དུས་བཞི་དང་ཨ་མའི་སེམས་ཁྲལ།

བྱེའུ་ཡི་གསུང་དབྱངས་ངང༌།
ཁམ་བུའི་མེ་ཏོག་གི་མཛེས་སྡུག་ཁྲོད།
དཔྱིད་ཀྱི་གོམ་པ་མི་ཡུལ་དུ་སྤོས་བྱུང༌།
དཔྱིད་ཀ་དེ་ལྟར་བསླེབས་ཚེ།
ཨ་མས་རྟོགས་སད་ཀྱི་སླེ་བོ་ཁུར་ཏེ།
ཨ་ཕ་དང་མཉམ་དུ་ཞིང་ཁར་ཐོན།
ཞིང་ཁ།  ཨ་མའི་དགོས་འདོད་ཀྱི་ནོར་བུ་ལེན་ས།
ཞིང་ཁ།   ཨ་མའི་རྨི་ལམ་དུ་འཁོར་བའི་ཤམ་བྷ་ལ།
ཐོང་གཤོལ་དང་ཨ་ཕའི་ཞབས་རྗེས་སྲུང་གིན།
རེ་བའི་འབྲུ་སོན་རེ་རེ་རྔུལ་ཆུ་དང་ལྷན་དུ་བསྲེས།
རྩམ་རྡོག་དང་ཇ་ཐང་གི་འདུ་འགོད་ཁྲོད།
ཉིན་གུང་གི་ཟས་སྐལ་ལ་རོལ་ཅིང༌།
འདི་ལོའི་དཔྱིད་ལུད་ཀྱི་རིན་གོང་བར་ནས།
ཨ་མའི་སེམས་པར་སྐྱོ་སྣང་གི་གྲང་རླུང་གཡུགས།
མེ་ཏོག་གི་ལང་ཚོ་རྒྱས།  ཕྱེ་ལེབ་ཀྱིས་གཤོག་འགྱུར་ངོམ།
བཀྲག་མདངས་རྒྱས་པའི་དུས་ཚིགས་དེའི་མཁའ་དབུགས་ཁྲོད།
ཨ་མ།   སྙེ་རླབས་ཀྱིས་སྐྱོམས་པའི་ཞིང་ཁ་ན་ཡོད།
རྐང་རྗེན་དུ་རྩྭ་ངན་གྱི་མགོ་བོ་བྲེག་ཅིང༌།
འོད་ཐིག་འཁུར་བའི་རྔུལ་ཆུའི་རྡོག་པོ།
དཔྲལ་བའི་ཡུར་ཁ་བརྒལ་ཏེ་ལྗང་ལོའི་རྩ་བར་བརླན།
སྔོ་ཐང་ཐིང་གི་ཞིང་ཁའི་བྲང་ཁ་ནས།
སྙེ་རླབས་ཀྱི་ལང་ཚོ་མཛེས་སྡུག་གིས་གཡོ་དུས།
ཨ་མས་གླུ་ཆུང་སྙན་མོ་ཞིག་མགྲིན་སྒོ་ནས་གཏོར་གྱིན།
ཨ་ཕའི་གདོང་ལ་དགོད་ཁ་ཡང་ཡང་སློང༌།
ཕྱི་དྲོ་ཞིག་ལ་བརྙན་འཕྲིན་གྱི་གནམ་གཤིས་སྔོན་བརྡ་ལས།
དབྱར་སྨད་ན་ཐན་པ་ཡོད་ལུགས་བསྒྲགས་དུས།
ཨ་མའི་ངོ་གདོང༌།   ཨ་མའི་སེམས་པ།
བྱེ་སྟོང་གི་ལོ་མ་བཞིན་རྙིད་སོང༌།

ཁམ་སྡོང་གི་འབྲས་བུ་ས་གཞིར་བསྩལ་ཅིང༌།
སྡོང་རྒན་གྱི་འབྲས་བུ་རླུང་གིས་རྐུ་དུས།
ཨ་མའི་སེམས་ལ་འཚུབ་ཤ་ཡང་ཡང་ལངས།
སེར་མདོག་གིས་བརྒྱན་པའི་དུས་ཚིགས་འདིར།
ཨ་མས་རེ་སྒུག་གི་ལྷན་པ་ཅི་ཙམ་བརྩེགས་ཡོད་ཨང༌།
ཞོགས་པར་ཉི་ཐིག་མགོ་རུ་དཀྲིས་ནས་ཞིང་ཁར་ཆས་ཤིང་
སྙེ་མའི་མངལ་ན་སྦྲུམ་པའི་འབྲུ་རྡོག་རེ་རེ་མཐོང་དུས།
ལུས་སྟེང་གི་ངལ་བ་ཡང་སིལ་བུར་འཐོར་འགྲོ།
མཚན་མོ་དེར་གློ་བུར་གློག་འཁྱུག    འབྲུག་སྒྲའང་ལྡིར་བྱུང༌།
རྒྱུན་ལྡན་མིན་པའི་དྲག་ཆར་དེས་རི་ལུང་དཀྲོགས་སོང༌།
རྨི་ལམ་གྱི་སྣེ་ཆད་པའི་ཨ་མས།
མལ་ནས་ཙོག་པུར་ཕྲེང་རྡོག་ཤེད་ཀྱིས་བགྲང་གིན།
མུག་མུག་གིས་མ་ཎི་མཁའ་མཐར་བཅུག
ས་གཞིར་ངོ་མདོག་ཉམས་ཤིང༌།
སྡོང་རྒན་གྱིས་སྐྱོ་གླུ་རླུང་ལ་བསྐུར་དུས།
གྲང་ངར་གྱི་དཔུང་ཚོགས་ངར་མས།
ཨ་མའི་བརྡོལ་རལ་གྱི་ལྷམ་ཆུང་ལ་བཙན་འཛུལ་ཡང་ཡང་བྱས།
ཁ་བ་སྐྲ་ལོ་བཞིན་ངོ་གདོང་ན་གཡུག་དུས།
ཚ་བོ་དག་ཐབ་ཚང་དུ་རུབ་ཅིང༌།
ཨོང་བའི་མེ་ལྕེ་ལྷབ་ལྷབ་ཏུ་སྦར་ཞོར།
རྩམ་ཐུག་ཞིམ་པོ་ལྷོག་ལྷོག་ཏུ་བསྐོལ་བྱུང༌།
འོན་ཀྱང་སྟོན་མཇུག་ཏུ་བོར་བའི་གླང་རྒན་སེར་ཐོས།
ཨ་མའི་རྩམ་ཐུག་གི་བྲོ་བ་ཡོད་ཚད་བརྐུས་ཤིང༌།
འབྲུ་ཁང་ནང་གཉིད་པའི་སྒྱེ་མོ་སྟོང་བས།
ཨ་མའི་བྲང་གཞུང་དུ་ཁ་བ་གཏོར་བྱུང་ངོ༌།།

རྩོམ་ཁུངས། ༢༠༠༩ལོའིི་སྦྲང་ཆར་དེབ་དང་པོ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དུས་བཞི་དང་ཨ་མའི་སེམས་ཁྲལ།

2010-06-05 ཤེའུ་ཀུན་དཔལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།