སྦྲུམ།
འབྲས་བུ་མ་སྨིན་པའི་ཁམ་བུ་ཞིག
ལང་ཚོ་མ་སྨིན་པའི་བུ་མོ་ཞིག
རླུང་གིས་སྒུལ་གྱིན་པའི་བཟོ་ལྟ
ངའི་སྙན་ངག་གི་ཚིག་འབྲི་རེ་རེའི་གསེབ་ན་འདར་གྱིན་འདུག
དྲན་པའི་གདུང་བའམ ཡིད་ཀྱི་འགྱུར་བ་ལྟར
ཐ་སྙད་འཐམ་འཁྱུད་ཀྱི་བརྩེ་དུངས་ལས
མྱང་མི་ཚར་བའི་མཛེས་སྡུག་ཅིག
ངོ་བོ་གཞན་ཞིག་གི་གསང་སྟབས་ཀྱིས་ངའི་སེམས་ཀྱི་མངལ་དུ་སྦྲུམ
རྩོམ་ཁུངས། ༢༠༠༧ལོའི་གངས་རྒྱན་མེ་ཏོག