ཕྱི་དྲན་ཁྲོད་ཀྱི་རྩྭ་ཐང་།

                                ༡
ས་ཆེན་པོའི་ཡང་སྟེང་དུ་མེ་ཏོག་གིས་བརྒྱན་པའི་འཇིག་རྟེན་འདི
གནམ་སྔོན་པོའི་རྒྱ་ཁྱོན་གཞལ་བར་ནུས་པའི་མཛེས་སྡུག་གི་རྩྭ་ཐང་ཡིན
ལྷ་ཆེན་པོས་མཐུ་རྩལ་གྱིས་བཞེངས་པའི་མི་ཡུལ་ཀྱི་དག་ཞིང་ཡིན
སྐྱེས་ཆེན་ཚོས་རྣམ་དཔྱོད་ཀྱིས་སྐྲུན་པའི་གདུང་དམར་བའི་ཕ་གཞིས་ཡིན
བདག་གི་ཚེ་སྲོག་གི་ངུ་སྐད་ཐོག་མར་འཆོར་སའི་ཨ་མའི་བྲང་གཞུང་ཡིན
                               ༢
སྐྱ་མི་ཚོས་ཚེ་སྲོག་ཕྲ་མོ་རྟ་ཐོག་ནས་སྤུར་མྱོང་བའི་ཁ་སང་གི་ཉིན་མོར
འདབ་མ་སྟོང་ལྡན་གྱི་མེ་ཏོག་རེ་རེར་རྒྱ་སེ་དམར་པོའི་དྲག་མདངས་བྱུགས་ཤིང
དྭངས་ཤིང་གཙང་བའི་ཆུ་མོའི་མགོ་ཁུངས་ཀྱང
བྱ་རྒྱལ་རྒོད་པོའི་གཤོག་སྒྲོའི་ཁེབས་འདུག
ངོ་མ    ལྷའི་ཞིང་བཀོད་ལྟར་བརྗིད་ཅིང་མཛེས་ལ་ལྷིང་འཇགས་ཡིན་པའི་རྩྭ་ཐང་འདི
གློ་བུར་དུ     ཤ་འོད་རྒྱུགས་པ་ལྟར     མྱ་ངན་འཆོར་སའི་དུར་ས་རུ་གྱུར་བས
རྩྭ་ཐང་ལ་བཅར་བའི་སེམས་པ་དེའང་སྟོང་བར་ལུས་སོང
                            ༣
མི་ཚོགས་ཀྱི་གྲལ་མཐའ་ན་ལུས་པའི་སྐྲ་དཀར་གྱི་རྒན་པོས
སྐྱོ་གདུང་གི་གཉེར་མ་བསྡུས་ཤིང་མིག་ཀོང་མཆི་མའི་སྐྱོམས་བཞིན
ལྷ་སྒྲུང་དང་འགྲོགས་པའི་འདས་སོང་གི་ལོ་ཟླར་ཕྱིར་དྲན་བྱེད་དུས
སྐྱི་གཡའ་བའི་འདས་དོན་དག་གིས་ཁོས་ལྷུ་ཚིགས་རེ་རེའང་བཙན་གྱི་གཏོར
                                  ༤
མཁའ་ན་དུག་རླངས་ཀྱི་ན་བུན་འཐིབས་ཤིང་ས་ན་མྱ་ངམ་གྱི་ཕྱེ་རླུང་འཕྱུར་བའི
སྐྱ་ཆད་སྔོ་སྡུག་དང་ཤ་ཟད་རུས་སྟོང་གི་དེ་རིང་གི་ཉིན་མོར
སྲིད་ན་དཀོན་པའི་ཤྭ་དང་གླ་བ   འབྲོང་དང་རྐྱང་ཁྱུ
ད་དུང་བགྲངས་ལས་འདས་པའི་རི་སྐྱེས་སྲོག་ཆགས་མང་པོ
ད་ལྟ་རི་བོང་གི་རྭ་དང་རུས་སྦལ་གྱི་སྤུ་ཡིན་པ་སུལའང་གསལ་ཆ་ཡོད
                                    ༥
མཐོང་དཀོན་པའི་རི་དྭགས་དང་གཅན་གཟན་མང་པོ
གདོད་མ་ནས་ད་ལྟའི་བར་སོས་དལ་བག་ཕེབས་ངང
བག་ཡངས་སུ་རྩེན་པའི་རང་བྱུང་ཁམས་ཆེན་པོ་འདི་ཉིད
རྟ་ནོར་ལུག་གསུམ་གྱི་འཚོ་རྟེན་ནམ   བདག་གི་གཅེས་པའི་ཕ་ཡུལ་ཡིན་པས
ངའི་སེམས་ཀྱི་དྲན་གདུང་དང་བརྩེ་བ་ཡོད་ཚད་རྩྭ་ཐང་འདིར་བཅོལ་ཡོད་ལ
རྩྭ་ཐང་འདིའི་ཆགས་འཇིག་དང་ཉམ་ཉེས་ཡོད་ཚད
ཆུ་དང་གཙང་བོའི་རྒྱུན་ལ་འགྲོགས་ནས་ངའི་ཟུངས་ཁྲག་གི་སྦུབས་སུ་འཐིབས་ཡོད
                                ༦
མ་འོངས་པའི་ལོ་ཟླ་རིང་མོ་རིང་མོའི་ནང་དུ
ང་ཚོས་མཛའ་མོའི་བྲང་གཞུང་ལྟར་འཇམ་ཤ་ཆགས་པའི་རྩྭ་ཐང་འདིས
ཆག་འཇིག་དང་ཉམས་མས་སུ་འགྲོ་བའི་ལྟས་ངན་མཐོང་སྲིད
བརྒལ་དཀའ་བའི་མྱ་ངམ་ཐང་གི་རི་བོའི་མུ་ཁྱུད་མཐོང་སྲིད
མེས་པོ་ཚོས་བཞག་པའི་བདག་ལས་གཞན་གཅེས་ཀྱི་སྙིང་སྟོབས་དྲན་སྲིད
རོ་བཅུད་ལྡན་པའི་ཨ་མའི་མར་ལོ་དང་འོ་མའི་མངར་ཁ་དྲན་སྲིད

རྩོམ་ཁུངས། རྨ་ཆུའི་སྙན་ངག

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕྱི་དྲན་ཁྲོད་ཀྱི་རྩྭ་ཐང་།

2010-06-23 ལྗང་མྱུག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།