རྩྭ་ཐང་གི་རྫི་བོ།

རྨ་རྒྱལ་སྦོམ་རས
སྨན་ཆུ་དང་སྨན་རྩྭ་བཏབ་པས
རྩྭ་ཐང་གི་ནོར་ལུག་རྣམས
སྲིད་ན་དཀོན་པའི་སྨན་མཆོག་ཏུ་གྱུར་ཡོད

རྩྭ་ཐང་གི་རྫི་བོ་འགས
དམིགས་ཡུལ་གཅིག་ཁོ་ནའི་ཧམ་སེམས་ཀྱིས
ནོར་ལུག་གིས་གང་བའི་རླངས་འཁོར་བསྟར་ཕྲེང་བསྒྲིགས་ཏེ
རྒྱ་ཡུལ་དུ་ཤར་གཏོང་བྱེད་ཀྱིན་ཡོད

སྒོར་མོའི་ཡོང་འབབ་བཟང་བས
ཕྱིར་ལོག་པའི་རླངས་འཁོར་རེ་རེའི་ནང་དུ
འབོལ་ཁྲི་རྙིང་བ་དང་ཁྱིམ་ཆས་རྙིང་བ་གང་རེ་བརྩིགས་ཡོད

ངའི་ཆོས་གྲོགས་ཚོ  ཕར་བགྲོད་དུས་ནོར་ལུག་གི་རླངས་འཁོར་མེད་ཀྱང
ཕྱིར་ལོག་དུས་ཆོས་སྣམ་གྱི་ཁུགས་ན་སྒོར་མོ་མང་བ
རྩྭ་ཐང་གི་རྫི་བོ་ཚོ་ལས་ལྡབ་འགའ་མཐོའོ
                                 ༢༠༠༤.༢.༨ལ།

རྩོམ་ཁུངས། ༢༠༠༣ལིའི་གངས་རྒྱན་མེ་ཏོག་དེབ་བཞི་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྩྭ་ཐང་གི་རྫི་བོ།

2010-07-18 བྱ་མདོ་གུར་ཀུམ། ཀློག་གྲངས། མཆན ཡོད།

རྨ་རྒྱལ་སྦོམ་རས
སྨན་ཆུ་དང་སྨན་རྩྭ་བཏབ་པས
རྩྭ་ཐང་གི་ནོར་ལུག་རྣམས
སྲིད་ན་དཀོན་པའི་སྨན་མཆོག་ཏུ་གྱུར་ཡོད

རྩྭ་ཐང་གི་རྫི་བོ་འགས
དམིགས་ཡུལ་གཅིག་ཁོ་ནའི་ཧམ་སེམས་ཀྱིས
ནོར་ལུག་གིས་གང་བའི་རླངས་འཁོར་བསྟར་ཕྲེང་བསྒྲིགས་ཏེ
རྒྱ་ཡུལ་དུ་ཤར་གཏོང་བྱེད་ཀྱིན་ཡོད

སྒོར་མོའི་ཡོང་འབབ་བཟང་བས
ཕྱིར་ལོག་པའི་རླངས་འཁོར་རེ་རེའི་ནང་དུ
འབོལ་ཁྲི་རྙིང་བ་དང་ཁྱིམ་ཆས་རྙིང་བ་གང་རེ་བརྩིགས་ཡོད

ངའི་ཆོས་གྲོགས་ཚོ  ཕར་བགྲོད་དུས་ནོར་ལུག་གི་རླངས་འཁོར་མེད་ཀྱང
ཕྱིར་ལོག་དུས་ཆོས་སྣམ་གྱི་ཁུགས་ན་སྒོར་མོ་མང་བ
རྩྭ་ཐང་གི་རྫི་བོ་ཚོ་ལས་ལྡབ་འགའ་མཐོའོ
                                 ༢༠༠༤.༢.༨ལ།

རྩོམ་ཁུངས། ༢༠༠༣ལིའི་གངས་རྒྱན་མེ་ཏོག་དེབ་བཞི་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།