དྲན།

རྒྱང་ཐག་རིང་བའི་རྩྭ་ཐང་དང་སེམས་ཁོང་གི་ཁོ་མོ་བསྐྱུར་ཏེ
ང་རང་འགྱོད་པ་མེད་པར་མུ་མེད་ནས་མུ་མེད་བསྙེག
རི་དང་གཙང་པོས་ང་ཡི་རེ་སྨོན་བཅིལ་མ་ཐུབ
དེ་ལྟར་ང་རང་མི་ཚོགས་ཀྱི་འཚང་ཁ་བརྒྱུད་ནས་ལ་མོ་བརྒྱབ་ཅིང
ཁེར་རྐྱང་གི་ལམ་བུ་དེད་ནས་ས་མཐའ་འགྲིམས
སྐབས་ཤིག་ཡིད་སེམས་ཞེ་ནས་ལྷོད་དེ་མལ་ཞིག་གསོ་དུས
རྒྱུན་པར་སྙིང་དབུས་དཀྱིལ་དུ་སྡོད་པའི          སེམས་ཀྱི་ཁོ་མོ
ཕྱིར་དྲན་གྱི་སེམས་སྒྲོམ་ངོས་སུ་ག་ལེར་མངོན་བྱུང་ལ
བརྩེ་འདང་གི་དར་སྐུད་འཐེན་གྱིན་སྙིང་ལ་སིམ་ཡོང
སྐབས་དེར                 ལྷིང་འཇགས་ཡིན་ལ་ས་ལེར་གསལ་བའི་ཟླ་བའི་དབུས་ནས
ང་ཡི་ཁོ་མོ་དེ་དུས་ནང་བཞིན་ལོག་བྱུང་བས
ང           གློ་བརུ་གློ་བུར་ངང་སེམས་གཅོང་གིས་ཀུན་ནས་བསྐོར་ཏེ
ཤར་གྱི་གྲོང་ཁྱེར་འདི་ནས་དངོས་གནས་སྐྱོ་བྱུང

ཁོ་བོར་སྙིང་སྟོབས་དང་ལ་རྒྱ་སྩོལ་ཅིང
ནམ་ཡང་སེམས་པ་གསོ་མཁན       སེམས་ཀྱི་བུ་མོ
ཐག་རིང་ཐག་རིང་གི་ཆབ་ཆའི་ཡུལ་དུ་སེམས་པ་འདྲིས་ཤིང
རྨ་འབྲི་རྫ་གསུམ་གྱི་མགོ་ཁུངས་དེ་ནས་དམ་བཅའ་བོར
ནམ་ཡང་ང་རང་གླེང་ཞིང་རྒྱུན་པར་སྐུལ་མ་གཏོང་བཞིན
ཁོ་མོས་ད་ལྟའང་ཐག་རིང་གི་ཐག་རིང་ན་ང་རང་དྲན་གྱིན་ཡོད་ལ
ངའི་དོན་ལ་མི་ཁ་ཡི་མདུང་མོ་བསྲན་ཞོར
ད་དུང་ཡང་སྔར་ལོ་བཞིན་ཁེར་རྐྱང་གི་སྒེའུ་ཁུང་སྲུང་ཡོད་སྐད
བདེན་ནམ་ང་ཡི་འོད་སྲས་སྒྲོལ་མ
ཁྱོད་ཀྱིས་ཁེར་རྐྱང་ཡིན་དུས་ང་རང་དྲན་པ་ནང་བཞིན
ངས་ཀྱང་མི་ཚོགས་རྩུབ་དུས་ཁྱོད་རང་ཡང་ཡང་དྲན་བྱུང
ཐ་ན་ལག་ཟུང་གིས་དཀར་ཡོལ་སྐྱོར་དུས་དང
དཔེ་དེབ་ཀྱི་ཤོག་ངོས་ཡང་མོར་སློག་དུས་ཀྱང     བུ་མོ་ལགས
ཁྱོད་ཁོ་ནས་ང་ཡི་ནམ་མཁའ་ཟིན་འདུག་ཨང

ཧ་ཅང་ཆུང་ངུའི་དུས་སུ
ཁྱོད་རང་ངའི་རྨི་ལམ་གྱི་ལུང་བསྟན་དུ་མ་བབས་ཤིང
ངའང་ཁྱོད་ཚོའི་སྒོ་རའི་ནང་མ་སྐྱེས་མོད
འཇིག་རྟེན་པའི་བགྲོད་ལམ་སྟེང་ལས་སྨོན་ཡོད་པ་བདེན་རྐྱེན
འུ་གཉིས་སྟེས་དབང་ངམ་ལས་འཕྲོ་ཞིག་གིས་ལམ་ནས་འཕྲད
དེ་ནས་བཟུང               འུ་གཉིས་བརྩེ་འདང་གི་ཆུ་བོ་བརྒལ་ནས
མི་ཡུལ་གྱི་བདེ་སྡུག་མཉམ་དུ་མྱངས་ཤིང
རང་དབང་གི་ཟམ་ཁ་གང་མང་བརྒྱུད
བློན་པོ་གསེར་ཆེན་ནས་བདེ་སྐྱིད་དར་ཐང་དང
བྲག་དཀར་སྒྲུབ་ཕུག་ནས་རྨེ་རུ་གྲོང་ཚོ་བར
འུ་གཉིས་ལ་ལས་འབྲེལ་མ་བྱུང་བ་ཅི་ཙམ་ཡོད
སྐབས་རེར་རང་སེམས་ནང་ལ་བཀུག་སྟེ
དེ་དག་རེ་རེ་བཞིན་ཡ་ཆུང་དཀྱིལ་ནས་བསྒྲིག་ཚེ
ང་དབང་མེད་དུ་མེ་དང་ཆུ་ཡིས་ཟིན་བྱུང་ལ
ཚོར་མེད་ངང་ཟླ་བའི་མཚན་མོ་འགྲིམ་དགོས་བྱུང

དོ་ནུབ་ཡང་བརྒྱད་པའི་བཅོ་ལྔ་སྟེ
ང་རང་ཟླ་བ་དང་ཁ་གཏད་དེ་སྒེའུ་ཁུང་འགྲམ་དུ་སྡོད་དུས
གཉོམ་དུང་དུང་གི་ཁྱོད་ཉིད་སྙིང་ནས་དྲན་བྱུང་ལ
སྐྱོ་གདུང་གི་བ་མོས་མགོ་བོ་བརླན་བྱུང
སྐབས་འདིར་ཁྱོད་རྨི་ལམ་མམ་དྲན་གདུང
ཡང་ན་འཁྲུལ་སྣང་གི་ཟོལ་གྱིས་ངའི་གམ་དུ་མངོན་པ་བྱུང་ན
ངའི་རེ་བ་ནི་ཅི་ཡང་མེད་ཅིང་ངའི་ནམ་མཁའ་དྭངས་ཤིག་ཤིག་ཡིན་ཨང

རྩོམ་ཁུངས། ༢༠༠༢ལོའི་གངས་རྒྱན་མེ་ཏོག་དེབ་བཞི་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དྲན།

2010-06-14 འོད་སྲས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།