རྩྭ་ཐང་གི་མིག་ཟུང༌།

ཅོར་རིགས་འཇམ་དཔལ་སྐྱབས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-08-14

རྩྭ་ཐང་གི་མིག་ཟུང་ནི་སྲིད་པ་འདིའི་ནམ་མཁའ་རེད
རྩྭ་ཐང་གི་གཞི་ན་ལུག་ཁྱུ་ཞིག
སྐར་མ་ལྟར་ཕྱོགས་བཞིར་འཐོར་ནས་བཀྲམས་འདུག་ལ
ལུག་ཁྱུ་དེའི་མཐའ་ན་རྫི་བོ་ཞིག
གནའ་མིའི་ལྷ་སྒྲུང་གི་གླེགས་བམ་ཁུར་ནས་ད་དུང་ཡར་མ་ལངས
རྫི་བོ་དེའི་མགོ་ཐོག་ན
རླུང་གིས་འཐག་གིན་པའི་རྙིང་ཧྲུལ་གྱི་སྦྲ་ནག་ཅིག་འདར་གྱིན་འདུག
འདར་གྱིན་པ་དེ་གཡོ་བཞིན་པའི་ས་འགུལ་རིགས་ཤིག་དང་འདྲ་བར
བདག་གི་སེམས་པ་ཡུན་གྱིས་སྒུལ་བ་ན
ང་ལ་གདུང་སེམས་ཀྱི་མིག་ཆུ་ཞིག་དང
རུས་ཞེན་གྱི་ཚ་དྲོད་ཅིག་ངང་གིས་འབར་ཞིང
ཟུག་གཟེར་གྱི་ཁྲག་རྒྱུན་གསར་བ་ཞིག་རྩ་ལམ་ཀུན་ན་འཕྱོ

ངས་ཕྱིར་དྲན་གྱི་ས་ཚིགས་རེ་རེ་ནས
རྩྭ་ཐང་གི་དྲི་བསུང་དྲི་བཞོན་རླུང་གིས་ཁུར་བ་ཚོར་འོང་པས
ཆེས་རྒྱུན་ལྡན་གྱི་དུས་ཚིགས་བཞི་བོའི་འཁོར་བསྐྱོད་དེ
ངའི་ལུས་ཀྱི་བྲང་ཁ་གཏོར་དེ་སྙིང་འགོར་འབྱོར་བྱུང
ད་ལྟ       ངས་ཁོ་མོར་སྦྲེལ་བའི་ལག་རྡང་དེ་ལྷོད་སོང
ད་ལྟ      ཁྱོད་ཀྱིས་ང་ལ་བགྲད་པའི་མིག་ཟུང་དེ་བཙུམ་རོགས
མིག་ཟུང་གི་སྒོ་ཆེན་བར་ན
རྩྭ་ཐང་དང་ནམ་མཁའ་ཡུག་གཅིག་ཏུ་འདྲེས
རྩྭ་ཐང་གི་སྒོ་ཆེན་དེ་མིག་ཟུང་གི་ཆེས་མཐར་ཐུག་གི་ཐེམ་པ་རེད

ཡིན་ན་ཡང    རྩྭ་ཐང་གི་མིག་ཟུང་ལ་ཅི་ཡང་ཤོང་ན་ཡང
ནམ་མཁའི་གདོང་ན     སྤྲིན་པ་ཕར་འགྲོ་ཚུར་འོང་གྲངས་མེད་པས
གནམ་གཤིས་དེ་འཕྱོན་མ་ཞིག་གི་ངང་ཚུལ་རེད
ང་ཚོ་ཡང་བྲག་རྡོ་ཞིག་གི་གླེན་ཚུགས་རེད
རྩྭ་ཐང་གི་མིག་ཟུང་ནམ་མཁའི་མཐའ་རུ་བརྐྱངས་ན་ཡང
དགུ་ཚིགས་ཀྱི་སྣེ་གཉིས་ཀ་ད་དུང་འཁྱམ་པོའི་རྣམ་ཐར་རེད
སློག་མ་གྱོན་པའི་མི་རིགས་ཤིག་གི་གྲགས་འགུལ
མེ་དཔུང་ཞིག་ལྟར་མེ་ལྕེ་དམར་པོ་ཡར་འཕགས་སོང
མཚམས་མེད་པར་མཐོ་སྒང་གི་མཐོ་ཚད་ཀྱིས་ཡར་འཕགས་སོང

ངས་འགྲོས་མཉམ་པའི་མི་རབས་ཤིག་གི་གོམ་སྒྲ་ལ་ཉན་ནས
ངས་མ་འོངས་པའི་སྐར་ཆེན་ཞིག་ལ་སེམས་ཀྱིས་ཅེར་ནས
ངས་རྨི་ལམ་ནང་གི་བར་སྣང་གི་གནས་ཚང་ལ་སྟོབས་ཀྱིས་རེ་ནས
ནམ་ཡང་ཐལ་བར་བསྲེགས་པའི་མུན་པ་གཞན་ཞིག་གི་རྩྭ་ཐང་དྲན

ཨ་ཨ    རྩྭ་ཐང་གི་མིག་ཟུང་ནི་འཇིག་རྟེན་གྱི་སྒོ་ཆེན་ལགས

རྩོམ་ཁུངས། ༢༠༠༥ལོའི་གངས་རྒྱན་མེ་ཏོག་གསུམ་པ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྩྭ་ཐང་གི་མིག་ཟུང༌།

2010-08-14 ཅོར་རིགས་འཇམ་དཔལ་སྐྱབས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།