གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁེར་རྐྱང་གི་ཟླ་དགུ་བ། (གཞན་གཉིས)

2010-05-26 12:18:00 མ་སངས་མཁའ་འགྲོ། ཀློག་གྲངས། མཆན ཡོད།

ཁ་བ་མ་བབས་གོང་དུ
ངའི་སེམས་པ་འདི་འཁྱགས་ལ་འབྱར་འགོ་རྩོམ
ཕ་ཡུལ་གྱི་དུས་ཚུགས་སྐྱ་བོ་ལས
འཁྱག་སིབ་སིབ་ཀྱི་ལོ་མ་དག་འཐོར་ཚེ
གཡུལ་ས་ནས་ངུས་མྱོང་བའི་བྱིས་པ་ཆུང་ཆུང་ཞིག
ཟླ་དགུ་བ་བསླེབས་དུས 
ཁོ་བོའི་ཤ་ཁྲག་གདོས་བཅས
ངའི་བརྗེད་བྱང་གི་ཁྲོད་ན་ནར་སོན་གྱིན་པ་ཐོས་ཐུབ

ཉི་འོད་ཀྱིས་བཙིར་བའི་མཚན་མོ་འདི
མི་ཡུལ་ནས་སུན་སྣང་གིས་བཞུར་རྗེས
དམག་མི་ཚོས་འོ་དོད་དེ་བྱ་ཕོ་ལས་ཀྱང་སྔ
འུར་ཆེ་བའི་གདངས་འགྲོས་དེའི་ཁྲོད་དུ་སླར་ཡང་རྨེག་མེད་མཆེད་ལ
སྒོ་དྲུང་ནས་བསེར་བུ་ཞིག་དལ་གྱིས་རྒྱུ་དུས
ངས་ཁ་སང་གི་ཆག་འཇིག་དག་དྲན་བྱུང

ཟླ་དགུ་བ  ངའི་ཁེར་རྐྱང་གི་རྣ་བ་བླག་ས
སེམས་གཏིང་གི་རྨ་ཁའང་མ་སོས་པའི་ཁ་སང་དེ་རིང
ནགས་ཀློང་འདིར་གཡུལ་ས་ཞིག་རླུང་གིས་ཁུར་ཨེ་ཡོང་སྙམ་ཚེ
གཉེན་ཉེ་ཚོར་ཐུག་འཕྲད་ཅིག་བྱེད་འདོད་སྐྱེས་བྱུང

༢༠༠༩·༩·༡༠ལ།

ཁེར་རྐྱང།

ཁ་མི་གྲགས་པའི་མིས
འུར་ཟིང་ལ་བྲེད་ཤ་སློང་གིན་འདུག
ཕུ་དུང་གི་འགུལ་སྟངས་ཤིག་གིས
དུས་ཚོད་ཀྱི་སྒྲ་གདངས་ཤིག་གིས
ང་ཚོ་འུར་ཟིང་གིས་དེད་ནས་བཞུར་འགྲོ
འོན་ཀྱང  ཁ་མི་གྲགས་པའི་མི
ཚེ་སྲོག་གིས་གྲུབ་པའི་མི
མཚོ་འགྲམ་ན་ལུས་པའི་རྡོ་ཕ་བོང

བྱིའུ་ཆུང་ཞིག་མེ་སྟག་བཞིན་འཕུར་སོང
དེ་ནི་མིག་རབ་རུབ་ཏུ་གྱུར་རྗེས་ཀྱི་ལྟད་མོ་རེད
ཡུན་རིང་ལ་ཁུ་སིམ་མེར
ད་དུང་ཁྲག་ཐིག་གཅིག་གི་མཛེས་སྡུག
ནམ་ཡང་རུམ་ཁ་རུ་དཔྱངས་བའི་ཚོད་བགམས་འདི་དག
དྲང་བདེན་གྱི་ཆེད་དུ་ལངས་པའི་ཆང་ཁང་ཞིག་དང་ཅི་ཆད

ཁ་མི་གྲགས་པའི་མི
མི་ཚོགས་ཀྱི་གཏིང་ཟབ་སར་འཐིམ་འདུག
དེ་ན་ཁེར་རྐྱང་གི་སྡུག་བསྔལ་ཡོད་པ་འདྲ་ཨང
འུར་ཟིང་ལ་བྲེད་ཤ་སློང་གི་འདུག
        ༢༠༠༨ལོར་བོར་སོང་བའི་ཁ་པར་ཨང་གྲངས་དག

ཅི་ཞིག་འགོ་རྩོམ་ལ་ཉེ་བའི་སྐབས་དེར
ངའི་མིག་གཉིས་ལོང་བར་གྱུར
སྐྱེ་བོ་རྣམས་ཡར་ལངས་ཤིང་སླར་ཡང་འགྱེལ་སོང་བ་དེ
ང་ལ་མཚོན་ན་རྫུན་གཏམ་ལྟ་བུར་སྣང
ཐོས་འཛིན་ནི་གསོག་གསོབ་ཀྱི་གད་སྙིགས་སྤུང་ས་ཁོ་ན་ཡིན་པས

ལོ་སར་རྗེས
ཁྱིམ་མཚེས་གཡས་གཡོན་དུ་བྱིས་པ་རེ་ནར་སོན་གྱིན་འདུག་མོད
༢༠༠༨ལོའི་མེ་ལོང  རྣོ་དང་ཟངས་ལ་བརྡབས་པས
གས་ཆག་དེས  སྙིང་སྡུག་ཚོའི་ངོ་གདོང་སྡོམ་རྒྱ་བཞིན་ལུས
ངས  ཕྱིར་འདང་རེ་བརྒྱབ་ན
ཅི་ཡང་དྲན་རྒྱུ་མེད་པའང་ངོ་གདོང་དེས་ལན་པ་ཡིན

སླར་ཡང་མེ་ལོང་ནང་ལྟ་བཞིན་སྐྲག་སྣང་སྐྱེས
རི་ཆུ་དང་མངའ་ཁོངས་ལྟར་བགོས་པའི་ངོ་གདོང་མཐོང་ཚེ
ངས་ལྐོག་ཏུ་ཁྱིམ་ཐོ་རྫོགས་ཤིང་རྩིས་གྲངས་བླངས
ཨ་ཕ  ཨ་མ  ཕུ་བོ  ནུ་བོ  ད་དུང་མང་པོ་ཞིག་དྲན
རེད་ཡ  ཁོ་ཚོར་འབོད་བྱེད་ཀྱི་ཁ་པར་དྲན་བྱུང
༢༠༠༨ལོར་བོར་སོང་བའི་ཁ་པར་ཨང་གྲངས་དག་དྲན་བྱུང

                                ༢༠༠༩·༡༡·༣ཉིན།

རྩོམ་ཁུངས། རྨ་ཆུའི་སྙན་ངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།