ཉམ་ཐག་པ་འདྲ་བའི་སྙན་ངག(ཞར་བཀོད་གསུམ་ཡོད)

ཀླུ་པད་བཟང་།(དཀར་མཛེས) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2018-02-10

7E72D6D7-3F9A-4954-AEA3-33E7644CDEB2-762-0000004EA0249DD4_tmp.JPG

ང་ལ་བསྐྱུར་བའི་བསྔོ་ཡིག་ཕོན་པོ་འདི
ལག་ཏུ་ཐོགས་རྗེས་ཐལ་བ་སྙིམ་པ་གང
བརྩེ་དུང་གི་འཇིག་རྟེན་ནས་རུལ་གྱིན་པའི་མེ་ཏོག
ཁྱོད་དང་ང་ཡི་བར་ཐག་གི་གཡང་སར་ལྷུང
ལག་པ་བསྙབས་ནས་འཐམ་ས་ཞིག་མི་འདུག

མིག་འདུན་གྱི་བར་སྣང་སྟོང་པ་དེར
རང་སེམས་དུག་གི་ལོ་མ་རླུང་གིས་སྐྱོད་སོང

ཡིད་ཆེས་དང་ཐེ་ཚོམ་བར་གྱི་གཡུལ་འགྱེད་ཁྲོད
སྙན་ངག་པས་འཕྲུལ་སྣང་གི་དར་ཤིང་མེ་ལ་བསྲེགས
མི་ཚེ་ཕྱེད་ཀ་འཁྱུག་ཙམ་གྱིས་རྟ་གོང་ནས་ལྷུང་སོང

བཟི་བོ་ཚོའི་ལག་ཏུ་ཐོགས་པའི་མདུང་རྩེ་རྣོན་པོ་ཡིས
ས་གཞི་ཆེན་པོར་རྨ་ཁ་བཟོས་པ་སོ་སོས་ཤེས་གྱུར་ན
ལོ་རྒྱུས་ཀྱི་མི་སྣ་ཡིན་པའི་གྲྭ་བཙུན་དེས
འདོད་ཡོན་གྱི་སྨུག་པ་དུམ་བུར་བཤགས་ཀྱང་འགྱོད་སེམས་མེད།

                         2018. 1. 26
                 
            རབ་བྱུང་བའི་སྒྲུང་།

ཤི་གསོན་དང་འབྲེལ་བའི་རླུང་ནག་འཚུབ་མས
སྐྱེ་བོ་རེ་རེའི་གྲིབ་མ་བདག་དང་རིང་དུ་ཁྱེར་རྗེས
ཤུལ་དུ་ལུས་པའི་ཀེང་རུས་ཆ་ཚང་བ་དེ
མི་རྟག་པའི་སྙིང་པོར་བསྒོམས་ནས
ཆགས་སྡང་གི་སྤྲོས་པ་ཞི་བར་བྱས

བླ་མའི་མན་ངག་གིས་ཁྱོད་ཀྱི་མིང་མཐའ་རུ་ཀེང་རུས་ཆ་ཚང་ཞིག་འདྲུད་ཡོང་བས
ཁྱོད་ཀྱིས་སྲབ་འཇམ་གྱི་ལྭ་བ་རང་གི་ལུས་སྟེང་ནས་ཕར་བཤུ་དུས
བརླ་ཤ་འཇམ་ས་ནས་སྣག་ཁྲག་གི་ཐིགས་པ་འཛག་བྱུང
ཁྱོད་ཀྱི་སྒེག་པའི་འཛུམ་ཞལ་དེ
སང་ཞོགས་མཐོང་འདོད་རེ་བ་ཤིན་ཏུ་ཆེ་ན་ཡང

བདག་ལ་བླ་མས་བཀའ་བསྩལ་བ  འདི་སྐད
འཁྲུལ་སྣང་གི་དྲ་བ་ཡོངས་སུ་གཅོད་འདོད་ཚེ
དབུགས་འབྱུང་རྔུབ་ཀྱི་དྲན་པ་ཉེ་བར་བཞག་སྟེ
ས་གཞི་ཐམས་ཅད་ཀེང་རུས་ཀྱིས་གང་བར་སྒོམས
བུ་མོ་གཞོན་ནུ་མ་དེའང་ཀེང་རུས་ཆ་ཚང་ཞིག་ཏུ་སྒོམས
དམར་རྗེན་རྗེན་གྱི་མཆུ་སྒྲོས་དང་དཀར་འཇམ་གྱི་བརླ་ཤ
ཟག་བཅས་བདེ་སྦྱིན་གྱི་མཚན་མ་དག་ཀེང་རུས་ཀྱི་ཆ་ཤས་སུ་སྒོམས་ཤིག
དབང་པོ་རྣམས་དྭངས་ཤིང་གསལ་ན་ཡང

ལས་ཉོན་གྱི་སྡིག་སྒྲིབ་ཅི་འདྲའི་འཇམ་ན་ཡང
ཞེད་སྣང་སྙིང་གི་འཕར་སྒྲ་འཛེར་སྐད་ལྷང་ལྷང
བླ་མས་བདག་ལ་མན་ངག་ཁྱད་པར་ཅན་ཞིག་གནང་བས
ས་གཞི་ཀེང་རུས་སུ་སྒོམ་ནུས་པ་ཇི་བཞིན
བདག་གིས་ཀྱང་རང་དབང་རང་སྟོབས་ངང་ཤེས་རབ་ཟབ་མོ་ཞིག་མགར་ཏེ
འཇིག་རྟེན་གྱི་མཛེས་སྡུག་མ་ལུས་ཁྱོད་ཀྱི་མཛེས་སྡུག་ཏུ་བསྒོམ་དགོས
རིགས་དྲུག་གི་སྐྱེ་བོ་བདག་གི་དགྲ་རུ་ལངས་ན་ཡང་།

                      2018. 2. 6

            བློས་བསླངས།

རྟ་ཕོ་ཐག་རིང་ལ་ཕྱིན་རྗེས
ནགས་ཚལ་གྱི་ལོ་འདབ་སྟུག་པོའི་ཁྲོད
སྤྲིན་པ་ལེབ་མོ་ལྟ་བུའི་ཤིང་ཁང་ཆུང་ཆུང་ཞིག་མགར་ཡོད
དེའི་ནང་དུ་འུ་གཉིས་ཀས་ཁ་བ་སྙིམ་པ་གང་བཞུས་ནས
འཇིག་རྟེན་རིགས་དྲུག་ལ་ཁོ་ཧྥེ་ཕོར་གང་དྲངས
སེམས་ཀྱི་ཡལ་གར་སྨིན་པའི་ལན་བུ་རེ་རེ
ཤ་ཁྲག་གི་དཀྱིལ་འཁོར་ལ་འབྱར་བའི་ལྕགས་སྒྲོག་ཏུ་གྱུར་ཚེ
སྲས་མོ་དེ་འཁྱུག་ཙམ་གྱིས་སྣང་བའི་ཡུལ་དུ་མངོན་མོད
རྣམ་ཤེས་ཉིད་ཁྲག་གིས་སྦངས་པ་ཙམ།

                   2017. 5. 28

            རྨི་བཤད།

མོས་གློ་གྲི་ཞིག་ལག་ཏུ་ཐོགས་ནས
སེམས་སྟོང་པ་འདི་རྒྱུ་སྐམ་ཇི་བཞིན་གཏུབས་རྗེས
ང་ཡི་གློ་མཆིན་སྙིང་གསུམ་ཁྱོད་ལ་དབང་ངོ་ཞེས
ལག་པ་སྐམ་མ་རློན་དེས་ང་ལ་དམ་པོར་འཇུས་བཞག

ས་སྲོད་ལྟ་བུའི་ལོ་ཟླ་དག
རྣམ་རྟོག་རབ་རིབ་ཅིག་གི་རྩེ་མོ་བརྒྱུད་དེ
དྲན་གདུང་གི་རུམ་ཁ་ནས་ཚང་རྩིས་རྒྱག་དུས
སྐྱེ་བ་འདི་ཡི་ནགས་ཚལ་ཉི་མས་སྐེམ་གྱིན
ལོ་མ་ཐ་རེ་ཐོ་རེ་དུར་ཁྲོད་ཀྱི་གནས་སུ་ལྷུང

ལན་ཆགས་བུ་ལོན་གྱིས་བཤེར་བའི་དམ་ཚིག
སྐྱེ་བ་སྔ་ཕྱི་དམ་དུ་སྦྲེལ་བྱེད་ཀྱི་རུ་མ
རྨི་ལམ་འཁྲུག་བྱེད་ཀྱི་རྩ་རླུང་བརྟན་པར་བྱས་ཀྱང
ད་ལྟ་ང་ཡི་ལྷུང་བཟེད་ཆང་གིས་བརྒྱངས་བཞག

གནའ་བོའི་གསུང་རབ་ཀློག་བྱེད་ཀྱི་མིག་ཟུང་འདི་ཉིད
ཚེར་མའི་མེ་ཏོག་གིས་ཚལ་བ་བརྒྱར་གཤགས་ཏེ
ཚངས་དབྱངས་རྒྱ་མཚོའི་རྗེས་ཀྱི་གྲིབ་མ་མདུན་དུ་ཕྱོགས་དུས
ཁྱོད་ཀྱི་སྙིང་ཆུང་གི་འཕར་ལྡིང་རྣ་བས་ཐོས་ཡོང

བསླུ་བྲིད་ཀྱི་བཙོན་དུ་བཅུག་པ་ནས
མི་འདོད་པ་མཐའ་དག་རང་གི་སྔས་འགྲམ་དུ་སྤུངས་ཏེ
ང་ཡི་རིགས་མཐུན་ཚོགས་ཀྱིས
མེ་དམར་པོ་ལ་ལྕེ་རྩེ་སྲིང་བའི་གར་འཁྲབ་བཞིན་འདུག་ཨང་།

                      2017. 10. 2

རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཉམ་ཐག་པ་འདྲ་བའི་སྙན་ངག(ཞར་བཀོད་གསུམ་ཡོད)

2018-02-10 ཀླུ་པད་བཟང་།(དཀར་མཛེས) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།