དུས་ཚོད་ཀྱིས་རྨེག་མེད་དུ་གཏོང་བཞིན་པའི་ང་ཚོ།

བླ་ནག་སྐལ་ལྡན་རྒྱ་མཚོ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-07-16

སྡོང་ལོ་དེ་རྒྱང་རིང་དུ་འཕུར་སོང
སྤྲིན་པ་དེ་ཐག་རིང་དུ་བཞུད་སོང
ཡིན་ནའང   འཇའ་ཚོན་དེ་གཅིག་པུ་ང་ཚོའི་གམ་དུ་དལ་ཅག་གེར་བསྡད་འདུག
ང་ཚོའི་མིག་ཟུང་གིས་དེའི་མཛེས་སྡུག་འཐུང་བཞིན་རང་ཉིད་བརྗེད་འདུག
སྐབས་དེར    ཉི་ཟེར་གྱིས་ཀྱང་རང་ཉིད་ཀྱི་ནག་ཉེས་མཐོང་སྟེ་འགྱོད་བཤགས་བྱེད་མོད
དུས་ཚོད་ཀྱིས་དེ་དག་ལ་ཁ་ཡ་ཁྱོན་ནས་མི་བྱེད་པརཐག་ཐགདགོད་ཀྱིན་འདུག

སྙན་ངག་གི་ཕོ་བྲང་ན་འདར་བའི་སྒྱུ་འཕྲུལ་གྱི་ཐ་སྙད་གྲངས་མེད
བསམ་བློའི་མངའ་ཐང་ན་འཁོར་བའི་སྤྲང་བོ་དེའི་ཨམ་ཕྲག་ལས་འཐོར་གྱིན་འདུག
དུས་མཚུངས་སུ     འགྲུལ་བཞུད་པ་མང་པོ་ཞིག་ཀྱང་ནོར་བུའི་གླིང་ཕྲན་དེར་བགྲོད་འགོ་རྩོམ
ཡན་ནའང    ཁོ་ཚོས་དུས་ཚོད་ཀྱིམདའ་རྩེརང་ཉིད་ཀྱི་སྙིང་ཁར་གཏད་འདུག་པ་ཅུང་ཙམ་ཡང་ཚོར་གྱིན་མི་འདུག

ཉིན་མཚན་གྱི་གོ་རིམ་འཆོལ་བའི་འཁྲུག་རྩོད་དེར་ཐེངས་མང་རོལ་རྗེས
གཉིད་དང་ཟ་མར་གོམས་པའིམི་རབས་གསུམ་པའིཁྲོད་ཀྱི་སྐྱེ་བོ་ཁ་ཤས་ཀྱིས
རང་ཉིད་ཀྱི་རྣམ་ཤེས་གངས་རི་བཞིན་པ་མཐོང་བྱུང
མཇུག་མཐར        དུས་ཚོད་ཀྱི རྡོག་སྒྲཡལ་ཤུལ་དུ་ལྟད་མོ་སྐྱིད་པོ་ཞིག་སྣང་བ་ནི
ཁྲག་གི་རྐང་རྗེས་རེ་རེསའཆི་བཞེས་པའི་ཡིག་འབྲུ་ཆེན་པོ་གཉིས་གྲུབ་འདུག་པ་དེའོ

རྩོམ་ཁུངས། ༢༠༠༤ལོའི་གངས་རྒྱན་མེ་ཏོག་དེབ་གཉིས་པ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དུས་ཚོད་ཀྱིས་རྨེག་མེད་དུ་གཏོང་བཞིན་པའི་ང་ཚོ།

2010-07-16 བླ་ནག་སྐལ་ལྡན་རྒྱ་མཚོ། ཀློག་གྲངས། མཆན ཡོད།

སྡོང་ལོ་དེ་རྒྱང་རིང་དུ་འཕུར་སོང
སྤྲིན་པ་དེ་ཐག་རིང་དུ་བཞུད་སོང
ཡིན་ནའང   འཇའ་ཚོན་དེ་གཅིག་པུ་ང་ཚོའི་གམ་དུ་དལ་ཅག་གེར་བསྡད་འདུག
ང་ཚོའི་མིག་ཟུང་གིས་དེའི་མཛེས་སྡུག་འཐུང་བཞིན་རང་ཉིད་བརྗེད་འདུག
སྐབས་དེར    ཉི་ཟེར་གྱིས་ཀྱང་རང་ཉིད་ཀྱི་ནག་ཉེས་མཐོང་སྟེ་འགྱོད་བཤགས་བྱེད་མོད
དུས་ཚོད་ཀྱིས་དེ་དག་ལ་ཁ་ཡ་ཁྱོན་ནས་མི་བྱེད་པརཐག་ཐགདགོད་ཀྱིན་འདུག

སྙན་ངག་གི་ཕོ་བྲང་ན་འདར་བའི་སྒྱུ་འཕྲུལ་གྱི་ཐ་སྙད་གྲངས་མེད
བསམ་བློའི་མངའ་ཐང་ན་འཁོར་བའི་སྤྲང་བོ་དེའི་ཨམ་ཕྲག་ལས་འཐོར་གྱིན་འདུག
དུས་མཚུངས་སུ     འགྲུལ་བཞུད་པ་མང་པོ་ཞིག་ཀྱང་ནོར་བུའི་གླིང་ཕྲན་དེར་བགྲོད་འགོ་རྩོམ
ཡན་ནའང    ཁོ་ཚོས་དུས་ཚོད་ཀྱིམདའ་རྩེརང་ཉིད་ཀྱི་སྙིང་ཁར་གཏད་འདུག་པ་ཅུང་ཙམ་ཡང་ཚོར་གྱིན་མི་འདུག

ཉིན་མཚན་གྱི་གོ་རིམ་འཆོལ་བའི་འཁྲུག་རྩོད་དེར་ཐེངས་མང་རོལ་རྗེས
གཉིད་དང་ཟ་མར་གོམས་པའིམི་རབས་གསུམ་པའིཁྲོད་ཀྱི་སྐྱེ་བོ་ཁ་ཤས་ཀྱིས
རང་ཉིད་ཀྱི་རྣམ་ཤེས་གངས་རི་བཞིན་པ་མཐོང་བྱུང
མཇུག་མཐར        དུས་ཚོད་ཀྱི རྡོག་སྒྲཡལ་ཤུལ་དུ་ལྟད་མོ་སྐྱིད་པོ་ཞིག་སྣང་བ་ནི
ཁྲག་གི་རྐང་རྗེས་རེ་རེསའཆི་བཞེས་པའི་ཡིག་འབྲུ་ཆེན་པོ་གཉིས་གྲུབ་འདུག་པ་དེའོ

རྩོམ་ཁུངས། ༢༠༠༤ལོའི་གངས་རྒྱན་མེ་ཏོག་དེབ་གཉིས་པ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།