ས་སྲོད་ཀྱི་སྐྱོ་བ་སྤར་མོ་གང་བོ།

ཉི་མ   ན་ཆུང་མའི་མགོ་དཀྲིས་གསེང་གི་མིག་ཟུང་ལྟར
མཚམས་སྤྲིན་དང་རི་རབ་ཀྱི་རྩེ་མོའི་བར་དུ་ནུབ་ལ་ཁད

ཨ་ཕའི་སྤོབས་པ་ལྟར    ཨ་མིའེ་དད་པ་ལྟར
ཡོད་ཚས་སོང་ཤུལ་ཏུ    ངའི
མིག་ཆུ་རྡོག་གཅིག་གི་ལྗིད་ཚད་མི་ཐེག་པའི་སེམས་གཞས་གཉོམ་པས
རང་ཉིད་མ་གཏོགས་སུ་ཞིག་གི་ཕྱིར་དྲན་རྨ་ཁ་འཕྲུག་ཐུབ་ཨང

ཉི་མ་ནི་འགྱིག་སུབ་ཅིག་དང་འདྲ་བར
མཁའ་དབྱིངས་ནས་ཡང་དང་བསྐྱར་དུ་སོང་སྟེ
ངའི་དྲན་ངོ་ནས་ཨ་མྱེས་ཀྱི་གདོང་བསུབས་སོང
ཇག་པ་རྟ་འདེད་ཀྱི་དབྱངས་རྟ་བསུབས་སོང

ས་སྲོད་འདིར
ཡོད་ཚད་ནུབ་ལ་ཉེ་བ་འདྲ་བའི་ས་སྲོད་འདིར  ངས
དབུགས་རིང་འབའ་ཞིག་གི་སེམས་པའི་ལག་རྟེན་བྱས་ཏེ
ཐག་རིང་ཐག་རིང་གི
གནམ་ས་འདྲེས་མཚམས་ལ་གྱེར་ཡོད
                               17、07、2009

རྩོམ་ཁུངས། རྨ་ཆུའི་སྙན་ངག

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ས་སྲོད་ཀྱི་སྐྱོ་བ་སྤར་མོ་གང་བོ།

2010-06-29 ཐང་སྲས་རྟ་ལོ། ཀློག་གྲངས། མཆན ཡོད།

ཉི་མ   ན་ཆུང་མའི་མགོ་དཀྲིས་གསེང་གི་མིག་ཟུང་ལྟར
མཚམས་སྤྲིན་དང་རི་རབ་ཀྱི་རྩེ་མོའི་བར་དུ་ནུབ་ལ་ཁད

ཨ་ཕའི་སྤོབས་པ་ལྟར    ཨ་མིའེ་དད་པ་ལྟར
ཡོད་ཚས་སོང་ཤུལ་ཏུ    ངའི
མིག་ཆུ་རྡོག་གཅིག་གི་ལྗིད་ཚད་མི་ཐེག་པའི་སེམས་གཞས་གཉོམ་པས
རང་ཉིད་མ་གཏོགས་སུ་ཞིག་གི་ཕྱིར་དྲན་རྨ་ཁ་འཕྲུག་ཐུབ་ཨང

ཉི་མ་ནི་འགྱིག་སུབ་ཅིག་དང་འདྲ་བར
མཁའ་དབྱིངས་ནས་ཡང་དང་བསྐྱར་དུ་སོང་སྟེ
ངའི་དྲན་ངོ་ནས་ཨ་མྱེས་ཀྱི་གདོང་བསུབས་སོང
ཇག་པ་རྟ་འདེད་ཀྱི་དབྱངས་རྟ་བསུབས་སོང

ས་སྲོད་འདིར
ཡོད་ཚད་ནུབ་ལ་ཉེ་བ་འདྲ་བའི་ས་སྲོད་འདིར  ངས
དབུགས་རིང་འབའ་ཞིག་གི་སེམས་པའི་ལག་རྟེན་བྱས་ཏེ
ཐག་རིང་ཐག་རིང་གི
གནམ་ས་འདྲེས་མཚམས་ལ་གྱེར་ཡོད
                               17、07、2009

རྩོམ་ཁུངས། རྨ་ཆུའི་སྙན་ངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།