རྩྭ་ཐང་དྲན་གཞས།

ཆུ་མོའི་ལྷུང་སྒྲ་དང་མེ་ཏོག་གི་དྲི་བསུང་ཁྲོད།
ངས་སྙིང་ཉེ་བའི་གྲོགས་པོ་དང་ལྷན་དུ།
སྦྲ་ནག་པོ་གྲོགས་སུ་བཀུག་ནས་སྙན་ངག་བྲིས།
ང་ཡི་སེམས་པའམ་སྙན་ངག་གི་མཛེས་སྡུག
གང་ཡིན་ཆ་མི་འཚལ་མོད།
སྤྲིན་གསེབ་ནས་གཟིགས་པའི་མཐོ་རིས་བདག་པོས།
སྙན་ངག་བཞིན་མཛེས་པའི་འཇའ་ཚོགས་སྟུག་པོ།
མེ་ཏོག་བཞིན་ས་ལ་འཕངས་བྱུང༌།
ངའི་སེམས་པ་ཕྲ་མོ་འཇའ་ཚོན་གྱིས་འཕྲོག་ཅིང༌།
ངའི་ལུས་ངག་གཉིས་ཀ་འཇའ་ཚོན་གྱིས་བཀུག་སོང༌།

ཡིན་ཀྱང༌།               ལམ་སྣེ་རྡོག་པས་མནན་ཟིན་པས།
ད་དུ་དབུགས་ཧལ་ཧལ་དུ་མི་འགྲོ་ཐབས་མེད་ཡིན།
རི་མོ་ད་དུང་བྲིས་ཚར་མེད།
རླུང་རྟ་ད་དུང་འབབ་ཐང་རྙེད་མེད།
མིག་ཆུ་ད་དུང་ཆད་མེད།

ལོ་ལོ་ཉེར་ལྔ།    རྨི་ལམ་རིང་མོ་ཞིག་གི་ཆད་མཚམས་རེད།
གོམ་པ་དང་པོ་ཞིག་གི་སྤོ་སྟངས་ཀྱང་རེད།
ང་འཇའ་ཚོན་གྱི་གུར་ཁང་དུ་འགྲེང་ནས།
ཡུན་རིང་ཡུན་རིང་ཞིག་ལ་བསྡད།

དགོད་སྒྲ་དང་དྲི་བསུང་མོད་པའི་མེ་ཏོག་ཅིག་གིས།
མཛེས་སྡུག་གི་ཟུར་མིག་དང་རྣམ་འགྱུར་ང་ལ་བྱིན།
ང་ཟས་ཀྱིས་མ་བསླུས།   ཆང་གིས་མ་བཟི།
ངའི་སེམས་པ་ཕྲ་མོ་བུང་བ་དང་བསྡོང་ནས།
དྲི་བསུང་ཁྲོད་མེ་ཏོག་གི་སྟེང་དུ་འཕུར་ལྡིང་བྱས།

འདི་ནི་མཛེས་སྡུག་གི་ལོ་རྒྱུས་ཤིག
འདི་ནི་མངར་ཆ་ཆེ་བའི་ཕྱིར་དྲན་ཞིག
སྙན་ངག་རིང་བོ་ཞིག་གི་མགོ་བརྗོད་ཀྱང་ཡིན་ལ།
བདེ་ལྡན་འཚོ་བ་ཞིག་གི་དབུ་ཁྱུད་ཀྱང་ཡིན།

ད་ལྟ་ང་རང་གིས།
གྲོང་ཁྱེར་ཞིག་གི་བས་མཐའ་ན།
རྩྭ་ཐང་གི་འཚོ་བ་དྲན་ཞིང་སྙན་ངག་འབྲི།
ད་ལྟ་ང་རང་གིས།
རེ་བས་ཁེངས་པའི་མི་ཚོགས་ཁྲོད་དུ།
རྩྭ་ཐང་གི་འཚོ་བ་དྲན་ཞིང་སྙན་ངག་འབྲི།

རྩྭ་ཐང༌།  ནམ་མཁའ་བཞིན་སྔོ་ཞིང་དྭངས་ལ།
ཡངས་ཤིང་རྒྱ་ཆེ།

རྩྭ་ཐང༌།   མེ་ཏོག་བཞིན་མཛེས་ཤིང་སྡུག་ལ།
དྲི་ངད་ཀྱི་རྒྱ་མཚོར་གྱུར།

རྩོམ་ཁུངས། ༢༠༠༩ལོའིི་སྦྲང་ཆར་དེབ་དང་པོ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྩྭ་ཐང་དྲན་གཞས།

2010-06-06 སྟོབས་ལྡན། ཀློག་གྲངས། མཆན ཡོད།

ཆུ་མོའི་ལྷུང་སྒྲ་དང་མེ་ཏོག་གི་དྲི་བསུང་ཁྲོད།
ངས་སྙིང་ཉེ་བའི་གྲོགས་པོ་དང་ལྷན་དུ།
སྦྲ་ནག་པོ་གྲོགས་སུ་བཀུག་ནས་སྙན་ངག་བྲིས།
ང་ཡི་སེམས་པའམ་སྙན་ངག་གི་མཛེས་སྡུག
གང་ཡིན་ཆ་མི་འཚལ་མོད།
སྤྲིན་གསེབ་ནས་གཟིགས་པའི་མཐོ་རིས་བདག་པོས།
སྙན་ངག་བཞིན་མཛེས་པའི་འཇའ་ཚོགས་སྟུག་པོ།
མེ་ཏོག་བཞིན་ས་ལ་འཕངས་བྱུང༌།
ངའི་སེམས་པ་ཕྲ་མོ་འཇའ་ཚོན་གྱིས་འཕྲོག་ཅིང༌།
ངའི་ལུས་ངག་གཉིས་ཀ་འཇའ་ཚོན་གྱིས་བཀུག་སོང༌།

ཡིན་ཀྱང༌།               ལམ་སྣེ་རྡོག་པས་མནན་ཟིན་པས།
ད་དུ་དབུགས་ཧལ་ཧལ་དུ་མི་འགྲོ་ཐབས་མེད་ཡིན།
རི་མོ་ད་དུང་བྲིས་ཚར་མེད།
རླུང་རྟ་ད་དུང་འབབ་ཐང་རྙེད་མེད།
མིག་ཆུ་ད་དུང་ཆད་མེད།

ལོ་ལོ་ཉེར་ལྔ།    རྨི་ལམ་རིང་མོ་ཞིག་གི་ཆད་མཚམས་རེད།
གོམ་པ་དང་པོ་ཞིག་གི་སྤོ་སྟངས་ཀྱང་རེད།
ང་འཇའ་ཚོན་གྱི་གུར་ཁང་དུ་འགྲེང་ནས།
ཡུན་རིང་ཡུན་རིང་ཞིག་ལ་བསྡད།

དགོད་སྒྲ་དང་དྲི་བསུང་མོད་པའི་མེ་ཏོག་ཅིག་གིས།
མཛེས་སྡུག་གི་ཟུར་མིག་དང་རྣམ་འགྱུར་ང་ལ་བྱིན།
ང་ཟས་ཀྱིས་མ་བསླུས།   ཆང་གིས་མ་བཟི།
ངའི་སེམས་པ་ཕྲ་མོ་བུང་བ་དང་བསྡོང་ནས།
དྲི་བསུང་ཁྲོད་མེ་ཏོག་གི་སྟེང་དུ་འཕུར་ལྡིང་བྱས།

འདི་ནི་མཛེས་སྡུག་གི་ལོ་རྒྱུས་ཤིག
འདི་ནི་མངར་ཆ་ཆེ་བའི་ཕྱིར་དྲན་ཞིག
སྙན་ངག་རིང་བོ་ཞིག་གི་མགོ་བརྗོད་ཀྱང་ཡིན་ལ།
བདེ་ལྡན་འཚོ་བ་ཞིག་གི་དབུ་ཁྱུད་ཀྱང་ཡིན།

ད་ལྟ་ང་རང་གིས།
གྲོང་ཁྱེར་ཞིག་གི་བས་མཐའ་ན།
རྩྭ་ཐང་གི་འཚོ་བ་དྲན་ཞིང་སྙན་ངག་འབྲི།
ད་ལྟ་ང་རང་གིས།
རེ་བས་ཁེངས་པའི་མི་ཚོགས་ཁྲོད་དུ།
རྩྭ་ཐང་གི་འཚོ་བ་དྲན་ཞིང་སྙན་ངག་འབྲི།

རྩྭ་ཐང༌།  ནམ་མཁའ་བཞིན་སྔོ་ཞིང་དྭངས་ལ།
ཡངས་ཤིང་རྒྱ་ཆེ།

རྩྭ་ཐང༌།   མེ་ཏོག་བཞིན་མཛེས་ཤིང་སྡུག་ལ།
དྲི་ངད་ཀྱི་རྒྱ་མཚོར་གྱུར།

རྩོམ་ཁུངས། ༢༠༠༩ལོའིི་སྦྲང་ཆར་དེབ་དང་པོ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།