སྙན་ངག་རིང་མོ། དབུས་ལ་སོང་བའི་སྒྲུང་།༢

དང་པོ།  དབུས་ལམ་རིང་མོ

རྙིང་དྲག་ཏེ་ས་ཆེན་གྱི་རྨ་ཁ་ལྟ་བུའི

གཅོང་རོང་ཟབ་མོ་དང   གྲངས་མེད་པའི་སྒང་གཞོང་རེ་རེ

ལོ་ན་དང་ཁྱིམ་གཞི་མི་གཅིག་པའི་དབུས་པ་ཚོས

ངལ་མི་སྲིད་པའི

ཡིད་ཀྱི་གོམ་པ་གང་རེ་གང་རེས་གཞལ་གྱིན་འདུག

གཡུལ་འཁྲུག་དང་དམར་གསོད་ཀྱི་འཇིགས་པ་ཐེབས་དྲག་ནས

ཁྲག་དྲོན་ལྷོག་ལྷོག་བརྡོལ་བ་ལྟ་བུའི

གངས་རིའི་གཏམ་རྒྱུད་ཀྱི་གཙང་བོ་རེ་རེར་ཡང

དབུས་པ་ཚོ  ཤུགས་ཀྱིས་བརྒལ་གྱིན་འདུག

སྐབས་འདི་ནི

མ་ཡུམ་གྱི་ཕྱག་ནང་གི་བརྩེ་བ་ངོམས་འདྲའི

མཛེས་སྡུག་དང  སྒྱུ་འཕྲུལ་གྱི་དཔྱིད་མགོ་ཞིག་ཡིན་ལ

དབུས་པ་ཚོས

ས་སྲོད་རེ་རེའི་ཁ་ནང་དུ་བསང་མེ་སྦར་གྱིན

ཞོགས་པ་རེ་རེའི་ཐོང་ཀ་རུ་སྨོན་ཚིག་འབུལ་གྱིན

གནམ་མཐའི་ཉི་མ་བཞིན་འཚེར་བའི

ཐག་རིང་གི   ལྷ་དང་རྡོ་བས་གྲུབ་པའི་ཉི་མ་ལྷ་སའི་ཕྱོགས་སུ

སྐྱ་ཟད་སྔོ་སྡུག་གི་དུས་སུ

མཚེར་ས་གསར་བར་སྤོ་བའི་རུ་སྡེ་ཞིག་དང་འདྲ་བར

རེ་བ་ཆེན་པོས  མཚམས་མེད་པར་བསྐྱོད་ཀྱིན་འདུག

བཙན་པོའི་དུས་སུ  མཐའ་འདུལ་ཡང་འདུལ་ལ

ཐབས་ཇུས་དང་དྲག་པོའི་མཚོན་ཆ་ཁྱེར་སའི་ལམ་བུ་འདི་ནས

མགར་གྱིས  རང་གི་ཚེ་ཕྱེད་ཀྱི་ཟུངས་ཁྲག

ཉི་འོད་བཞིན་དྲོད་ལམ་མེར་བཀྲམ་སའི་གནས་འདི་ནས

ད་ལྟ  ས་སྲོད་ཀྱི་སྒལ་བ་ནག་པོའི་སྟེང་ནུར་གྱིན་པའི

དབུས་པ་དག་ལས

ལོ་རྒྱུས་ཀྱི་ཡིག་འབྲུ་ཕུན་སུམ་ཚོགས་པའི་སྙན་ངག་ཅིག

མཐོང་མི་ཐུབ་ལ  དེ་ལས་ཀྱང

མི་དང་རི་དྭགས་ཀྱི་ཁྲག་དྲོན་འཐོར་མ་མྱོང་བའི

རྩྭ་ས་གཙང་མ་ཞིག

ཆུ་བོ་ཁྲི་ཕྲག་གིས་བཀྲུས་ཀྱང་མི་རྙེད་མི་ཐུབ

བྱང་གི་ས་མཚམས་འདི་དུར་ས་བཞིན་སྟོང་བར་གྱུར་བ་ནས

དཔའ་བོའི་གཤིས་རྒྱུད་ལྟར

སྲ་ཞིང་མཁྲེགས་པའི་གྲི་མདུང་དག་བཙའ་ཡིས་ཟིན་པ་ནས

མེད་མུག་གི་སྤྲང་ཁུག་ནས

རང་གི་རྨ་ཁ་རང་གིས་བལྡག་ཉིན་ནས

མཆི་མས་བརླན་པའི་འཇིག་རྟེན་གྱི་མིག་མཐའ་དཔྱངས་པ

ཆུང་དུས་ཀྱི་རྩེད་ར་དྲན་པ་ལྟར་གྱི

ཐག་རིང་གི་ཉི་མ་ལྷ་ས་དྲན་མཁན་གྱི་དབུས་པ་དག་ལས

དེང་མའི  དཀའ་སྡུག་གི་ཅི་ཞིག

རང་གི་ལུས་སྟེང་ནས་རྔུལ་ཆུ་བཞིན་འགྲིལ་ཏེ

ཚར་གྱིན་པ་ཚོར་མཁན་ཞིག  རྙེད་པར་དཀའ་ཨང

ཐོག་མའི་དུས་ནས

སྔོ་སིང་སིང་གི་ཁུགས་ནས་ཤི་རོ་ཞིག་ལྟར་འཇགས་པའི

ཆར་དང   ཉི་ཟེར་གྱིས་ཡང་ཡང་ཕྱིས་པའི་ནམ་མཁའ

རླུང་དང་གློག་ཞགས་མཚམས་མེད་པར་འཁྲུག་སའི

མུན་པའི་བཀབ་རུང

དུས་ཀྱི་མཆི་མ་ལྟ་བུའི་སྐར་མ་ཁྲ་ལམ་མེར་བཀྲ་སའི་ནམ་མཁའ

མེས་པོའི་དུས་ནས་ཐང་ལ་ལྷུང་མ་མྱོང་བའི

དབུས་ལ་འཐེན་པའི  ནམ་མཁའ་འདིའི་འོག་ན

དེང་མའི་མཁས་མཛངས་ཀྱི་ཕྲག་པ་གནམ་ལ་ཟུག་པའི

རི་རབ་ཅི་འདྲ་ཞིག་དང

ལོ་རྒྱུས་ཀྱི་འཁྱག་པ་དབུ་ལ་བསྣབས་པའི་རི་རབ་ཅི་འདྲ་ཞིག

བཤིག་ཟིན་པའི་མཁར་གྱང་ཞིག་གི

སྲ་མཁྲེགས་ལྟ་བུའི་རྡོ་དང་གཡའ་མའི་གསེབ་ན

འགྲེང་ནས་ཡོད་དམ

ཡང་ན   གཟབ་ནན་གྱི་སོ་བ་ཞིག་ལྟར

དུས་ཀྱི་དཀྱོགས་མཚམས་རེ་རེ་ན་རྒྱང་མིག་བརྐྱངས་ནས་ཡོད

སུ་ཞིག་གི  མཛེས་སྡུག་གི་ཁུར་བོ་ལྗིད་དྲག་པའི

དབུས་ལམ་འདི་ན

སྐོམ་དྲག་པའི   ས་སྟོང་ལུང་སྟོང་མང་བོ་ཞིག

མཚོན་ཆས་སྟོང་བའི་དམག་མི་བཞིན

ཅི་འདྲའི་ཉམ་ཐག་ཨང

ལོ་ངོ་གྲངས་མེད་ཀྱི  ཉི་མ་ཁེར་རྐྱང་ནི

ནམ་མཁའ་སྔོན་པོའི་མིག་ཆུ་ཐིགས་པ་གཅིག

བརྩེ་བ་ཟབ་དྲག་པས

མུན་པ་ལྟ་བུའི་མིག་ཟུང་ནག་པོ་ཞིག་ནམ་ཡང་བཙུམ་མི་སྲིད་མོད

འོན་ཀྱང   རྡོ་རྗེ་ལྟ་བུའི་མེས་པོ་དེ

ད་ལྟ  དབུས་ལམ་རིང་མོ་འདིའི

ལོ་རྒྱུས་ཀྱི་མཛེས་པ་ཡོད་ཚད་བུད་ཤིང་ལྟར་བསྲེགས་རྗེས་ཀྱི

སོལ་བ་ལྟ་བུའི་ས་ནག་གི་གསེབ་ན་ཡོད་དམ

སྟོང་བ་ལས་ཀྱང

དབུལ་དྲག་པའི་རླུང་བུ་ལྡོམ་པོ་ཚོའི་སྤར་ནང་ན་ཡོད

ད་ལྟ   ངས་རང་གི་འདང་བརྒྱག་གི་ཕྲག་པར

དམྱལ་བའི་སྡུག་བསྔལ་ལས་ལྕི་བའི

རྡོ་གསེབ་ལྕགས་གསེབ་ཀྱི་བརྩེ་བའི་མཆི་མ་ཁུར་ཡོད

ཉིན་གྱི་རྨ་ཁ་ན་འབར་གྱིན་པའི་ཞེ་སྡང་དང

མཚན་གྱི་བྲང་ཁོག་ན་འདར་གྱིན་པའི་འཇིགས་པ་ཁུར་ཡོད

དོན་ངོ་མར  དབུས་ལམ་ནི

རང་ཁྱིམ་དྲོན་མོ་དུས་ཚོད་ཀྱི་ཀློང་ཆེན་པོར་རུ་སྤར་རྗེས་ཀྱི

མེ་རོ་རུམ་པའི་ཐབ་ཀ་ཁེར་འདུག་ཅིག

ཆར་བའི་མིག་ཆུ་དང

རླུང་བུའི་སྐྲག་འདར་གྱི་དབུས་ན

རང་གི་སྙིང་ཀར་རང་ཉིད་ཙོག་པ་ལྟ་བུའི

ཧ་ཅང་ལྗིད་ལ  སྐྱོ་གདུང་གི་རྐྱེན་གྱིས་ཡར་ལངས་མ་མྱོང་བའི

མེས་པོའི་མཆོད་པ་ལྟ་བུའི་གངས་རིའི་ཕྲེང་བ

ཡུམ་གྱི་བརྩེ་བ་ལྟར་སྐམ་མ་མྱོང་ལ

ཡབ་ཀྱི་བྲང་ཁ་ལྟ་བུའི   ས་གཞི་ན

མིག་ཆུའི་ཐིགས་པ་ལྟར་སུས་ཀྱང་འཕྱི་མི་ཐུབ་པའི

མཚེའུ་དང་མཚེའུ་ཚོམ་བུ

སྡུག་བསྔལ་གྱི་ཁུ་སིམ་མེའི་སྣང་བ་དེ

རང་ཉིད་མཆོད་མེ་ལྟར་བསྒྲོན་པའི་མི་སྐོར་ཞིག་གིས

ཁྱོད་ཀྱི་སྒལ་གཞུང་ནས

ཇི་ལྟར་འཚོལ་དགོས  བདག་གི་དབུས་ལམ་ཡ

ཐག་རིང་དག  ལྕགས་མཁར་ཞིག་ལྟར

བདག་གི་མི་ཚེའི་མཐའ་འཁོར་ན་སྲ་མཁྲེགས་ཀྱིས་གྲུབ་པས

ངས    རང་ཉིད་ཀྱི་ལུས་སྟེང་གི་ན་ཟུག་དང་འདྲ་བའི

དབུས་ལམ་འདིའི་སྒྲ་མི་འདུག་པའི་འཁུན་སྒྲ་ཡོད་ཚད

ཁྲག་གི་ཚ་དྲོད་ཀྱིས་བཞུ་གྱིན

ལོ་ངོ་ཅི་འདྲ་མང་བོ་ཞིག་ལ

ནམ་མཁར་ལག་པ་སྟོང་བ་བསེད་པའི་དབུས་ལམ་འདི

རང་གི  བྲང་ཁའི་ནོར་བུ་འཇོག་སའི་བང་མཛོད་དུ་གཏོང་ངེས

དོན་ངོ་མར  དབུས་ལམ་འདི

འཐོབ་མ་མྱོང་བ་ཅི་འདྲ་མང་བོ་ཞིག་བྲང་ཁར་སྦྱར་སའི

རེ་སྒུག་གི་ས་སྟོང་ལུང་སྟོང་ཞིག་ཨང

ཡིད་ཀྱི་སྦྲ་གུར་དང

དེང་མའི   མཁས་མཛངས་ཀྱི་མཚོན་ཆ་མང་པོ་ཞིག

དུས་ཚོད་ཀྱི་དུར་སར་བསྐྱལ་སའི་ས་སྟོང་ལུང་སྟོན་ཞིག་ཨང

ཡོད་ཚད་ལོ་རྒྱུས་ཀྱི་ཇག་པས་ཁྱེར་ཚར་བའི

ས་སྟོང་ལུང་སྟོང་འདི་ནས

ད་ལྟ   ངས་ཤི་ཚར་བའི་བདེན་དོན་གྱི

རུས་པའང་མི་མཐོང་བ་ཅི་རེད

ཉི་འོད་ཀྱི་ཟབ་ས་ལས་ཀྱང་ཚ་དྲོད་འབར་བའི

དཔའ་བོའི་ཁྲག་ཐིགས་ཀྱི་མེ་སྟག་ཙམ་ཡང་མི་མཐོང་བ་ཅི་རེད

མཛེས་སྡུག་གི་གཏམ་རྒྱུད་ཡོད་ཚད

ས་སྟོང་ལུང་སྟོང་དུ་གྱུར་བའི་གནས་འདི་ནི

ད་ལྟ  ཟ་འཐུང་གི་ཁུར་བོ་ཙམ་ལས་མེད་པའི

མི་མང་བོ་ཞིག

འདང་བརྒྱག་གི་གོམ་པ་གང་རེ་རེ་སྤོ་སའི་དབུས་ལམ་རེད

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་རིང་མོ། དབུས་ལ་སོང་བའི་སྒྲུང་།༢

2010-03-08 མདའ་བཙན་པོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།