གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྷ་ཡུལ།

2009-12-30 21:00:00 བྱ་གཞུང་དབྱངས་བྷ། ཀློག་གྲངས། མཆན ཡོད།

ཁ་བ་འབབ་དུས   ང་བྱང་ཐང་ན་ཡོད

ལྕགས་སྒམ་གྲུ་བཞིའི་ནང་ལོགས་ནས་ཅ་ལག་བཞིན་བསྡད་ཡོད

 

ཁ་བ་དང  ཁ་བའི་ཁྲོད་ཀྱི་མི་ཕྱུགས་དེ་ཚོ་ཧ་ཅང་མཛེས་ཟེར

ལྷ་ཡུལ་རང་རེད་ཟེར  པར་ཆོས་ངོས་ཀྱི་ལྷ་ཡུལ་དུ

སྒྱུ་རྩལ་བརྩམས་ཆོས་ཡིན་པའི་མི་ཕྱུགས་དེ་ཚོ་འདར་སིག་སིག་བྱེད

 

ངས་རང་ཉིད་ནི་ལྷ་ཡུལ་གྱི་ཅ་ལག་ཅིག་ཡིན་པ་དྲན་བྱུང

ལྷ་ཡུལ་གྱི

གཟུགས་ཡོད་གཟུགས་མེད་ཀྱི་ཁ་བ་བུ་ཡུག་ཀྱང་དྲན་བྱུང

ཚོན་རྩི་གང་རུང་བསྒོས་པའི  ལུས་མེད་འཁྱགས་པས་བསྡམས་པའི

ངའི་ལྷ་ཡུལ་གྱི་ཅ་ལག་དག

གཉོམ་འཁུམ་འཁུམ་དུ་འཚོ་བ་དྲན་བྱུང

ལྷ་ཡུལ་དུ  གྲང་ངར་ཡོད་མི་སྲིད  ཡོད་མི་སྲིད

ལྷ་ཡུལ་དུ

དྲོད་ཁོལ་དང་མཛེས་སྡུག་ཁོ་ན་ལས་ཅི་ཡང་ཡོད་མི་འོས

ཁ་བ་བབས་བྱུང  ཁ་བ་ནི

ཇ་ཚ་བོ་འཐུང་མཁན་ཚོའི་སྣ་ཁུང་ལས་བཏོན་པའི་རླངས་པ་དཀར་པོ་དེ་ཡིན་ནམ

 

རྩོམ་ཁུངས། ༢༠༠༩ལོའི་གངས་རྒྱན་མེ་ཏོག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།