གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཚོ།

2009-12-24 09:36:00 དཔྱིད་མྱུག ཀློག་གྲངས། མཆན ཡོད།

ཁྱོད་ཀྱང་ང་ཚོའི་གྲས་ཀྱི་ཉེས་ཅན་རེད

གནམ་ས་བླ་འོག་བརྗེས་འདྲའི་འཐབ་འཛིང་དེས

སྤྲོ་སྐྱིད་ཀྱི་ཆང་ཁང་དང་སེམས་བདེ་མགྲོན་ཁང་བཅོམས་སོང

 

སྐྱི་བསེར་རླུང་གིས་ཁུར་བའི་སྐྲ་ཉག་རེ་རེ

པོ་ཏ་ལའི་ཐང་ཆེན་དང་སེ་འབྲས་དགེ་གསུམ་གྱི་རྡོ་སྐྱ་སྟེང་ནས

ཁྲག་ལ་འབྱར་འདུག

 

རྒོད་པོའི་གཤོག་རྩེར་བསྐྱོན་པའི་གླུ་སྐད་ཅིག་ནུབ་སོང

ཇོ་མོ་བླ་རིའི་དབུ་རྩེར་ཕོག་པའི་ཉི་འོད་དེ་ཡལ་སོང

 

མཚོ  ཁྱོད་གཅིག་པུ་གཞན་དང་མི་འདྲ་བར

དོགས་ཟོན་བྱེད་སའི་ཉེས་ཅན་གཅིག་པུར་རྩིས་ཡོད

ཁྱོད་དང་ཁྱོད་ཀྱི་ཤེས་རབ་གཞན་ལ་འཁྱེར་མི་ཐུབ་ཀྱང

ཁྱོད་ཀྱི་མལ་ས་དྲོན་མོ་གཞན་གྱི་རྩལ་སྦྱང་ཐང་དུ་འགྱུར་ཡང་སྲིད

 

རྩོམ་ཁུངས། ༢༠༠༧ལོའི་གངས་རྒྱན་མེ་ཏོག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།