གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྟོན་ཁ།

2010-12-29 07:31:00 སྟོབས་ལྡན། ཀློག་གྲངས། མཆན ཡོད།

སྟོན་ཁ
སྨ་ར་སེར་བོ་ཅན་གྱི་ལམ་འགྲོ་བ།
ཐག་རིང་ནས་འོངས་ཏེ།
ཐག་རིང་ཞིག་ལ་འགྲོ་བཞིན་ཡོད།
ཁོ་མོར་དགའ་བའི་ས་བོན་ང༌།
དཔྱིད་དུས་ཀྱི་མཚན་གུང་ཞིག་ལ།
ཁོ་མོའི་སྙིང་གི་གཤིན་སར་བཏབ།
ཉི་འོད་ནི་རྫ་ཆུ་བསིལ་མ་བཞིན་ཤག་ཤག་འབབ།
ཆུ་ཕྲན་ནི་ལྷ་རྫས་སྔོན་པོ་བཞིན་ལྷབ་ལྷུབ་བསྐྱོད་ཅིང༌།
ཕྱོགས་ཀྱི་བུ་མོའི་མགུལ་དུ་འཁྱུད།
ནམ་མཁའ་དང་རྒྱ་མཚོ།
རི་རོ་དང་ཉི་ཟླ།
གཅིག་ལས་གཅིག་མཛེས།
ང་ཚོའི་ཉེ་འགྲམ་ལ་ཐོན་དུས།
ཁོ་མོའི་བཞིན་རས།
འཆར་ཀའི་དམར་འོད་ཀྱིས་བཀླུབས་ཤིང༌།
སྙན་པའི་གླུ་གཞས་ཤིག
ནགས་ཀླུང་གི་སྲུབས་ཀ་ནས་མཆེད་དེ།
མཁའ་དབྱིངས་སུ་འཇོ་སྒེག་ངོམ།
གཅིག་སེམས་གཅིག་ལ་བཅོལ་བའི་བརྩེ་དུང༌།
བགྲེས་སོང་གི་སྟོན་ཁའི་དབྱངས་འགྲོས་ལ་ཞུགས་ནས།
འབྲས་ལྡན་མའི་ཕྱོགས་སུ་གོམ་ཁ་བསྒྱུར།

རྩོམ་ཁུངས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།