གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ནམ་མཁའ།

2009-12-29 20:20:00 ལྷ་རྒྱལ་ཚེ་རིང་། ཀློག་གྲངས། མཆན ཡོད།

 ཁྱོད་ཉིད་ཀྱིས་སྔོ་སངས་ནམ་མཁའ་དེ་ཉིད།

གྱེས་བྲལ་གྱི་འཛུམ་དམུལ་གྱིས་ཁྱེར་རྗེས།

 

སྡོང་ལོ་སྔོན་པོ་འགའ་བདག་གི་ལམ་དུ་འཐོར་ཞིང་།

སྤྲིན་ནག་འཕྲལ་མར་འཐིབས་ཏེ་ཆར་བ་ཤག་ཤག་བབས།

 

སྙན་ངག་རིས་སུ་ཕབ་པའི་རབ་དཀར་ཤོག་ལྷེ་དེ་དག

ཆར་གྱིས་བརླན་ཞིང་རླུང་བུས་ལྷབ་ལྷུབ་སྐྱོད།

 

ཀྱག་ཀྱོག་ལམ་ཕྲན་འདམ་རྫབ་ཉིད་དུ་བཟོས།

སེམས་ཁམས་འདི་ཉིད་ཤ་འོད་དག་གིས་བསྣུབས།

 

ཁྱོད་ཉིད་རྒྱང་དུ་ཕྱིན་པའི་ཕྲ་ལྕུག་རྒྱབ་གཟུགས་དེ།

ཆར་སྨུག་འཐིབས་པའི་རི་བོའི་སྐེད་དུ་ཡལ།

 

དྲ་མའི་ཤེལ་གྱིས་ངོས་སུ་མཆི་མ་ཆར་དུ་བཞུར་ལ།

དྲོད་རླངས་ཡང་ཡང་འཐུལ་བས་མཐོང་ལམ་སྒྲིབ་པར་བྱེད།

 

རྩོམ་ཁུངས། ༢༠༠༦ལོའི་ཟླ་ཟེར།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།