དྲན་པའི་ཡུལ་ཕྱོགས།

ཟླ་འོད་རབ་རིབ་ཀྱི་མཚན་མོ་འདིར

ཡིད་འོང་གི་གཏམ་རྒྱུད་རུམ་གང་བཏེགས་ནས

རྒྱང་རིང་གི་ཁྱོད་ངའི་སྔས་གོང་ལ་བབས་བྱུང

རྨི་ལམ་མིན་པའི་རྨི་ལམ་གྱི་ཀློང་ནས  ཁྱོད་ནི

ངའི་ཚར་དཀར་གོང་ཁས་ཀྱི་མགྲོན་པོ་ཡིན

ངའི་སྐྲ་ལོ་སྨུག་པོར་མདུད་པའི་གསང་བ་ཡིན

 

ཁྱོད་འགྲོ་ཁར་ངའི་སྙིང་ཆུང་བརྐུས་ནས་བུད་སོང

ཁྱོད་འགྲོ་ཁར་ངའི་འཚོ་བའི་ཞིམ་མངར་ཁྱེར་ནས་བུད་སོང

ཁྱོད་མེད་པའི་ལོ་ཟླ་དགུན་གཞུང་རིང་མོ་རེད

ཁ་བ་ལེབ་མོ་རེ་རེ་ངས་ཁྱོད་ལ་བསྐུར་བའི་གསང་འཕྲིན་ཡིན

ཁྱོད་མེད་པའི་ལོ་ཟླ་མཚན་གཞུང་རིང་མོ་རེད

སྐར་མའི་འོད་ཟེགས་རེ་རེ་ངས་ཁྱོད་ལ་དྲན་པའི་མཆི་མ་ཡིན

 

སང་ཉིན་ཁྱོད་རང་དཔྱིད་ཀྱི་ཁ་བ་བཞིན་སུ་ཡི་སྤང་ལ་ཞི་ཞིང་འཐིམ་འགྲོ་ཡང

སང་ཉིན་ཁྱོད་རང་སྟོན་གྱི་ཁྲུང་ཁྲུང་བཞིན་སུ་ཡི་ལྷོ་རུ་ཕྱོགས་ཏེ་འཕུར་འགྲོ་ཡང

བརྩེ་ཞེན་ཞིག་གིས

ང་ལ་ད་དུང་ཁྱོད་རང་དྲན་དུ་འཇུག་སྲིད

མནའ་ཚིག་ཅིག་གིས

ང་ལ་ད་དུང་ཁྱོད་རང་གླེང་དུ་འཇུག་སྲིད

 

རྩོམ་ཁུངས། ༢༠༠༧ལོའི་གངས་རྒྱན་མེ་ཏོག

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དྲན་པའི་ཡུལ་ཕྱོགས།

2010-01-11 ཁ་བ་ལྷ་མོ། ཀློག་གྲངས། མཆན ཡོད།

ཟླ་འོད་རབ་རིབ་ཀྱི་མཚན་མོ་འདིར

ཡིད་འོང་གི་གཏམ་རྒྱུད་རུམ་གང་བཏེགས་ནས

རྒྱང་རིང་གི་ཁྱོད་ངའི་སྔས་གོང་ལ་བབས་བྱུང

རྨི་ལམ་མིན་པའི་རྨི་ལམ་གྱི་ཀློང་ནས  ཁྱོད་ནི

ངའི་ཚར་དཀར་གོང་ཁས་ཀྱི་མགྲོན་པོ་ཡིན

ངའི་སྐྲ་ལོ་སྨུག་པོར་མདུད་པའི་གསང་བ་ཡིན

 

ཁྱོད་འགྲོ་ཁར་ངའི་སྙིང་ཆུང་བརྐུས་ནས་བུད་སོང

ཁྱོད་འགྲོ་ཁར་ངའི་འཚོ་བའི་ཞིམ་མངར་ཁྱེར་ནས་བུད་སོང

ཁྱོད་མེད་པའི་ལོ་ཟླ་དགུན་གཞུང་རིང་མོ་རེད

ཁ་བ་ལེབ་མོ་རེ་རེ་ངས་ཁྱོད་ལ་བསྐུར་བའི་གསང་འཕྲིན་ཡིན

ཁྱོད་མེད་པའི་ལོ་ཟླ་མཚན་གཞུང་རིང་མོ་རེད

སྐར་མའི་འོད་ཟེགས་རེ་རེ་ངས་ཁྱོད་ལ་དྲན་པའི་མཆི་མ་ཡིན

 

སང་ཉིན་ཁྱོད་རང་དཔྱིད་ཀྱི་ཁ་བ་བཞིན་སུ་ཡི་སྤང་ལ་ཞི་ཞིང་འཐིམ་འགྲོ་ཡང

སང་ཉིན་ཁྱོད་རང་སྟོན་གྱི་ཁྲུང་ཁྲུང་བཞིན་སུ་ཡི་ལྷོ་རུ་ཕྱོགས་ཏེ་འཕུར་འགྲོ་ཡང

བརྩེ་ཞེན་ཞིག་གིས

ང་ལ་ད་དུང་ཁྱོད་རང་དྲན་དུ་འཇུག་སྲིད

མནའ་ཚིག་ཅིག་གིས

ང་ལ་ད་དུང་ཁྱོད་རང་གླེང་དུ་འཇུག་སྲིད

 

རྩོམ་ཁུངས། ༢༠༠༧ལོའི་གངས་རྒྱན་མེ་ཏོག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།