དུས་མཚམས་ཤིག་གི་སྔ་ཕྱི།

འདི་ནས།   ཡོད་ཚད་ལ་སྡོམ་ཚིག་ཅིག་འཇོག་འོས་ཀྱང་སྲིད།
ཡང་ན་འདི་ནི་ཡོད་ཚད་ཀྱི་དབུ་ཚུགས་པ་ཙམ་ཡིན་ཡང་ངེས།
རི་རབ་དེ་དང་ཆུ་ཀླུང་དེ།      ད་དུང་རྩི་ཏོག་དང་ལྗོན་ཤིང་དེ་རྣམས།
རེ་འགའ་ཞིག་འཇགས་ཀྱི་ཀློང་དུ་ཡིབ་པའི་རྫུ་ལ་བརྟེན་ཞིང༌།
རེ་འགའ་ཅི་ཞིག་གི་སླད་དུ་མནོ་བསམ་གཏོང་བཞིན།
ཡོད་ཚད་དེ་འདྲའི་འཇགས་ཆེ་ཞིང༌།   ཐམས་ཅད་དེ་འདྲའི་དབེན་པར་གནས།
རང་དབང་དུ་ཡན་ཞིང་འཕུར་བའི་བྱེའུ་ཚོགས་ཤིག
རི་རྩེར་གཡོ་བའི་སྤྲིན་དཀར་གྱི་འདབ་མ་དང་ལྷན་དུ།
ཐོག་རེག་བྲལ་བའི་མཁའ་དབྱིངས་དེར།
གཤོག་རྩལ་དང་སེམས་པ་མཉམ་དུ་བརྐྱངས།
རི་འདབས་དང་གཙང་ངོགས་སུ་འགྲེང་མཁན་ཁ་ཅིག་གིས།
 བྱེའུ་ཚོགས་དེའི་སེམས་དོན་དང་རྒྱལ་ཁའི་ཆེད་དུ།
ཁུ་སིམ་མེར་སྨོན་ལམ་འདེབས་བཞིན་མཆིས་ཀྱང་སྲིད།
ཡང་ན།    ཁ་ཅིག་གིས་རྣམ་ཀུན་རྨི་ལམ་གྱིས་སྟོང་བའི་གྲུ་ཟུར་ཞིག་ན།
གཟིགས་མོའི་ཚོགས་པ་ཞིག་ལ་མིག་ཟུང་ཅེར་ནས་སྣང་ཡང་ངེས།
དུས་དེར་གནམ་སའི་བར་འཚང་ཁ་ཤིག་ཤིག་གིས་བབ་ཟིན་པ།
བགྲང་ལས་འདས་པའི་སྨོན་འདུན་དང་གབ་ཚིག་སྦྲུམ་པའི་ས་བོན་ཡིན།

རི་ཁྲོད་པ།  ངས་མི་རབས་ནས་མི་རབས་ལ་གྲངས་སུ་བཏབ་པའི།
མ་ཎི་དེ་རྟག་ཏུ་འདོན་མཚམས་བཞག་སྟེ།
སྦྲ་ནག་གི་དམ་ལྷོད་ཤོར་བའི་ཆོན་ཐག་རྒྱང་རིང་གི་ས་མཐའི་བར་དུ་བསྲིངས།
ཐུར་ལ་དྲག་ཏུ་འབབ་པའི་གཙང་པོའི་གཙང་ངོགས་ཤིག་རིམ་པར་བརྒྱུད་དེ།
འུར་ཆ་མགོ་ལ་བསྐོར་ཞིང་རི་ཚོགས་ལ་གླུ་གཞས་ལེན་བཞིན།
ཟློག་ཏུ་མེད་པའི་གཙང་ཆུ་དེ་དང་འདྲ་བར་གཡང་དཀར་གྱི་ཁྱུ་ཚོགས།
ཕ་མཐའ་བྲལ་བའི་ནམ་མཁའ་དེ་ཡི་ཕྱོགས་སུ་དེད།

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དུས་མཚམས་ཤིག་གི་སྔ་ཕྱི།

2010-11-29 བ་རེས། ཀློག་གྲངས། མཆན ཡོད།

འདི་ནས།   ཡོད་ཚད་ལ་སྡོམ་ཚིག་ཅིག་འཇོག་འོས་ཀྱང་སྲིད།
ཡང་ན་འདི་ནི་ཡོད་ཚད་ཀྱི་དབུ་ཚུགས་པ་ཙམ་ཡིན་ཡང་ངེས།
རི་རབ་དེ་དང་ཆུ་ཀླུང་དེ།      ད་དུང་རྩི་ཏོག་དང་ལྗོན་ཤིང་དེ་རྣམས།
རེ་འགའ་ཞིག་འཇགས་ཀྱི་ཀློང་དུ་ཡིབ་པའི་རྫུ་ལ་བརྟེན་ཞིང༌།
རེ་འགའ་ཅི་ཞིག་གི་སླད་དུ་མནོ་བསམ་གཏོང་བཞིན།
ཡོད་ཚད་དེ་འདྲའི་འཇགས་ཆེ་ཞིང༌།   ཐམས་ཅད་དེ་འདྲའི་དབེན་པར་གནས།
རང་དབང་དུ་ཡན་ཞིང་འཕུར་བའི་བྱེའུ་ཚོགས་ཤིག
རི་རྩེར་གཡོ་བའི་སྤྲིན་དཀར་གྱི་འདབ་མ་དང་ལྷན་དུ།
ཐོག་རེག་བྲལ་བའི་མཁའ་དབྱིངས་དེར།
གཤོག་རྩལ་དང་སེམས་པ་མཉམ་དུ་བརྐྱངས།
རི་འདབས་དང་གཙང་ངོགས་སུ་འགྲེང་མཁན་ཁ་ཅིག་གིས།
 བྱེའུ་ཚོགས་དེའི་སེམས་དོན་དང་རྒྱལ་ཁའི་ཆེད་དུ།
ཁུ་སིམ་མེར་སྨོན་ལམ་འདེབས་བཞིན་མཆིས་ཀྱང་སྲིད།
ཡང་ན།    ཁ་ཅིག་གིས་རྣམ་ཀུན་རྨི་ལམ་གྱིས་སྟོང་བའི་གྲུ་ཟུར་ཞིག་ན།
གཟིགས་མོའི་ཚོགས་པ་ཞིག་ལ་མིག་ཟུང་ཅེར་ནས་སྣང་ཡང་ངེས།
དུས་དེར་གནམ་སའི་བར་འཚང་ཁ་ཤིག་ཤིག་གིས་བབ་ཟིན་པ།
བགྲང་ལས་འདས་པའི་སྨོན་འདུན་དང་གབ་ཚིག་སྦྲུམ་པའི་ས་བོན་ཡིན།

རི་ཁྲོད་པ།  ངས་མི་རབས་ནས་མི་རབས་ལ་གྲངས་སུ་བཏབ་པའི།
མ་ཎི་དེ་རྟག་ཏུ་འདོན་མཚམས་བཞག་སྟེ།
སྦྲ་ནག་གི་དམ་ལྷོད་ཤོར་བའི་ཆོན་ཐག་རྒྱང་རིང་གི་ས་མཐའི་བར་དུ་བསྲིངས།
ཐུར་ལ་དྲག་ཏུ་འབབ་པའི་གཙང་པོའི་གཙང་ངོགས་ཤིག་རིམ་པར་བརྒྱུད་དེ།
འུར་ཆ་མགོ་ལ་བསྐོར་ཞིང་རི་ཚོགས་ལ་གླུ་གཞས་ལེན་བཞིན།
ཟློག་ཏུ་མེད་པའི་གཙང་ཆུ་དེ་དང་འདྲ་བར་གཡང་དཀར་གྱི་ཁྱུ་ཚོགས།
ཕ་མཐའ་བྲལ་བའི་ནམ་མཁའ་དེ་ཡི་ཕྱོགས་སུ་དེད།

རྩོམ་ཁུངས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།