སྟོན་ཁ་འདིའི་སྙན་ངག

སྟོན་ཁ་འདིའི་བསིལ་རླུང་གིས་གཅུད་པའི་རང་ཉིད།
ལྷམ་མཐིལ་དུ་བདལ་པའི་ལོ་མ་ཆག་པོ་དེ་ཡིན་ཆོག་ལ།
ལྗོན་རྩེ་ན་གསེར་མདོག་གིས་འཚར་བ་དེ་ཡིན་ཀྱང་ཆོག
གང་ལྟར།  སྟོན་ཁ་བསླེབས་ཐེངས་རེར།
རྣ་ཅོག་འདིས་ཐག་རིང་ཐག་རིང་ཞིག་ལ་ཉན་ཏེ།
སེམས་པ་འདིས་མང་བོ་མང་བོ་ཞིག་བཏུ་དགོས་བྱུང༌།

གློག་ཞུན་གྱིས་སྦར་པའི་མཚན་མོའི་ལག་མཐིལ་དུ།
སྒྲོ་སྤུ་བཞིན་ཐོར་པའི་ལོ་མའི་ཚོགས།
རླུང་འཇམ་པོ་ཞིག་དལ་གྱིས་ལྡང་བའི་ཀློང་ནས།
ངའི་སྐྲ་རྩེ་དང་ངོ་གདོང་ལ་སག་སག་བབས་བྱུང༌།
འོ།   སྟོན་ཁ་བསླེབས་བྱུང༌།

ཇི་ལྟར་རྒྱང་རིང་དུ་འཚོ་བའི་སྙིང་ཉེ་བའི་ངོ་གདོང་དག་ནི།
དེ་ལྟར་རང་ཉིད་དང་ཐག་ཉེ་བའི་སེམས་ཀྱི་རྨ་ཁ་ཡིན་ལ།
ཇི་ལྟར་གླེང་འཕྲོར་ལུས་པའི་སྐད་ཆ་དང་མིག་ཆུ་དག་ནི
དེ་ལྟར་ཁྲག་དང་རུས་པིའེ་གཙུབ་བརྡར་ལས་ཟགས་པའི་ཉིང་ཁུ་ཡིན།
དོ་ནུབ།  ཁེར་ལབ་ཐན་ཐུན་གྱིས་བཟི་བའི་སེམས་པ་སྙི་མོ་འདིས།
རོལ་དབྱངས་མེ་པའི་ཆང་ཁང་ཞིག་ལྷག་ཏུ་དྲན་བྱུང༌།
ལས་ལ་བརྩོན་པའི་རྐང་བ་ཆུང་ཆུང་འདིས།
སྟོབས་ཉམས་པའི་གཟུགས་པོ་འདི་དྲུད་ནས་རང་ཁྱིམ་དུ་ལོག་ཐེངས་རེར།
སྒེའུ་སྲུབས་ནས་འཇབ་འོང་བའི་སུ་ཞིག་གི་འཇམ་མཉེན་གྱི་ལག་པ་ལྟ་བའི་ཟླ་ཟེར་དྭངས་མོ་དེས
ང་ལ་ཁོ་ཚོ་ཁྱེད་ཀྱི་ཕྱིར་དུ་ད་རུང་འཚོ་ཞིང་གཞེས་པའི་དྲན་ཤིང་དེ་སིལ་བུར་གཏོར་ཐེངས་རེར།
ང་ལ་ཁོ་ཚོ་ཁྱེད་ཀྱི་ཕྱིར་དུ་ད་རུང་ན་ཟུག་གིས་སྐྱོད་ཀྱིན་ཡོད་པའི་འདང་བརྩེ་དེ་བདེན་པར་སྟོན་ཐེངས་རེར།
རི་རབ་ཀྱི་རྐང་འོག་ཏུ་ཤོར་པ་ལྟ་བུའི་འཇིགས་སྣང་གི་གནོན་ཤུགས་དེས།
ང་ནི་དལ་ཅག་རྨེག་མེད་དུ་བཟོ་སྲིད་ཀྱང༌།
སྤྲིན་པ་བཞིན་འཕོ་བའི་རྒྱང་རིང་གི་མིག་ཟུང་དག་བསམས་ན།
ཐོག་མར་ས་ཆེན་ལ་ཕབ་པའི་རྐང་རྗེས་མཐའ་མ་ཡང་ས་ཆེན་གྱིས་གསུབ་དགོས་ཨང༌།
ཨ།  ན་ཟུག་ནི་དེ་འདྲའི་ཐག་རིང་ཞིག་ན་ཡོད་རྐྱེན།
ལོ་ཟླའི་དར་ཤིང་གི་རྩེ་རུ་བཀལ་པའི་སེམས་པ་གོག་པོ་འདི།
ཕ་ཡུལ་གྱི་སྔོན་དུ་རྒས་པའི་སེམས་ཁྲལ་གྱི་ངོ་གདོང་འདི།
ངས་ཁྱེད་ཅག་ལ་བསྐྱུར་པའི་ཆེས་མཐའ་མཇུག་གི་དྲན་གསོ་ཡིན།

སྟོན་ཁ་འདི་ལྟར་གློ་བུར་བསླེབས་ཐེངས་རེར།
ལོ་མ་འདི་ལྟར་ཤག་ཤག་གིས་ཐོར་ཐེངས་རེར།
ང་ནམ་ཡང་མཐོ་ས་ཞིག་ལ་བུད་ནས།
མིག་གིས་ཆོད་ཚད་ཅིག་ལ་སྤར་སྙོབ་བྱེད་འདོད།

བྱིས་དུས་རི་གྲོང་ནས་ལས་པའི་རྩེ་ར་དང༌།
གཞོན་དུས་གྲོང་ཁྱེར་ནས་རྙེད་པའི་ཁེར་རྐྱང་དག
ཐང་མར་བདལ་པའི་ས་སྲོད་འདིའི་ལོ་མ་བཞིན།
ཁུ་སིམ་མེར་རེ་རེ་བཞིན་རང་གི་སེམས་ཁོང་ལ་བཏུས་ནས།
ནང་དོན་དང་ཁ་དོག་མི་འདྲ་བའི་ཟིན་ཐོར་བཀོད་ཡོད་དོ།
ད་ནི་སྟོན་ཁ་འདིའི་གསེར་མདོག་གི་ཁུགས་པར་ཤག་ཤག་གཏོར་དགོས་ཨང༌།
ནམ་མཁའ་གཡཱ་དག་པའི་སྟོན་ཁ།
ཞིང་པ་ཚོས་ཡུན་རིང་རེ་བའི་སྟོན་ཁ།
ཟླ་འོད་ཆེས་དྭངས་གཙང་གི་སྟོན་ཁ།
སྙན་ངག་པ་ཁད་ཀྱིས་དཀྲོགས་པའི་སྟོན་ཁ།
སྟོན་ཁ།   སྙན་ངག་གི་མིག་ཟུང་རིག་རིག་གཡོ་བའི་དུས་ཚིགས་ཏེ།
ཁྱེད་ཀྱི་བྱུང་བས་ད་གཟོད་ངས་ལོ་ཟླ་ཞིག་ལ་འབྲི་འཕྲོར་བསྐྱུར་པའི་སྙན་ངག་ཅིག་ཡོངས་སུ་བྲིས་ཚར་ཡོད་ལ།

ད་དུང་ཅི་ཞིག་བྲི་འདོད་ཀྱི་སྨྱུག་ཁ་སག་སག་འགུལ་བཞིན་ཡོད།
 
རྩོམ་ཁུངས། ༢༠༠༩ལོའིི་སྦྲང་ཆར་དེབ་དང་པོ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྟོན་ཁ་འདིའི་སྙན་ངག

2010-06-08 ཚེ་རིང་བཀྲ་ཤིས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།