དགོན་པ་ཆུང་ཆུང་དང་གྲོང་སྡེ་ཆེན་པོ།

དགོན་པ་ཆུང་ཆུང་དེ་ཆུ་བོ་ཆེན་པོ་ཞིག་ཏུ་གཡེང་བའི་ཟླ་བ་ལྟར

ང་ལ་གཟུགས་བརྙན་སྐྱོ་བོ་ཞིག་བཞག་སོང

གྲོང་ཁྱེར་དེ་གློ་བུར་དུ་རྒྱས་ཤིང     འབྲོག་སྡེ་དེ་ཁང་བརྩེགས་སུ་འགྱུར་ཚུལ

གཏམ་རྒྱུད་མང་པོའི་གསེབ་ཀྱི་བུ་མོ་དང་འདྲ་བར་སྙིང་དུ་ཟུག་བྱུང

 

སྲོག་ཆགས་རྣམས་གནས་སྤོས་རྗེས  མི་རྣམས་ཀྱིས་ཚང་བཅོས་ཤིང

རི་བོ་དང་ཆུ་ཕྲན་ལའང་ཐ་སྙད་རེ་བྱིན་སོང

ལོ་རྒྱུས་ཀྱི་ངོ་གདོང་དུ་རྔུལ་ཆུ་ཟགས་ཤིང

མེས་པོ་རྣམས་ཡང་དང་ཡང་དུ་མིག་ལ་འཁོར་དུས

ཆང་ཁང་དུ་ཁ་རོག་གེར་སྡོད་པའི་ང་ཚོ་ལའང

རི་བོ་ལྟ་བུའི་སེམས་ཚེགས་ཤིག་མེད་པའི་ངེས་པ་གཏན་ནས་མེད

 

ལམ་ཕྲན་གྱི་སྣེ་མོ་ནས་གྲོག་མ་ལྟར་ཐོན་པའི་སློང་མོ་བ

སྒོ་དང་སྒེའུ་ཁུང་ནས་སླེབས་པའི་དྲི་མ་འདི་དག་ལྷ་དར་ལས་ཀྱང་མཛེས་ན

དགོན་སྡེ་འདིའི་སླ་ང་རུ་མེས་པོ་གཏོང་ཕོད་ཅན་ཞིག་གི་སེམས་རྒྱ་ཡོད་པའང་ཤེས་སྲིད

སྦྲ་གུར་སྔོ་མོ་ནས་བཀལ་བའི་འབྲོག་སྡེ་ཞིག་ལ་མཚོན་ན

མཚེར་ཤུལ་ནི་སྤྲང་པོ་ལ་བཞག་པའི་གཞིས་ཁྱིམ་གསར་བ་དེ་མ་ཡིན་ནམ

 

སྒོ་བྱང་གི་ངོས་ཀྱི་བག་འཁུམས་པའི་ཡིག་འབྲུ་དེ་ཚོ

“མི”ཞེས་པའི་ཡིག་མཁན་དེའི་ཕག་ཏུ་ཡིབ་པའི་ནས་ལོ་ངོ་མང་པོ་འགོར་ནའང

གཟི་བརྗིད་དང་ཁེངས་ཉམས་ཤུགས་བསྟན་དུ་ཡོད་པའི་བདག་པོའི་ལག་ནས

ང་ཚོས་ཁྱོད་ཚོ་འཆིང་བ་ལས་གྲོལ་བའི་ཐབས་ལ་འབད་པ་བྱ་ངེས

 

རྩོམ་ཁུངས། ༢༠༠༦ལོའི་གངས་རྒྱན་མེ་ཏོག

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དགོན་པ་ཆུང་ཆུང་དང་གྲོང་སྡེ་ཆེན་པོ།

2009-12-24 ཨ་རྡོར། ཀློག་གྲངས། མཆན ཡོད།

དགོན་པ་ཆུང་ཆུང་དེ་ཆུ་བོ་ཆེན་པོ་ཞིག་ཏུ་གཡེང་བའི་ཟླ་བ་ལྟར

ང་ལ་གཟུགས་བརྙན་སྐྱོ་བོ་ཞིག་བཞག་སོང

གྲོང་ཁྱེར་དེ་གློ་བུར་དུ་རྒྱས་ཤིང     འབྲོག་སྡེ་དེ་ཁང་བརྩེགས་སུ་འགྱུར་ཚུལ

གཏམ་རྒྱུད་མང་པོའི་གསེབ་ཀྱི་བུ་མོ་དང་འདྲ་བར་སྙིང་དུ་ཟུག་བྱུང

 

སྲོག་ཆགས་རྣམས་གནས་སྤོས་རྗེས  མི་རྣམས་ཀྱིས་ཚང་བཅོས་ཤིང

རི་བོ་དང་ཆུ་ཕྲན་ལའང་ཐ་སྙད་རེ་བྱིན་སོང

ལོ་རྒྱུས་ཀྱི་ངོ་གདོང་དུ་རྔུལ་ཆུ་ཟགས་ཤིང

མེས་པོ་རྣམས་ཡང་དང་ཡང་དུ་མིག་ལ་འཁོར་དུས

ཆང་ཁང་དུ་ཁ་རོག་གེར་སྡོད་པའི་ང་ཚོ་ལའང

རི་བོ་ལྟ་བུའི་སེམས་ཚེགས་ཤིག་མེད་པའི་ངེས་པ་གཏན་ནས་མེད

 

ལམ་ཕྲན་གྱི་སྣེ་མོ་ནས་གྲོག་མ་ལྟར་ཐོན་པའི་སློང་མོ་བ

སྒོ་དང་སྒེའུ་ཁུང་ནས་སླེབས་པའི་དྲི་མ་འདི་དག་ལྷ་དར་ལས་ཀྱང་མཛེས་ན

དགོན་སྡེ་འདིའི་སླ་ང་རུ་མེས་པོ་གཏོང་ཕོད་ཅན་ཞིག་གི་སེམས་རྒྱ་ཡོད་པའང་ཤེས་སྲིད

སྦྲ་གུར་སྔོ་མོ་ནས་བཀལ་བའི་འབྲོག་སྡེ་ཞིག་ལ་མཚོན་ན

མཚེར་ཤུལ་ནི་སྤྲང་པོ་ལ་བཞག་པའི་གཞིས་ཁྱིམ་གསར་བ་དེ་མ་ཡིན་ནམ

 

སྒོ་བྱང་གི་ངོས་ཀྱི་བག་འཁུམས་པའི་ཡིག་འབྲུ་དེ་ཚོ

“མི”ཞེས་པའི་ཡིག་མཁན་དེའི་ཕག་ཏུ་ཡིབ་པའི་ནས་ལོ་ངོ་མང་པོ་འགོར་ནའང

གཟི་བརྗིད་དང་ཁེངས་ཉམས་ཤུགས་བསྟན་དུ་ཡོད་པའི་བདག་པོའི་ལག་ནས

ང་ཚོས་ཁྱོད་ཚོ་འཆིང་བ་ལས་གྲོལ་བའི་ཐབས་ལ་འབད་པ་བྱ་ངེས

 

རྩོམ་ཁུངས། ༢༠༠༦ལོའི་གངས་རྒྱན་མེ་ཏོག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།