རང་ཉིད་མཐོང་བའི་མཚན་མོ་ཞིག

མུན་ནག་དང་འགྲོགས་ནས་རང་ཁྱིམ་དུ་ལོག་རྗེས
ཕྱི་རོལ་གྱི་ལམ་སྣེ་གནས་གང་ལ་བསྲིངས་ཡོད་པ་བརྗེད་སོང
ངས་ཅི་ཡང་ཤེས་མི་སྲིད    ཐ་ན་རང་ཉིད་ཀྱང
སྐར་ཚོགས་ཀྱི་སྨྲ་བ་དབེན་པའི་མཚན་མོ་འདིར
བསམ་གཞིག་ཁོ་ནས་མིག་ཟུང་སྐྱོར་ནས
དལ་ཅག་གེར་རང་ཉིད་བསམ
ལོ་ཟླ་མང་པོ་ཞིག་རྟ་རྒོད་བཞིན་བརྒྱུགས་ཤུལ་ན
རང་ཉིད་ཁོ་ན་ཐབ་རྡོ་ལྟར་ལུས་འདུག
ཆེས་མཐོ་བའི་གསེར་ཞལ་དེ
རང་ཉིད་དང་བར་ཐག་ཁྲི་ཡིས་བཅད་ཅིང
ཆེས་ཞིམ་པའི་འབྲས་བུ་དེ
དགུན་ཟླ་མང་པོའི་སེམས་ཁོང་ན་ལུས
དྲ་ཡོལ་སེམས་ཆུང་སྒོས་བརྒྱབ་ཚེ
སྣང་བ་ཞིག་ལ     ཕྱི་རོལ་རང་ཉིད་དང་འབྲེལ་བ་ཡེ་ནས་མེད་པ་འདྲ
ཆུང་མས་དགའ་ལྷང་ལྷང་གིས་ཉིན་གཅིག་གི་ཡོང་སྒོ་གླེང་ཞོར
མེ་ལོང་ནང་གི་རང་ཉིད་ཇེ་ཡག་ཏུ་བཏང
ད་ནི་ཝུ་ཆང་མོད་པོ་ཞིག་འཐུང་ཚར་བས
ཕུགས་བསམ་དེའི་དབང་གིས
གཏམ་རྒྱུད་མང་པོའི་མགོ་རྐང་ཡང་བསྐྱར་སྒྲིག་ཨེ་ཆོག
ཡང་ན་ཉམ་ཆུང་གི་རང་ཉིད་ཀྱི་ཆེད་དུ

རྩོམ་ཁུངས། ༢༠༠༥ལོའི་གངས་རྒྱན་མེ་ཏོག་གསུམ་པ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རང་ཉིད་མཐོང་བའི་མཚན་མོ་ཞིག

2010-08-12 ཕ་བོང་། ཀློག་གྲངས། མཆན ཡོད།

མུན་ནག་དང་འགྲོགས་ནས་རང་ཁྱིམ་དུ་ལོག་རྗེས
ཕྱི་རོལ་གྱི་ལམ་སྣེ་གནས་གང་ལ་བསྲིངས་ཡོད་པ་བརྗེད་སོང
ངས་ཅི་ཡང་ཤེས་མི་སྲིད    ཐ་ན་རང་ཉིད་ཀྱང
སྐར་ཚོགས་ཀྱི་སྨྲ་བ་དབེན་པའི་མཚན་མོ་འདིར
བསམ་གཞིག་ཁོ་ནས་མིག་ཟུང་སྐྱོར་ནས
དལ་ཅག་གེར་རང་ཉིད་བསམ
ལོ་ཟླ་མང་པོ་ཞིག་རྟ་རྒོད་བཞིན་བརྒྱུགས་ཤུལ་ན
རང་ཉིད་ཁོ་ན་ཐབ་རྡོ་ལྟར་ལུས་འདུག
ཆེས་མཐོ་བའི་གསེར་ཞལ་དེ
རང་ཉིད་དང་བར་ཐག་ཁྲི་ཡིས་བཅད་ཅིང
ཆེས་ཞིམ་པའི་འབྲས་བུ་དེ
དགུན་ཟླ་མང་པོའི་སེམས་ཁོང་ན་ལུས
དྲ་ཡོལ་སེམས་ཆུང་སྒོས་བརྒྱབ་ཚེ
སྣང་བ་ཞིག་ལ     ཕྱི་རོལ་རང་ཉིད་དང་འབྲེལ་བ་ཡེ་ནས་མེད་པ་འདྲ
ཆུང་མས་དགའ་ལྷང་ལྷང་གིས་ཉིན་གཅིག་གི་ཡོང་སྒོ་གླེང་ཞོར
མེ་ལོང་ནང་གི་རང་ཉིད་ཇེ་ཡག་ཏུ་བཏང
ད་ནི་ཝུ་ཆང་མོད་པོ་ཞིག་འཐུང་ཚར་བས
ཕུགས་བསམ་དེའི་དབང་གིས
གཏམ་རྒྱུད་མང་པོའི་མགོ་རྐང་ཡང་བསྐྱར་སྒྲིག་ཨེ་ཆོག
ཡང་ན་ཉམ་ཆུང་གི་རང་ཉིད་ཀྱི་ཆེད་དུ

རྩོམ་ཁུངས། ༢༠༠༥ལོའི་གངས་རྒྱན་མེ་ཏོག་གསུམ་པ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།