གངས་དང་མཚོ་དྲན་ཚུལ།

མདོ་སྨད་ཧེ་རུ་ཀ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-06-05

ཉི་མ་ལྟེ་ཐག་ཏུ་བྱས་པ་ནས།
ལྷགས་རླུང་གིས་ཁ་དོག་ལྡག་དགོས་བྱུང་ཡང་འགྱོད་སྣང་མ་འཚེར་གསུངས།
ས་སྒང་འདིའི་སྒལ་ཚིགས་སུ་བཏབ་པའི་སྙིང་ཕུར་རིང་མོ།
བརྩེ་དུང་འོ་མཚོ་བསྲུབས་པའི་ཉི་ཁུའི་མངལ་ལས།
གླིང་བཞི་གླིང་ཕྲན་སོ་སོར་མཛའ་ཟམ་སྦྲེལ་་ཞིང༌།
འཛམ་གླིང་སྐྱེ་བོས་ཞེ་བློ་ཐོགས་སའི་དྭངས་རྩེ་ཡང༌།
ཁྱོད་ཀྱི་བྲང་གཞུང་ཡིན་པའི་བརྩེ་ཞེན་འཁྲིགས་མྱོང་གི་ཡོད་པར་གླེང་ནའང༌།
ཁྱོད་ལ་ལོ་མའི་སྒྲིབ་གཡོགས་སྲབ་མོ་ཞིག་ལས་ཅི་ཡང་མེད་སྐད།

སྦྲ་ནག་གི་ཁ་ཚུབ་ལས་ཁྱོད་ཀྱི་རྩེ་མོ་ཁད་ཀྱིས་མཐོང་སླ་ཞིང༌།
མ་ཡུམ་སུ་ཞིག་གི་བྱམས་བརྩེའི་འཛུམ་མདངས་ལ་འཁྱུད་པའི་དྭངས་གཙང་ཁྲོད།
དམིགས་རྩེ་རྣོ་ཞིང་མཛངས་པའི་འགྲོ་བ་འདི་དག
ཁྱོད་ཀྱི་སྒོ་ཕྱུགས་འཚོ་བའི་བཙག་ཁའི་རྫི་བོ་ཡིན་ནམ།
ཁྱོད་ཀྱི་རིགས་རྒྱུད་སྲུང་བའི་རླུང་ཁའི་མགྲོན་པོ་ཡིན།

བརྩེ་དུངས་ཀྱི་མཚོ་མོ་ལྷོག་ལྷོག་རྒྱས་པའི་འགྲམ་ངོས་སུ།
དུས་ཚིགས་ཀྱི་བརྩེ་བ་འདེགས་སྤྲོ་བའི་མེ་ཏོག་འཁྲུངས་མ་ནུས་ཀྱང༌།
ལོ་ཟླའི་གྲང་རེག་ལ་ལང་ཚོ་བཅོལ་ནས་རླུང་ངོགས་ཉུལ་གྱིན་པའི།
དད་ལྡན་ག་ཚོད་ཅིག་གིས་བརྩོན་པའི་ཤིང་རྟེ་དྲུད་ནས་ཁྱོད་ཅག་གི་གམ་ལ་འབྱོར་ཡོད
གངས་འཁྱག་ལས་ཁ་མིག་ཕྱིད་ཀྱང་སེམས་འདུན་འཚོལ་མཁས་པ་དག
དུས་ཚོད་ཀྱི་སོ་ཁ་ཕྱིར་ལོག་པའི་ཉམས་དམས་ཀྱི་ཁྲོད་ནས།
སེམས་ཀྱི་དག་ཞིང་སྒོམ་ཞིང་དྲན།

ཁྱོད་ཀྱི་སྤྱི་གཙུག་ལ་འབབ་ཀྱིན་པའི་མར་ཁུ་ལྟ་བུའི་ཉི་འོད་ཁོ་ན་ནི།
དད་པའི་རྡོག་སྣེ་ཐོགས་སའི་གཟུང་ཐག་ཡིན་པར་རློམ།
བརྩེ་བའི་མིག་ཆུ་བྱོ་མི་ཕོད་པ་ནི་ཡ་ཆུང་ཁོག་གི་ཆུ་མིག་སྐེམ་མ་འདོད་པས་ཡིན།
དད་པར་ངོ་ལོག་བགྱི་མི་འདོད་པའང་བླ་མེད་བྲང་ཁོག་ཡངས་ཤིང་ཆེ་བས་ཡིན།
གནམ་སའི་བར་སྣང་ལ་ཁེན་ནས་འགྲེང་བཟོད་པ་ནི།
དྭངས་གཙང་ལ་མགོ་བོ་བསྙེས་ནས་གཉིད་བཟོད་པའང༌།ཚ
ཁྱོད་ཀྱི་ཡ་ཆུང་ན་སྡུག་ཡུས་ཀྱི་རྨ་ཁ་ལུས་མེད་པའི་རྐྱེན་ཡིན།
བརྩེ་བའི་མུ་ཏིག་བཞུས་འདྲའི།   བདེན་པའི་ཀ་བ་ཚུགས་འདྲའི།
འཇིག་རྟེན་གྱི་དཀྱིལ་འཁོར་ལ་ཤོང་མི་ནུས་པའི་སྲིད་པའི་རྩེ་མོ་དེ།
ཉི་མ་ལྟེ་ཐག་ཏུ་བྱས་པའི་ཁྱོད་མིན་ནམ།   ཁྱོད་མིན་ནམ།

དུས་ཚིགས་ཀྱི་བཙན་འཛུལ་མེད་པའི་ཁྱོད་ཀྱི་དག་ཞིང་ནས།
རྟ་ཕོའུཧ་རྨིག་སྒྲ་སྙིང་ཁར་སིམ་ཡོད།   འབྲོང་ཁྱུའི་རྨིག་རྗེས་མིག་ཆུར་གཤེགས་ཡོད།
འུར་ཟིང་དང་འཐབ་འཁྲུག་ལ་མི་སྤྲོ་བར་ལྷིང་འཇགས་ཀྱི་ཞི་བདེར་རོལ་འདུག་པ།
མཚོ་མོའི་མཐའ་འཁོར་ན་རྩེན་པའི་ངང་ཁྱུ་བཞིན་ཡིད་དུ་འོང་ཚུལ་ནི།
རྨིས་མི་ཚར་བའི་རྨི་ལམ་ཞིག་མདུད་མགོ་མ་འཁྲོལ་བས་ཡིན་ནམ།

བྱ་རྒོད་ཀྱི་གཤོག་ཟུང་ཁྱོད་ལ་གཏད་ཡོད།
གསེར་མིག་གི་འདང་བརྩེ་ཁྱོད་ལ་གླན་ཡོད།
དཀྱེལ་ཡངས་པའི་བྲང་གཞུང་ལ་མཐའ་མེད་པའི་ནམ་མཁའ་ཤོང་ནུས་ཀྱང༌།
ཉི་ཟླ་མཆན་འོག་ལ་བཙིར་ནས་རྒས་སོང་འདྲའི་བཤུལ་ལམ་རིང་མོ།
ད་དུང་ཐག་རིང་གི་མ་འོངས་པའི་འབབ་ཚིགས་ལ་བསྙེག་བསམས་པས་ཡིན།

འོད་གསལ་ལྷ་ཡིས་བརྒྱུས་པའི་དམུ་ཐག་མ་བསྣར་གོང་ནས།
ཁྱོད་ཀྱིས་སྤྲེའུ་དེ་དག་ལའང་ལོ་མའི་སྒྲིབ་གཡོགས་ཤིག་ལས་ཅི་ཡང་མི་གནང་བར།
རང་ཉིད་ཀྱི་ལྡོག་འོད་ལ་བསྟིམས་ཡོད་དམ།
མིག་ཆུའི་གཡེང་ལ་ལྕེབས་སུ་འཇུག་པར་བཟོད་དམ།

ཉི་མ་ལྟེ་ཐག་ཏུ་བྱས་པ་ནས།
ནམ་མཁའི་དམུ་ཐག་གི་འཁྲུངས་བལྟམས་ལ་སྒུག་པའི་ངང་ཚུལ་ནི།
མཚོ་མོའི་ངམ་ཁར་ཟུག་པའི་འཇའ་ཚོན་བཞིན་མཛེས་ཤིང་ཡིད་དུ་འོང༌།

རྩོམ་ཁུངས། ༢༠༠༩ལོའིི་སྦྲང་ཆར་དེབ་དང་པོ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གངས་དང་མཚོ་དྲན་ཚུལ།

2010-06-05 མདོ་སྨད་ཧེ་རུ་ཀ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།