ལས་དབང་ལ་བླངས་པའི་གླུ།

                                ཁྱོད་ཀྱིས་ང་རང་ངུ་རུ་བཅུག་ནས་ཁྱོད་རང་བགད་པ་གྲངས་མེད་ལ
                               ཁྱོད་ཀྱིས་ང་རང་དགོད་ཏུ་བཅུག་ནས་ཁྱོད་རང་ངུས་པའང་གྲངས་མེད།

                                                                   _________ཁ་བྱང་གི་འགྲེལ། 
མགོ་བརྩམས་པ་ནས་བཟུང    ཁྱོད་ཀྱིས་ང་ལ་ཅི་ཡང་སྦྱིན་མེད
ཁྱོད་དང་འུ་གཉིས་གྱི་བར་ན
བཙན་གནོན་དང་སྨྲེ་ངག་མ་གཏོགས་ཅི་ཞིག་ཡོད
བདེན་དེ   མགོ་བརྩམས་པ་ནས་བཟུང
ང་ནི་ཁྱོད་ཀྱི་ཤ་ཁྱི་ཡིན
ང་ནི་ཁྱོད་ཀྱི་མེ་མདའ་ཡིན
འུ་གཉིས་ཀྱི་བར་ན་གཏམ་རྒྱུད་ཐུང་ཐུང་ཞིག་གི་གསང་བ་ལས་ཅི་ཡང་མེད

ད་ལྟ་ང་འགྲོ་རན་བྱུང
ཁྱོད་ཀྱིས་ངའི་ཞོན་རྟ་དང་ལམ་བྲོ་ཁྱེར་ཤོག
ང་གཞུ་རྒྱུད་ལས་ཤོར་ལ་ཉེ་བའི་དུག་མདའ་བཞིན
སྤྱང་ཚོགས་ཀྱི་མཆེ་སྡེར་སྣུམ་པའི་སྤང་ཐང་དེར་ཆས་འདོད
རི་ལུང་དང་རྐང་ལམ་ལྟེབས་ནས     ང
 བྱ་གླག་གི་ཧམ་པ་འབར་བའི་དུར་ཁྲོད་དེར་ཆས་འདོད
ལས་དབང་ཨ   ཁྱོད་ཀྱིས
ངའི་སྤོབས་པ་དང་གློ་གྲི་ཁྱེར་ཤོག
ཁྱོད་ཀྱིས་ངའི་མདའ་གཞུ་དང་ཞེ་སྡང་ཁྱེར་ཤོག
ད་ཐེངས་ང་ཅིས་ཀྱང་ཆས་དགོས
                                   ༢༠༠༣.༨.༡༥ཕ་ཡུལ་ནས།

རྩོམ་ཁུངས། ༢༠༠༤ལོའི་གངས་རྒྱན་མེ་ཏོག་དེབ་གཉིས་པ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལས་དབང་ལ་བླངས་པའི་གླུ།

2010-06-30 མར་ཁུ་རྒྱལ་མཚན། ཀློག་གྲངས། མཆན ཡོད།

                                ཁྱོད་ཀྱིས་ང་རང་ངུ་རུ་བཅུག་ནས་ཁྱོད་རང་བགད་པ་གྲངས་མེད་ལ
                               ཁྱོད་ཀྱིས་ང་རང་དགོད་ཏུ་བཅུག་ནས་ཁྱོད་རང་ངུས་པའང་གྲངས་མེད།

                                                                   _________ཁ་བྱང་གི་འགྲེལ། 
མགོ་བརྩམས་པ་ནས་བཟུང    ཁྱོད་ཀྱིས་ང་ལ་ཅི་ཡང་སྦྱིན་མེད
ཁྱོད་དང་འུ་གཉིས་གྱི་བར་ན
བཙན་གནོན་དང་སྨྲེ་ངག་མ་གཏོགས་ཅི་ཞིག་ཡོད
བདེན་དེ   མགོ་བརྩམས་པ་ནས་བཟུང
ང་ནི་ཁྱོད་ཀྱི་ཤ་ཁྱི་ཡིན
ང་ནི་ཁྱོད་ཀྱི་མེ་མདའ་ཡིན
འུ་གཉིས་ཀྱི་བར་ན་གཏམ་རྒྱུད་ཐུང་ཐུང་ཞིག་གི་གསང་བ་ལས་ཅི་ཡང་མེད

ད་ལྟ་ང་འགྲོ་རན་བྱུང
ཁྱོད་ཀྱིས་ངའི་ཞོན་རྟ་དང་ལམ་བྲོ་ཁྱེར་ཤོག
ང་གཞུ་རྒྱུད་ལས་ཤོར་ལ་ཉེ་བའི་དུག་མདའ་བཞིན
སྤྱང་ཚོགས་ཀྱི་མཆེ་སྡེར་སྣུམ་པའི་སྤང་ཐང་དེར་ཆས་འདོད
རི་ལུང་དང་རྐང་ལམ་ལྟེབས་ནས     ང
 བྱ་གླག་གི་ཧམ་པ་འབར་བའི་དུར་ཁྲོད་དེར་ཆས་འདོད
ལས་དབང་ཨ   ཁྱོད་ཀྱིས
ངའི་སྤོབས་པ་དང་གློ་གྲི་ཁྱེར་ཤོག
ཁྱོད་ཀྱིས་ངའི་མདའ་གཞུ་དང་ཞེ་སྡང་ཁྱེར་ཤོག
ད་ཐེངས་ང་ཅིས་ཀྱང་ཆས་དགོས
                                   ༢༠༠༣.༨.༡༥ཕ་ཡུལ་ནས།

རྩོམ་ཁུངས། ༢༠༠༤ལོའི་གངས་རྒྱན་མེ་ཏོག་དེབ་གཉིས་པ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།