ཁྲོན་པའི་ནང་གི་སྦལ་བ།

བར་སྣང་ཡངས་པོ་ནས་བལྟས་ཚེ
ས་ཆེན་གྱི་ཡང་རྩེར་གནས་པའི་ཁྲོན་པ
མགོ་རུས་སྐམ་པོ་ཞིག་གི་མིག་ཀོང་བཞིན་ནག་སྟོང་ངེར
ལོ་ངོ་བརྒྱ་སྟོང་ཙམ་ཡུན་གྱིས་སོང་ཟིན་ཡང
གོར་མོ་རྡོ་ཡིས་བརྩིགས་པའི་དབང་གིས
མི་འཇིག་མི་ནུབ་པའི་རྡོ་རིང་བཞིན་གནས་ཡོད

དོན་དམ་གྱིས་མེས་པོ་རྣམས་དགུང་དུ་གཤེགས་ན་ཡང
སྔར་བཞིན   སྦལ་བ་ཚོར་འདབ་ཆུ་གང་འདོད་དུ་ཡོད་པས
འདར་རྒྱག་མེད་པར་ཚེ་སྲོག་གི་རྒྱུན་བསྲིངས་ཤིང
ད་དུང   སྐབས་སྐབས་སུ
ཡིད་ཚིམས་པའི་གླུ་དབྱངས་རེ་བླངས་པ་དེར
དྭངས་ཆ་དང་སྙན་པའི་ཆ་ཤས་གང་ཡང་མེད་མོད
སྦལ་བ་ཚོའི་སྣང་ངོར
དོན་དམ་གྱིས་བདག་པོ་ཡིན་པའི་ཁེངས་གླུ་ཡིན

ཁྲོན་པའི་བར་སྣང་དུ་ཉི་ཟླ་འཁོར་སྐྱོད་མེད་པས
ཉིན་མཚན་གྱི་དབྱི་བ་ཚོད་དཔག་མི་ཐུབ་ལ
ལྷན་སྐྱེས་ཀྱི་ཁ་དོག་དང་ཆེ་འདོད་ཀྱི་དབྱིབས་གཟུགས་དག་ཀྱང
སྦལ་བ་ཚོར་རྒྱུས་མངའ་ཅི་ཡང་མེད་མོད
མཛེས་སྡུག་གི་དྭངས་མར་བརྩི་བའི་ང་རྒྱལ་ཡལ་མ་མྱོང
སྦལ་བ་འདི་དག   དངོས་གནས་ཅི་ཡང་མེད་པའི་སྦལ་བ་འདི་དག
འོད་ཟེར་དང་གཙང་པོ་ལ་རྒྱབ་ཀྱིས་ཕྱོགས་པའི
མཐའ་མཇུག་གི་སེམས་ཅན་གཅིག་པུ་ཡིན་ནམ

ཕྱི་རོལ་ཏུ་འབྲུག་སྒྲ་ལྡིར་ལྡིར་གྲགས་ཤིང
ཁྲོན་པའི་ནང་ཆར་བ་ཟིམ་ཟིམ་བབས་ན་ཡང
ཕྱི་རོལ་ཏུ་ནམ་མཁའ་ཡངས་པོ་ཞིག་དང
རང་ཉིད་དང་འདྲ་བའི་སེམས་ཅན་ངོ་མ་ཞིག་ཡོད་པར་ཡིད་མི་ཆེས
སྦལ་བ་འདི་དག      སྙིང་རྗེ་བའི་སྦལ་བ་འདི་དག
ཁྲོན་པའི་མུན་ཁྲོད་ན་མགོ་བོ་འཁོར་བའི 
ཆེས་མཐའ་མཇུག་གི་སེམས་ཅན་ཡིན་ནམ
ནམ་ཞིག    བྱེའུ་ཅོ་ག་ཞིག་སྟེས་དབང་གིས་ཁྲོན་པའི་ཁར་བབས་ནས་བལྟས་པ་ན
སྦལ་བ་རྣམས་འདམ་རུལ་དང་མཉམ་དུ་བསྐམས་ཤིང
དྲི་མ་ཁ་མོ་ཞིག་ད་དུང་འཁྱིལ་འདུག་པ་ཤེས
ད་གཟོད   ཁྲོན་པའི་ནང་འོ་མ་ལྟ་བུའི་ཆར་བ་ཟིམ་ཟིམ་ངང་བབས་ཤིང
ཁ་བཏགས་ལྟ་བུའི་ཉི་འོད་གཙང་མ་ཞིག་ལམ་ལམ་འཕྲོས་ན་ཡང
སྦལ་བ་རྣམས་རྩད་པ་རུལ་བའི་སྡོང་རྒན་བཞིན་སྨིན་མི་སྲིད
                                                         ༢༠༠༣.༨.༢༡ལ།

རྩོམ་ཁུངས། ༢༠༠༤ལོའི་གངས་རྒྱན་མེ་ཏོག་དེབ་གཉིས་པ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྲོན་པའི་ནང་གི་སྦལ་བ།

2010-07-13 གངས་འཚོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།