དབྱར་འབྲོག་གི་འཁྱུག་བྲིས།

           ༼སྲོད་ཀྱི་སྦྲ་ནག༽
ས་སྲོས    རི་ཐེམ་གྱི་སྦྲ་ནག
འབྲོག་ལ་བབས་པའི་གཞི་བདག་བགྲེས་པོ་འདྲ
རྨ་ཁ་དང་རྒས་གཉེར་བསྣོལ་སར
མཁའ་མཐའི་ཉི་ཟེར་ཐ་མ
རྦབ་ཆུ་སེར་པོ་བཞིན་བརྡོལ་དུས
ཉི་མའི་ཆོལ་ཁ་འཚོ་མཁན
བཙན་པོའི་སྒར་དཔོན་ཚོའི་གསུང་གླེང་གི་དྲོད་ཚད་ལ
སླར་ཡང་རེ་ལྡེའི་ངོས་ནས་རྣམ་ཤེས་འབུས་བྱུང་བ་དང་འདྲ
ལྕགས་ཁྲབ་ལྕགས་རྨོག་གི་སིལ་སྒྲ་དྭངས་མོ་ཡང
རྣ་བ་བླགས་ད་དུང་རླུང་བུའི་ཕྱི་ནང་ན་རྩེན་པ་འདྲ
                 ༼ཞག་ཆར།༽
མེས་པོ་ཚོའི་དཔྲལ་མདོ་དམར་སྒོར་རེར་སྦར་མྱོང་བའི
གཤོག་པ་སྔོན་པོ་རྡེབས་པའི་མཇུག་མཐའི་ཐབ་མེ་ལྷེབ་མོ
གནའ་གཏམ་ཞིག་དང་འདྲ་བར་དལ་ཅག་གེར་གཞིལ་དུས
ཞར་ཆར    སུ་ཞིག་གི་མགྲོན་པོ་བཞིན་གླི་བུར་ལྷགས
རླུང་བུ་ཐར་ཐོར་གྱི་འཁོར་ཕྱོགས་བརྒྱུད
རྒྱང་རིང་ནས་མཆེད་པའི་འོང་བའི་འབྲུག་སྒྲ་ཡང་མོ་རེ་དང
ལྷང་ལྷང་གི་སྒོ་ཁྱིའི་ཟུག་སྐད་འགའ་རེ
རེ་ལྡེ་དང་མུན་པའི་ངོས་ལ་བབས་པའི་མཚར་སྡུག་གི་འཁྱུག་བྲིས་འདྲ
ལ་རྒྱབ་ཀྱི་རྟ་ཕོའི་རྨིག་སྒྲ་འཇགས་རྗེས
ཆུ་ཐིགས་བསིལ་མོ་འགའ
སུ་ཞིག་གི་ལན་བུའི་གསེབ་ཏུ
ཡུན་རིང་བསྐུང་བའི་རྔོན་པ་བཞིན་འཛུལ་སོང

ཞོགས་ཆར་ཤག་ཤག
¨¨¨¨¨
ཞོགས་པར   རི་ལུང་ན
སྨུག་སྤྲིན་ཞོ་ལྟར་ཆགས
ཉི་འོད་འཇམ་ཅག་གེར
ལྗང་མདོག་གི་གསིང་ཁང་བུད་ཡོད་པའི
ཟིལ་ཆུ་འཁུར་བའི་གསེར་མདོག་གི་ཤ་མོ་དེ་དག
ཞག་ཆར་ཐེངས་གཅིག་གིས་བསྐྱུར་བའི་གཏམ་རྒྱུད་འདྲ
སུས་ཀྱང་གོ་སླ་བའི་ཅི་ཞིག་གི་གསང་བརྡ་དང་ཡང་འདྲ
         ༼ མགོ་དཀྲིས་དམར་པོ།༽
མགོ་དཀྲིས་དམར་པོ
རི་བོ་ལྗང་ཁུའི་ནུ་ཏོག་འདྲ
གོ་མྱོང་བའི་ལ་གཞས་དེ
མེ་ཏོག་ལས་འབུས་པའི་རྨི་ལམ་འདྲ
རྐང་ལམ་ཟུག་སའི་སྨུག་སྤྲིན་གྱི་ཧྲག་བར་ན
མགྲོན་པོ་སུ་ཞིག་གིས་སྒུག་ཡོད
སྟོན་ཀའི་ཤྭ་བ་འདྲ་བའི་མགྲོན་པོ་སུ་ཞིག་གིས་སྒུག་ཡོད

མགོ་དཀྲིས་དམར་པོ
རླུང་བུ་ཡང་མོ་བཞིན་བསྐྱོད་སོང
སྨུག་སྤྲིན་བཞུར་ཤུལ་ན
ལོ་མའི་ཟུར་ན་འཚེར་བའི་ཆུ་ཐིགས
བྱིས་སྒྲུང་འདྲ་བའི་ལོ་ཟླ་ཞིག་ལ
ཉིན་ཐོའུཧ་བར་གསེབ་ཏུ་འཛུལ་མྱོང་བའི་མིག་འོད་དེ་དང་འདྲ
མིག་འོད་དེ     བག་མ་ཆུང་ཆུང་ཞིག་གིས་འགྲོ་ཁར་བཞག་པའི་མིག་འོད་དེ
                                                               2003.7.13

རྩོམ་ཁུངས། ༢༠༠༣ལོའི་གངས་རྒྱན་མེ་ཏོག་དེབ་བཞི་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དབྱར་འབྲོག་གི་འཁྱུག་བྲིས།

2010-07-25 ནེའུ་ཆུང༌། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།