གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཐོང་སྣང་།

2010-01-08 18:00:00 ཁྱུང་བཟང་། ཀློག་གྲངས། མཆན ཡོད།

རྒྱུ་ནོར་གྱི་སྐོམ་པས་གཟིར་བའི་མི་ཚོགས་ལས

ངས་ཀྱང་དབུགས་ཧལ་ཧལ་དུ

འཁོར་བ་ཞིག་སྐྱོང་བའི་མ་རྩ་འཚོལ་བར་བྱས

ལ་ལ་དག་འཇེབ་འཁོར་ལས་ཕེབས་དུས

ངའི་རྐང་མཐིལ་ལ་ན་ཟུག་གི་སྨུག་སྤྲིན་ལྡིང་ཞིང

ལ་ལ་དག་རྐང་རྗེན་དུ་བཞུད་དུས

ངའི་ཡ་ཁོག་ལ་ལྷོད་བག་གི་མཚོ་མོ་འཁྱིལ་སོང

དེ་ནས་ཀྱང་བབ་བརླིང་གི་གདན་ལ་བཞུགས་ཏེ

འོ་ཇ་ཞིག་འཐུང་འདོད་སྐྱེས་བྱུང

མ་གཞི  སྐོམ་པ་དེ་གང་ནས་བྱུང་ངམ

ངས་ཡུན་རིང་ལ་བསམ་བློ་བཏང་ཞིང

ངས་ཡུན་རིང་དུ་ཞིབ་རྩིས་རྒྱག་དུས

འོ  དེ་ནི་འདོད་ཡོན་གྱི་ཟིལ་ཤུགས་ཡིན་འདུག

དེ་ནི་ལོངས་སྤྱོད་ཀྱི་བསླུ་བྲིད་ཡིན་འདུག   ད་དུང

དུས་ཚོད་ཀྱི་ཀུ་རེ་དང་དངོས་ཡོད་ཀྱི་ཚོད་བགམ་ཡང་ཡིན་འདུག

 

རྩོམ་ཁུངས། ༢༠༠༧ལོའི་གངས་རྒྱན་མེ་ཏོག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།