སྙན་ངག་པའི་ཁེར་ལབ།

                ༼ ལེགས་སྐྱེས།༽
ཁྲག་དྲོན་ལས་བྱུང་བའི་མེ་ལྕེའི་ཐ་སྙད
རུས་པ་ཡིས་བཟོས་པའི་མེ་ཏོག་གི་ཚིག་གྲུབ
ང་ལ       འདི་ལས་གཞན་འབྱོར་བ་ཅི་ཡང་མེད
               ____________གཏམ་ཐོག་མ།

          ༼ཁེར་ལམ་དང་པོ།༽
དབྱངས་གསལ་གྱི་སྒྲོན་མེ་བཏེགས་ནས་མཚན་གུང་གི་གཞས་ཆུང་དང
ཤེས་རབ་ཀྱི་ཐ་སྙད་བསྡེབས་ནས་ཁེར་རྐྱང་གི་སྣང་བརྙན་བཞེངས

           ༼ཁེར་ལབ་གཉིས་པ།༽
བྲེལ་འཚུབ་དང་འུར་ཟིང་གི་གསེབ་ནས      ང་ལ་འཕྱ་དམོད་གཏོང་མཁན་དེ
ལྕགས་ཀྱི་འཕྲུལ་འཁོར་དང་གློག་གི་ཕྲེང་བ་མིན་པ་ལོས་ཤེས
སྡང་སེམས་དང་གཡོ་ཟོལ་གྱི་གསེང་ནས    ང་ལ་འཇིགས་སྣང་སྟེར་མཁན་དེ
ཁང་བརྩེགས་ཀྱི་ནགས་ཀློང་དང་ལམ་གྱི་སྡོམ་དྲ་མིན་པ་ལོས་ཤེས
          
འོན་ཀྱང     ཕོ་ལོ་ཉི་ཤུའི་ཤེལ་ཕོར་ནང་ཡང་ཡང་ཅེར་ན
ང་བཟི་བྱེད་ནི་མགོ་བོ་མེད་པའི་མི་ཚོགས་ཤིག་གི་ཇ་ཁུ་དེ་ལོས་ཡིན་འདོད

           ༼ ཁེར་ལབ་གསུམ་པ།༽
སྙན་ངག་ནི་མི་སེམས་ཀྱི་འོབས་དོང་གསལ་བའི་སྒྲོན་མེ་ཡིན་ན
ཐ་སྙད་ཀྱི་སྡོང་རྩར་སྡིག་སྲིན་དུ་ཡིས་མཆུ་བཙེག་བྱེད
              ༼ ཁེར་ལབ་བཞི་བ།༽
སྡོད་ཁང་དང་མལ་ཁྲི  ད་དུང་རྒས་འཁོགས་ཀྱི་མ་ཡུམ
འདིས   ད་བར་དུ་ངའི་དུངས་ཞེན་དང་སྙིང་རྗེ་འཆིངས་ནས་ག་ཚོད་འགོར
ཤོག་དངུལ་དང་མཚན་སྙན        ད་དུང་ནད་ཡམས་ཀྱི་དབང་ཐང
འདིས    ད་བར་དུ་ངའི་ཤེས་རབ་དང་ལང་ཚོ་བསྡམས་ནས་ཅི་ཙམ་སོང
           ༼ ཁེར་ལམ་ལྔ་བ།༽
ཁེར་རྐྱང་གི་ཆུ་བོ་བྲུག་ན་བྲུག་ཏུ་ཆུགས
སུན་སྣང་གི་རླུང་བུ་གཡུག་ན་གཡུག་ཏུ་ཆུགས
སྒྱུ་འཕྲུལ་གྱི          འདེགས་ཤིང་འདིའི་སྣེ་གཉིས་སུ
སྙན་ངག་པའི་ཤེས་རབ་དང་ལང་ཚོ་བཏེགས་ནས་ཡོད
              ༼ཁེར་ལབ་དྲུག་པ།༽
འདས་ཟིན་པ     ཚིག་གྲུབ་ཀྱི་སྐྲ་ལོ་ནས་ཕྲག་སྟེང་དུ་དཔྱངས
ད་ལྟ་བ    དབྱངས་གསལ་གྱི་སྒྲོན་ངོགས་ནས་འབར་ཀྱིན་འབར་ཀྱིན་ཡོད
མ་འོངས་པ་དེ      མ་འོངས་པ་དེ
ཐ་སྙད་ཀྱི་ཤེལ་དམ་གང་ལ་བླུགས་ནས་འཐུང་དགོས་ཨང

རྩོམ་ཁུངས། ༢༠༠༣ལིའི་གངས་རྒྱན་མེ་ཏོག་དེབ་བཞི་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་པའི་ཁེར་ལབ།

2010-07-16 མདའ་བཙན་པོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།