གླུ་མའི་ལབ་བརྡོལ།

            ད་ལྟ་རྫོང་མཁར་ཆུང་ཆུང་ནས་གྲོང་ཁྱེར་ཆེན་པོའི་བར་དུ་ཁོ་མོའི<<ཕ་ཡུལ>>དང<<ནམ་ལངས་ཐལ>>ལྟ་བུ་ལེན་མི་ཤེས་མཁན་ཞིག་ཕལ་ཆེར་མེད། ཁོ་མོས་ཀྲུང་གོའི་གླུ་སྟེགས་ནས"ལྗིད་ཚད"ཆེ་བའི་བྱ་དགའ་ཡང་མི་ཉུང་བ་ཞིག་བླངས་པ་མ་ཟད།རིག་རྩལ་འཁྲབ་སྟོན་གལ་ཆེན་དག་གིས་སྐབས་སུའང་རྒྱུན་པར་མཐོང་ཐུབ་པས། ཁོ་མོ་ནི་ཁ་མིན་དོན་གྱིས"ལྗིད་ཚད"ཆེ་བའི་གླུ་མ་ཞིག་ཏུ་བགྲངས་ཆོག  ཁོ་མོ་ནི་གནམ་གྲུ་བཀོལ་ནས་མེས་པོའི་ཕོ་བྲང་གི་ཡང་ཐོག་ཏུ་འབབ་པར་སྟོང་བསམ་ཧ་ལས་པ་འཆང་མཁན་གླུ་མ་ཧན་ཧུང(韩红)ཟེར་བ་དེ་རེད། ལ་ལས་ཁོ་མོ་ཕ་ཡུལ་བོད་ལྗོངས་གཞིས་ཀ་རྩེ་ནས་ཡིན་པའི་བོད་རིགས་ཤིག་རེད་ཟེར།ཡང་ལ་ལས་ཁོ་མོ་བོད་ཡུལ་ནས་སྐྱེས་པའི་རྒྱ་རིགས་ཤིག་རེད་ཟེར་།ང་ལ་མཚོན་ན།ཁོ་མོ་མི་རིགས་གང་གི་ཡིན་པ་ནི་མཉམ་འཇོག་བྱེད་རིན་མེད་པའི་དོན་དག་ཅིག་རེད། ད་ལོར། ཀྲུང་གོའི་ན་གཞོན་གླུ་མའི་འགྲན་ཚོགས་ཆེན་མོ་ཞིག་གི་སྐབས་སུ། ཁོ་མོ་དཔྱད་འདེམ་པའི་གྲས་ཀྱི་གཅིག་རེད། འགྲན་ཚོགས་འདི་འདྲ་ནི་ཀྲུང་གོའི་རིགས་གཅིག་འགྲན་ཚོགས་ཁྲོད་རིམ་པ་ཆེས་མཐོ་བ་ཞིག་ཡིན་པ་མ་ཟད།ལྟ་མཁན་ཡང་ཆེས་མང་བ་ཞིག་ཡིན་སྐད།ཁོ་མོ་འགྲན་ཚོགས་འདི་འདྲ་ཞིག་གི་དཔྱད་འདེམ་པའི་གྲས་སུ་ཐོན་འདུག་པ་ལས་ཀྱང་ཁོ་མོའི་"ལྗིད་ཚད"དེ་ཚོར་ཡོང་ཐུབ། འགྲན་ཚོགས་འདི་འགྲན་ཞུགས་པའི་སྐད་ངག་བདེ་མིན་ཁོ་ནར་བལྟ་བ་ཞིག་མིན་པར་རིག་གནས་ཆུ་ཚད་ལྟ་བུ་ཕྱོགས་མང་བོ་ལ་ལྟ་གི་འདུག ཕ་ཡུལ་བོད་ལྗོངས་ནས་ཡིན་པའི་འགྲན་ཞུགས་པའི་སྐད་ངག་གིས་སྐར་མ་མཐོ་ཙམ་ལོན་སོང་ཡང་དེའི་འཕྲོར་འགྲན་ཞུགས་པའི་རིག་གནས་ཆུ་ཚད་ལ་བལྟ་བའི་འགྲན་སྡུར་རྣམ་གྲངས་ཀྱི་སྐབས་སུ། གླུ་བས་བདམས་པའི་དྲི་བ་ནི། མདུན་གྱི་གཟུགས་མཐོ་ངོས་སུ་ཤར་བའི་གནའ་རྫས་དེ་རྒྱ་ནག་གོང་མ་སུའི་སྐབས་ཀྱི་ཡིན་པ་དེ་རེད། མདོ་འཛིན་པས་གསལ་བཤད་ཅིག་བྱས་ནའང་རྒྱ་ནག་སྐད་ཀྱི"文物"ཟེར་བ་དེ་ཅི་ཞིག་ཡིན་པ་གླུ་བསམ་ཤེས་སྟབས།མདོ་འཛིན་པ་དཔྱད་འདེམ་པའི་གྲས་ན་ཡོད་པའི་ཁོ་མོར་ལོ་ཙཱ་བྱེད་དུ་བཅུག རྒྱ་ནག་སྐད་གྱི“文物”ལ་<<རྒྱ་བོད་ཚིག་མཛོད་ཆེན་མོ>>རུ། རིག་གནས་དང་རིག་གནས་ཤུལ་དངོས།རིག་གནས་དངོས་རྫས་ལྟ་བུ་བྲིས་འདུག་མོད་འགྱུར་མིང་འདི་དག་ཁོ་མོས་མི་ཤེས་ཁོ་ཐག་རེད་ལ་འགྲན་ཞུགས་པས་ཀྱང་དོན་གོ་ཐུབ་རྒྱུ་མ་རེད།གལ་སྲིད་འདི་ཕྱོགས་ཀྱི་འགྲན་ཞུགས་པ་ཞིག་ཡིན་ན།“文物”ལ་གནའ་རྫས་ཟེར་བ་རེད་ཅེས་ན་དོན་གོ་འགྲོ་བར་གདོན་མི་ཟ་བས།རྒྱུན་སྤྱོད་ཕ་སྐད་འདི་ལྟ་ས་བས་ཀྱང་ལོས་གོ་སྙམ། གལ་སྲིད་ཁོ་མོས་སྐབས་ཐོག་དེར་“文物”ལ་འགྱུར་མིང་རན་པ་ཞིག་མ་རྙེད་པའི་དབང་དུ་བཏང་རུང་།འགྲན་ཞུགས་པ་དང་རང་ཉིད་ཕ་ཡུལ་གཅིག་གི་ཡིན་པའི་ཆ་ནས“文物”ཟེར་བ་དེ་གནའ་མིས་བཟོས་པའི་འདྲ་གཟུགས་ཤིག་ཡིན་ཚུལ་དང་ད་ལྟ་ཁོ་ལ་འདྲི་བཞིན་པ་ནི་འདྲ་གཟུགས་དེ་རྒྱ་ནག་རྒྱལ་བོ་སུའི་སྐབས་ཀྱི་ཡིན་པ་དེ་རེད་ཅེས་ཕལ་སྐད་ཀྱིས་འགྲེལ་བཤད་གསལ་བོ་ཞིག་བྱས་ན་འགྲན་ཞུགས་པས་ཧ་གོ་འགྲོ་བར་ཐེ་ཚོམ་མེད། ཡིན་ནའང་། ཁོ་མོས་ཚིག་ཐག་ཆོད་པོས་མདོ་འཛིན་པར་བོད་ལ“文物”མཚོན་པའི་བརྡ་ཆད་ཅིག་མི་འདུག་ཅེས་ཐལ་སོང་། དོན་དངོས་སུ། བོད་ལ“文物”མཚོན་པའི་བརྡ་ཆད་ཅིག་ཡོད་དམ། ཡིག་ཐོག་ཏུ་གཅིག་གྱུར་ཅིག་མེད་པར་སྣང་མོད་ཁ་ཐོག་ནས་ལྷ་ས་བ་ལ་“文物”མཚོན་པའིརྒྱུན་བཀོལ་གྱི་ཕལ་སྐད་ཅིག་ཡོད་པ་ལ་ནི་དོགས་པ་བཟའ་ས་གང་ཡང་མེད། དྲིས་པ་ལྟར་ན། ལྷ་ས་བས“文物”ལ་"ཅ་ལག་རྙིང་པ"ཟེར་ནི་རེད་ཟེར། ལོ་རྒྱུས་ལྡན་པའི་མི་རིགས་གང་ཡིན་རུང་། རང་རང་གི་གནའ་རྫས་ཆེ་ཆུང་སྣ་ཚོགས་ཡོད་ངེས་ལ་ཡོད་པའི་རྒྱུ་མཚན་གྱིས་དེ་མཚོན་པའི་རྒྱུན་བཀོལ་སྤྱི་མིང་ཞིག་ཡོད་སྲིད་པ་ནི་ཆེས་སྤྱིར་བཏང་གི་རྒྱུན་ཤེས་ཤིག་རེད།དེའི་སྟབས་ཀྱིས་ཁོ་མོའི་སྟེང་ལ་ཁོ་མོ་ལྟ་བུ་ཁྲི་འབུམ་བསྣན་ཡང་བོད་ལ“文物”མཚོན་པའི་མིང་བརྡ་ཞིག་མེད་གོ་མི་ཆོད། ཡུལ་དུས་དེ་འདྲ་ཞིག་གི་སྟེང་ནས། ཁོ་མོས་བོད་ལ་“文物”མཚོན་པའི་བརྡ་ཆད་ཅིག་མི་འདུག་ཅེས་ཐག་གིས་བཅད་དེ་བསྒྲགས་དོན་གྱི་རྩ་བ་རང་གི་ངོ་པགས་སྲུང་ཕྱིར་ཁོ་ན་ཞིག་ཡིན་པ་དང་།རང་གི་ངོ་པགས་ཙམ་གྱི་དོན་དུ།མི་རིགས་ཤིག་གི་སྐད་ཆའི་མགྲིན་ཚབ་པའི་གྲས་སུ་འཚང་བར་ཐེ་མི་ཚོམ་པའི་ཚོད་ཅིག་ལ་ཐོན་འདུག་པ་འདིས"ལྗིད་ཚད"ཆེ་བའི་ཁོ་མོ་ཡང་སྤྱི་ཚོགས་ཀྱི་རླུང་ཁ་ན་བྱ་སྤུ་བཞིན་ཁུར་ཟིན་པ་མཚོན།ལྟ་མཁན་ཚོས་ཁོ་མོའི་སྐད་ཆ་ལས་ཅི་ཞིག་ཧ་གོ་ཐུབ་གི་ཟེར་ན། ཁོ་མོ་བོད་སྐད་སྨྲ་བར་ཐོགས་རྡུགས་མེད་པ་མཚོན། གལ་སྲིད་དེ་འདྲ་མིན་ན་བོད་ལ“文物”མཚོན་པའི་བརྡ་ཆད་ཅིག་ཀྱང་མི་འདུག་ཅེས་ཁ་ཚོན་གཅོད་པའི་སྤོབས་པ་དེ་འདྲ་ཞིག་ཡོད་མི་སྲིད། ཁོ་མོའི་སྐད་ཆའི་ནང་དོན་ནི། ངས“文物”ཟེར་བ་དེ་བོད་སྐད་དུ་ལོ་ཙཱ་བྱེད་མི་ཤེས་པ་མིན་མོད་བོད་རང་གི་སྐད་ཆའི་ནང་ན“文物”མཚོན་པའི་བརྡ་ཆད་ཅིག་མི་འདུག་པས་ང་ལ་ཐབས་མི་འདུག་ཅེས་ཁག་ཐམས་ཅད་བོད་སྐད་ལ་བཀལ་བ་དེའོ།།ཐ་ན་ལྷ་སའི་ཕལ་སྐད་ལའང་བྱང་ཆ་མེད་ནི་ཞིག་གིས་བོད་ཀྱི་སྐད་ཆ་ཞེས་མཐོ་བཤད་ཆེ་བཤད་འདྲ་བྱེད་ཅིང་མི་ཤེས་ཤེས་མདོག་གིས་བོད་སྐད་ལ་“文物”མཚོན་པའི་བརྡ་ཆད་ཅིག་མེད་པར་འུར་རྒྱག་པ་ནི་བོད་ཀྱི་སྐད་ཆར་བརྙས་བཅོས་བྱས་པ་ཞིག་རེད།ལོ་ངོ་སྟོང་ཕྲག་མང་བོའི་ལོ་རྒྱུས་ཡོ་སྐད་ཀྱི་མི་རིགས་ཤིག་གི་སྐད་ཆའི་ནང་ན“文物”མཚོན་པའི་བརྡ་ཆད་ཅིག་ཀྱང་མི་འདུག་ཅེས་ན། བློ་མིག་ཅན་དག་ཁོང་དགོད་འཆོར་བར་བྱེད་ནའང་། ཕལ་བའི་སྐྱེ་བོ་རྣམས་ཧ་ལས་པར་བྱེད་སྲིད་ལ། བོད་རིགས་ནི“文物”ལ་ཅེར་ནས་ལྐུག་པར་འདུག་པའི་མི་རིགས་ཤིག་ཡིན་ངེས།མཐོ་དམན་བར་མའི་སྐྱེ་བོ་དག་གི་སྣང་ངོར་ཅི་ཞིག་འཆར་སྲིད་ནའང་འཆར་དུ་ཆུགས་ཀྱང་།ངས་ནི་གླུ་མ་ཞིག་གི་ལག་ནས་བོད་སྐད་ལ་ཁོ་མོའི་ངོ་པགས་ཙམ་གྱི་རིན་ཐང་ཡང་མེད་པར་གྱུར་པ་དང་།གླུ་མ་ཙམ་ཞིག་གིས་བོད་སྐད་ཀྱི་རྩིས་ཐང་རྡོག་པས་བརྫིས་པ་དེ་སེམས་ལ་མ་སོང་བ་ཡིན།ངོ་མ་བཤད་ན།གླུ་མ་ནི་གླུ་ཙམ་རེད།གླུ་མས་ཅི་ཟེར་ལ་ངས་མཆུ་ཏོ་བསྲིངས་དགོས་དོན་མེད་ཁར་བསྲིང་འདོད་དེ་བས་ཀྱང་མི་འདུག་མོད།གླེང་རིན་ཙམ་མེད་པའི་གླུ་མ་ཞིག་བོད་སྐད་ཀྱི་མགོ་ཐོག་ཏུ་ལྡིང་ཡོང་ཚེ་ཁ་རོག་གེར་འདུག་མ་ཐུབ་པ་ཙམ་ཡིན།

རྩོམ་ཁུངས། དམངས་ཁྲོད་དུས་དེབ

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གླུ་མའི་ལབ་བརྡོལ།

2008-12-03 ཟུར་གསུམ་མ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།