མེ་ཁ་ན་འཕྱོ་བའི་བཞིན་པའི་སེམས་པ་ཚོ།

ཉམ་ཆུང་གིས་སྡོད་པའི་རི་སྡེ་བ།

ཁྱོད་ཀྱིས་ངོ་གདོང་འགེབས་བྱེད་ཀྱི་ལག་པ་རྒས་ཟིན་པས།

རང་ས་ནའང་རང་ལུས་རྐྱོང་བའི་གནས་ལུགས་ཤིག་མེད་པ་འདྲ།

དེ་ནི་ཁྱིམ་གཞིའི་འཛིན་མཁན་ལ་བློ་གཏད་མེད་པས་ལན་ནམ།

ཡང་ན་རང་ཉིད་ལ་གོ་ལོག་ཆེན་པོ་ཞིག་བྱུང་སོང་།

 

ཁྱོད་ཚོ་འོད་ཟེར་ལ་དེ་འདྲའི་ཞེན་དོན་མཚན་མོ་མང་བས་ཡིན།

སྐབས་འདིར་འཁྲུལ་སྣང་ཆེས་མོད་ཚད་ཡིན་པས།

སློག་ཐུ་དང་མགོ་སྐྲ་ལ་སྒེར་ཚུགས་ཀྱིས་སྲུང་སྐྱོབ་མ་བྱས་ཚེ།

མུན་ནག་ཁྲོད་རང་སྲོག་བསྲེགས་སོང་བའི་གཤོག་ཐོགས་དེ་ཚོ།

བསམ་བཞིན་དུ་མཁའ་དབྱིངས་ནས་ཤི་བའི་ཉམ་ཐག་གི་བེམ་པོ་ཡིན་ལ།

ང་ཚོའི་དུར་སའང་རང་ཉིད་ཀྱི་རྩིབ་མ་གཡས་གཡོན་ན་གཞི་བཅས་ཡོད།

 

མི་ལོ་འགའི་སྔོན་ལ་མུན་རུབ་པ་ནས།

ཚེ་སྲོག་གིས་འཇིགས་སྣང་ཞིག་མ་བཟོད་པར་དབྱིངས་སུ་འགོས།

འཚོལ་སྙེག་དང་རེ་བལྟས་ཀྱི་མིག་ཟུང་ཅི་ལྟར་བགྲད་ཚེ།

མཚན་གཞུང་གི་ཤམ་ལྭ་དམར་པོ་རླུང་གིས་སྐྱོད་ཀྱིན་ཧ་ཅང་མཛེས།

འོན་ཀྱང་། དེ་ན་མིག་ལམ་གསལ་བའི་བདེ་དྲོད་ཀྱི་ལམ་བུ་ཞིག་མེད་ལ།

བློ་སེམས་གཅིག་ཏུ་གཏད་ཆོག་པའི་མཛའ་མོ་ཞིག་ཀྱང་གཏན་ནས་མེད།

 

རྩོམ་ཁུངས། ༢༠༠༩ལོའི་རིག་གནས་ཡར་སྤེལ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མེ་ཁ་ན་འཕྱོ་བའི་བཞིན་པའི་སེམས་པ་ཚོ།

2010-03-07 མ་སངས་མཁའ་འགྲོ། ཀློག་གྲངས། མཆན ཡོད།

ཉམ་ཆུང་གིས་སྡོད་པའི་རི་སྡེ་བ།

ཁྱོད་ཀྱིས་ངོ་གདོང་འགེབས་བྱེད་ཀྱི་ལག་པ་རྒས་ཟིན་པས།

རང་ས་ནའང་རང་ལུས་རྐྱོང་བའི་གནས་ལུགས་ཤིག་མེད་པ་འདྲ།

དེ་ནི་ཁྱིམ་གཞིའི་འཛིན་མཁན་ལ་བློ་གཏད་མེད་པས་ལན་ནམ།

ཡང་ན་རང་ཉིད་ལ་གོ་ལོག་ཆེན་པོ་ཞིག་བྱུང་སོང་།

 

ཁྱོད་ཚོ་འོད་ཟེར་ལ་དེ་འདྲའི་ཞེན་དོན་མཚན་མོ་མང་བས་ཡིན།

སྐབས་འདིར་འཁྲུལ་སྣང་ཆེས་མོད་ཚད་ཡིན་པས།

སློག་ཐུ་དང་མགོ་སྐྲ་ལ་སྒེར་ཚུགས་ཀྱིས་སྲུང་སྐྱོབ་མ་བྱས་ཚེ།

མུན་ནག་ཁྲོད་རང་སྲོག་བསྲེགས་སོང་བའི་གཤོག་ཐོགས་དེ་ཚོ།

བསམ་བཞིན་དུ་མཁའ་དབྱིངས་ནས་ཤི་བའི་ཉམ་ཐག་གི་བེམ་པོ་ཡིན་ལ།

ང་ཚོའི་དུར་སའང་རང་ཉིད་ཀྱི་རྩིབ་མ་གཡས་གཡོན་ན་གཞི་བཅས་ཡོད།

 

མི་ལོ་འགའི་སྔོན་ལ་མུན་རུབ་པ་ནས།

ཚེ་སྲོག་གིས་འཇིགས་སྣང་ཞིག་མ་བཟོད་པར་དབྱིངས་སུ་འགོས།

འཚོལ་སྙེག་དང་རེ་བལྟས་ཀྱི་མིག་ཟུང་ཅི་ལྟར་བགྲད་ཚེ།

མཚན་གཞུང་གི་ཤམ་ལྭ་དམར་པོ་རླུང་གིས་སྐྱོད་ཀྱིན་ཧ་ཅང་མཛེས།

འོན་ཀྱང་། དེ་ན་མིག་ལམ་གསལ་བའི་བདེ་དྲོད་ཀྱི་ལམ་བུ་ཞིག་མེད་ལ།

བློ་སེམས་གཅིག་ཏུ་གཏད་ཆོག་པའི་མཛའ་མོ་ཞིག་ཀྱང་གཏན་ནས་མེད།

 

རྩོམ་ཁུངས། ༢༠༠༩ལོའི་རིག་གནས་ཡར་སྤེལ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།