་པའི

བྲང་ཁ་སྟོང་བ་དེ་ཡིན་ནམ

 

ཉི་འོད་ཀྱི་མགྲིན་པ་འགག་རྗེས་ཀྱི

ལོ་ངོ་སྟོང་གི

ཕ་བོང་ཁེར་རྐྱང་ཞིག་གི

སྐྱོ་ངལ་སྲ་མོ་དེ་ཡིན

 

ཡང་ན  ལྷ་སའི་མཆོད་རྐོང་དུ་བླུགས་པའི

སེར་ཧང་ཧང་གི

མར་ཁུ་ཐིགས་པ་གཅིག་པོ་འདི

སྟོང་བའི་སྙིང་ཀ་ན་སྐམ་ལ་ཉེ་བ་ལས

གཞན  སྦར་མཁན་ཞིག་མི་འདུག

 

དོན་ངོ་མར

ངས   རང་ཉིད་གསོག་གསོག་པའི

མིག་ཆུ་ཉུངདྲག་ཏེ

པོ་ཏ་ལའི་ནག་ཐིགས་གཅིག་ཀྱང་འཁྲུ་མི་ཐུབ་ལ

 

དེ་ལས་ཀྱང

པོ་ཏ་ལའི་ལག་ནང་གི་རང་ཉིད

ནད་ཡམས་ཤིག་ཡིན་པའང་ཤེས་ཀྱི་མི་འདུག

ལོ་རྒྱུས་ནི་སུ་ཞིག་གི་སྙིང་ཀའི

གཟིམ་ཚར་བའི་མར་མེ་ནག་ཐིང་ཐིང་དེ་ཡིན་ནམ

སྟོད་ཀྱི         ཉི་མ་ལྷ་ས་ལགས

 

སྙིང་བོ་མེད་པའི་སྙན་ངག་ཅིག་གི་ཡིག་ཕྲེང་དང་འདྲ་བའི

ལྷ་སའི་སྲམ་ལམ་དག་བརྒལ་ན

 

ངས   སྤྲང་ཁུག་ཁུར་བའི

བོད་ཡིག་གི་རྒན་པོ་གྱོལ་བོ་ཞིག་མཐོང་ལ

དེ་དང་ལྷན་དུ

རང་ཉིད་ཀྱི་བྲང་ཁ་ན་འགོས་ནད་ཅིག་ལྟར་ཆགས་པའི

ཐ་སྙད་ཁ་ཤས   འདང་བརྒྱག་གི་ལག་མཐིལ་ཏུ

འདར་ལྕུག་ལྕུག་ངང་འཐོར་འོངས

 

ལག་པའི་ནང་དུ་ལག་པ་བཞག་དུས

སེམས་པ

ཤེས་མེད་ངང་འཕྲོག་འགྲོ་བའི་འཚམས་འདྲི

 

དོགས་ཟོན་གྱི་སྣེ་མོ་ན་ཟེགས་ཀྱིན་པའི

བརྩེ་བ་དང

རུས་པའི་གསེབ་ཀྱི་སྐམ་གྱིན་པའི་ཁྲག་ཐིགས

 

དམར་དྲི   གཡེམ་དྲི  ཆང་དྲི

རླུང་གི་སྣ་ཁུང་བསུམས་རྗེས་ཀྱི

ལྷ་སའི་དྲི་མ་དག

 

ངས   རང་ཉིད་མ་བསད་པར

ལྷ་སའི་སྐམ་རུལ་གྱི་སྲང་ལམ་དག་བརྒལ་དཀའ་འདུག

མཚན་མོ་ནི་ཉི་མའི་བྲང་ཁ་ནས་བཞུར་བའི

སྡུག་བསྔལ་ཐིགས་པ་གཅིག

 

མཚན་མོ་འདིར  ང་རང

རང་གི་སེམས་པ་ལྟར་ཁ་ཤོ་སྣ་རུལ་ཏུ་གྱུར་བའི

ལྷ་སའི་གྱང་ར་རྙིང་བ་ཞིག་ན་ཡོད

 

ཕ་ཡུལ་ནས་རང་ཁྱིམ་མ་མཐོང་བའི

མིག་ཟུང་འདིས  དོ་ནུབ་ཡང

ཡུན་རིང་ལ་དྲན་པའི་ལྷ་སའི་དེ་དག་མཐོང་གི་མི་འདུག

 

མཚན་མོ་འདིའི་རྒྱབ་ཏུ

སྐུང་མཁན་གཞན་ཞིག་ཡོད་དམ

 

རལ་གྲི་ལྟ་བུའི་ཅི་ཞིག་གིས

བདག་གི་གློ་སྙིང་གི་གྲུབ་ཆ་འདྲ་བའི

ལྷ་སའི་ཕྱོགས་རེ་རེ་གསོད་ཀྱི་མེད་དམ

 

སྐབས་འདིར  རྨ་ཁ་ལྟ་བུའི་གློག་ཞགས་ཤིག་འཁྱུག་ནས

ཧོ་རིང་ལྟ་བུའི་འབྲུག་སྒྲ་ཞིག་གྲགས་ན

མིག་ཆུ་ལྟ་བུའི་ཆར་བ་ཞིག་བབས་ན

 

ངས   རང་ཉིད་ནི་སྐྱོ་གཞས་ཚན་པ་ཞིག་ཏུ་བཏང་ནས

དབེན་སིམ་སིམ་གྱི

འདར་སིག་སིག་གི

ལྷ་སའི་མཁའ་དབྱིངས་སུ་གཏོང་ཐུབ་བམ

སྐྱོ་གདུང་གི་ལག་མཐིལ་ན་འབུ་ནག་ཅིག་ལྟར་འགུལ་བའི

ཉམ་ཆུང་གི  ནུས་མེད་ཀྱི

སྤྲང་ཁུག་ཀྱང་བོར་བའི་ང་རང

ད་ལྟ     རྨ་ཁ་ལྟ་བུའི་ཁྱོད་ཀྱི་སྲམ་ལམ་ན་ཡོད

 

མི་ཚོགས་ནི 

དུས་ཚོད་ཀྱི་བདེན་པ་བརླག་བྱེད་ཀྱི

རྩེད་རྡེའུ་རེ་རེ་དང་འདྲ་ལ

ངའི་ཁོག་གི

བཞུ་མི་ཐུབ་པའི་སྐྲན་རྡོ་རེ་རེ་ཡང་ཅི་ལ་མིན

 

ང་ཡིས་སྙིང་ཉེ་བའི  ང་རང

གསོད་བྱེད་ཀྱི     གསོན་བྱེད་ཀྱི་ཉི་མ་ལྷ་ལགས

 

ངོ་གདོང་དང་སྐད་རིགས་དུ་མའི་ཁ་གཏད་ནས

འཕྲུལ་ཆས་དང་འུར་ཟིང་མང་བོའི་བར་གསེབ་ནས

ངས    ཁྱེད་རང

རང་གི་མཆི་མས་བཀྲུསཔའི་ཉི་མ་ལྷ་ས་ཡིན་པ

ངོས་ཀྱང་ཟིན་དཀའ

 

ཨར་འདམ་གྱི་སྲ་མཁྲེགས་བར་ནས

ཆུ་ཐིགས་ཤིག་ལྟར

རང་ཉིད་ཤོར་དང་འཆོར་གྱིན་པའི་ཉི་མ་ལྷ་ས་ལགས

དོན་ངོ་མར   ལྷ་ས་ནི

དེང་མའི་མཛེས་སྡུག་གི་སྙིང་བོ

གློག་འོད་ཀྱིས་བསྲེགས་ཚར་བའི་མཚན་མོ་ཕྱེད་ཀ་ཞིག་རེད

 

དོན་ངོ་མར  ལྷ་ས་ནི

རོ་སྒམ་ཉོ་མ་ཐུབ་པར་ལུས་པའི

བདག་གི      བེམ་རོ་འདང་ཆེན་དེ་ཡིན

 

ངས    རང་ཉིད་ལས་ཀྱང་རྒས་གཉེར་གྱིས་ཟིན་པའི

ལྷ་ས་བསམ་ན

འཁུན་སྒྲ་མེད་ལ་མིག་ཆུ་མེད་པའི

ལྷ་སའི་རྡོ་བ་དག་ལ་ལྕགས་ཀྱིས་ཐེངས་གཅིག་བྲབ་ན་འདོད་ལ

 

ལྷ་སའི་ས་ནག་གསེབ་ཀྱི་འབར་མི་ཚར་བའི

ཁྲག་ཐིགས་ལྟ་བུའི་མེ་ལྕེ་དག་གིས

ཉམ་ཆུང་གི  ནུས་མེད་ཀྱི་རང་ཉིད་བསྲེག་ནའང་འདོད་བྱུང

 

བོར་བརླག་གི་གས་སྲུབས་ཏུ

འཐིམ་དང་འཐིམ་གྱིན་པའི་ལྷ་ས་ལགས

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་རིང་མོ། དབུས་ལ་སོང་བའི་སྒྲུང་། ༤

2010-03-10 མདའ་བཙན་པོ། ཀློག་གྲངས། མཆན ཡོད།

གསུམ་པ། ཉི་མ་ལྷ་ས།

དུས་ཚོད་ཀྱི་བདེན་པ་དང

ཚེ་སྲོག་གི་མེ་ལྕེ་མཆི་མ་འདྲ་བོའི་ཆེད་དུ

 

ངེད་ཅག   བཙོན་ར་ནས་ཡུལ་ལ་ལོག་པ་འདྲ་བར

དབུས་ལ་ཡོང

 

དཔའ་བོའི་གཏམ་རྒྱུད་རྗེས་ཀྱི

གཅོམ་ཆུང་གི་ལྷ་ས  ལྐོག་གཡོའི་ལྷ་ས

འཇིགས་སྐྲག་དང་དོགས་ཟོན་གྱི་ལྷ་ས

ཆང་དང  བརྩེ་བ་སམ་སིམ་གྱི་ལྷ་ས

 

འདར་སིག་སིག་གི

མ་ཡིན་ཡིན་མདོག་གི

འགྲེལ་བཤད་ཁ་ཤས་ཁྲོད་རུལ་གྱིན་པའི

 

ཨར་འདམ་གྱིས་བཟོས་པའི

དུས་ཁྲོད་ཅིག་གི་སྙིང་ཀར་འགྱིང་བའི་ལྷ་ས་ལགས

                                              -དབུས་པའི་གཏམ།

                 

རང་ཉིད་བོར་ཟིན་པའི   སྐབས་འདིར

པོ་ཏ་ལ་ནི

སུ་ཞིག་གི་ཁ་གཏད་ན་པུས་ཚུགས་སུ་སྡོད་པའི

བྲང་ཁ་སྟོང་བ་དེ་ཡིན་ནམ

 

ཉི་འོད་ཀྱི་མགྲིན་པ་འགག་རྗེས་ཀྱི

ལོ་ངོ་སྟོང་གི

ཕ་བོང་ཁེར་རྐྱང་ཞིག་གི

སྐྱོ་ངལ་སྲ་མོ་དེ་ཡིན

 

ཡང་ན  ལྷ་སའི་མཆོད་རྐོང་དུ་བླུགས་པའི

སེར་ཧང་ཧང་གི

མར་ཁུ་ཐིགས་པ་གཅིག་པོ་འདི

སྟོང་བའི་སྙིང་ཀ་ན་སྐམ་ལ་ཉེ་བ་ལས

གཞན  སྦར་མཁན་ཞིག་མི་འདུག

 

དོན་ངོ་མར

ངས   རང་ཉིད་གསོག་གསོག་པའི

མིག་ཆུ་ཉུངདྲག་ཏེ

པོ་ཏ་ལའི་ནག་ཐིགས་གཅིག་ཀྱང་འཁྲུ་མི་ཐུབ་ལ

 

དེ་ལས་ཀྱང

པོ་ཏ་ལའི་ལག་ནང་གི་རང་ཉིད

ནད་ཡམས་ཤིག་ཡིན་པའང་ཤེས་ཀྱི་མི་འདུག

ལོ་རྒྱུས་ནི་སུ་ཞིག་གི་སྙིང་ཀའི

གཟིམ་ཚར་བའི་མར་མེ་ནག་ཐིང་ཐིང་དེ་ཡིན་ནམ

སྟོད་ཀྱི         ཉི་མ་ལྷ་ས་ལགས

 

སྙིང་བོ་མེད་པའི་སྙན་ངག་ཅིག་གི་ཡིག་ཕྲེང་དང་འདྲ་བའི

ལྷ་སའི་སྲམ་ལམ་དག་བརྒལ་ན

 

ངས   སྤྲང་ཁུག་ཁུར་བའི

བོད་ཡིག་གི་རྒན་པོ་གྱོལ་བོ་ཞིག་མཐོང་ལ

དེ་དང་ལྷན་དུ

རང་ཉིད་ཀྱི་བྲང་ཁ་ན་འགོས་ནད་ཅིག་ལྟར་ཆགས་པའི

ཐ་སྙད་ཁ་ཤས   འདང་བརྒྱག་གི་ལག་མཐིལ་ཏུ

འདར་ལྕུག་ལྕུག་ངང་འཐོར་འོངས

 

ལག་པའི་ནང་དུ་ལག་པ་བཞག་དུས

སེམས་པ

ཤེས་མེད་ངང་འཕྲོག་འགྲོ་བའི་འཚམས་འདྲི

 

དོགས་ཟོན་གྱི་སྣེ་མོ་ན་ཟེགས་ཀྱིན་པའི

བརྩེ་བ་དང

རུས་པའི་གསེབ་ཀྱི་སྐམ་གྱིན་པའི་ཁྲག་ཐིགས

 

དམར་དྲི   གཡེམ་དྲི  ཆང་དྲི

རླུང་གི་སྣ་ཁུང་བསུམས་རྗེས་ཀྱི

ལྷ་སའི་དྲི་མ་དག

 

ངས   རང་ཉིད་མ་བསད་པར

ལྷ་སའི་སྐམ་རུལ་གྱི་སྲང་ལམ་དག་བརྒལ་དཀའ་འདུག

མཚན་མོ་ནི་ཉི་མའི་བྲང་ཁ་ནས་བཞུར་བའི

སྡུག་བསྔལ་ཐིགས་པ་གཅིག

 

མཚན་མོ་འདིར  ང་རང

རང་གི་སེམས་པ་ལྟར་ཁ་ཤོ་སྣ་རུལ་ཏུ་གྱུར་བའི

ལྷ་སའི་གྱང་ར་རྙིང་བ་ཞིག་ན་ཡོད

 

ཕ་ཡུལ་ནས་རང་ཁྱིམ་མ་མཐོང་བའི

མིག་ཟུང་འདིས  དོ་ནུབ་ཡང

ཡུན་རིང་ལ་དྲན་པའི་ལྷ་སའི་དེ་དག་མཐོང་གི་མི་འདུག

 

མཚན་མོ་འདིའི་རྒྱབ་ཏུ

སྐུང་མཁན་གཞན་ཞིག་ཡོད་དམ

 

རལ་གྲི་ལྟ་བུའི་ཅི་ཞིག་གིས

བདག་གི་གློ་སྙིང་གི་གྲུབ་ཆ་འདྲ་བའི

ལྷ་སའི་ཕྱོགས་རེ་རེ་གསོད་ཀྱི་མེད་དམ

 

སྐབས་འདིར  རྨ་ཁ་ལྟ་བུའི་གློག་ཞགས་ཤིག་འཁྱུག་ནས

ཧོ་རིང་ལྟ་བུའི་འབྲུག་སྒྲ་ཞིག་གྲགས་ན

མིག་ཆུ་ལྟ་བུའི་ཆར་བ་ཞིག་བབས་ན

 

ངས   རང་ཉིད་ནི་སྐྱོ་གཞས་ཚན་པ་ཞིག་ཏུ་བཏང་ནས

དབེན་སིམ་སིམ་གྱི

འདར་སིག་སིག་གི

ལྷ་སའི་མཁའ་དབྱིངས་སུ་གཏོང་ཐུབ་བམ

སྐྱོ་གདུང་གི་ལག་མཐིལ་ན་འབུ་ནག་ཅིག་ལྟར་འགུལ་བའི

ཉམ་ཆུང་གི  ནུས་མེད་ཀྱི

སྤྲང་ཁུག་ཀྱང་བོར་བའི་ང་རང

ད་ལྟ     རྨ་ཁ་ལྟ་བུའི་ཁྱོད་ཀྱི་སྲམ་ལམ་ན་ཡོད

 

མི་ཚོགས་ནི 

དུས་ཚོད་ཀྱི་བདེན་པ་བརླག་བྱེད་ཀྱི

རྩེད་རྡེའུ་རེ་རེ་དང་འདྲ་ལ

ངའི་ཁོག་གི

བཞུ་མི་ཐུབ་པའི་སྐྲན་རྡོ་རེ་རེ་ཡང་ཅི་ལ་མིན

 

ང་ཡིས་སྙིང་ཉེ་བའི  ང་རང

གསོད་བྱེད་ཀྱི     གསོན་བྱེད་ཀྱི་ཉི་མ་ལྷ་ལགས

 

ངོ་གདོང་དང་སྐད་རིགས་དུ་མའི་ཁ་གཏད་ནས

འཕྲུལ་ཆས་དང་འུར་ཟིང་མང་བོའི་བར་གསེབ་ནས

ངས    ཁྱེད་རང

རང་གི་མཆི་མས་བཀྲུསཔའི་ཉི་མ་ལྷ་ས་ཡིན་པ

ངོས་ཀྱང་ཟིན་དཀའ

 

ཨར་འདམ་གྱི་སྲ་མཁྲེགས་བར་ནས

ཆུ་ཐིགས་ཤིག་ལྟར

རང་ཉིད་ཤོར་དང་འཆོར་གྱིན་པའི་ཉི་མ་ལྷ་ས་ལགས

དོན་ངོ་མར   ལྷ་ས་ནི

དེང་མའི་མཛེས་སྡུག་གི་སྙིང་བོ

གློག་འོད་ཀྱིས་བསྲེགས་ཚར་བའི་མཚན་མོ་ཕྱེད་ཀ་ཞིག་རེད

 

དོན་ངོ་མར  ལྷ་ས་ནི

རོ་སྒམ་ཉོ་མ་ཐུབ་པར་ལུས་པའི

བདག་གི      བེམ་རོ་འདང་ཆེན་དེ་ཡིན

 

ངས    རང་ཉིད་ལས་ཀྱང་རྒས་གཉེར་གྱིས་ཟིན་པའི

ལྷ་ས་བསམ་ན

འཁུན་སྒྲ་མེད་ལ་མིག་ཆུ་མེད་པའི

ལྷ་སའི་རྡོ་བ་དག་ལ་ལྕགས་ཀྱིས་ཐེངས་གཅིག་བྲབ་ན་འདོད་ལ

 

ལྷ་སའི་ས་ནག་གསེབ་ཀྱི་འབར་མི་ཚར་བའི

ཁྲག་ཐིགས་ལྟ་བུའི་མེ་ལྕེ་དག་གིས

ཉམ་ཆུང་གི  ནུས་མེད་ཀྱི་རང་ཉིད་བསྲེག་ནའང་འདོད་བྱུང

 

བོར་བརླག་གི་གས་སྲུབས་ཏུ

འཐིམ་དང་འཐིམ་གྱིན་པའི་ལྷ་ས་ལགས

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།