ས་ཆུ་མེ་རླུང་གི་རང་སྒྲ།

གཟུངས་ཕྱུག་སྐྱིད། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2008-10-29

                                   ༡ མེ་ནང་གི་ལྷ།
        ང་མ་སྦར་རོགས། བདག་ལ་འདུ་ཤེས་ཡོད། བསྲེགས་ཀྱང་མི་ཚིག་པའི་ཆགས་སྡང་གི་འདུ་ཤེས་ཡོད། བདག་ལ་ཚོར་བ་ཡོད། འཛད་མཐའ་བྲལ་
བའི་བདེ་སྡུག་གི་ཚོར་བ་ཡོད།
       ང་རང་ལྷ་མིན། ལྷས་རང་ཉིད་ཀྱང་སྐྱོབ་མི་ཐུབ་པའི་དངངས་སྐྲག་གི་བཙན་འཛུལ་འདི་མྱང་དགོས་སམ། ལྷས་རང་ཉིད་ཀྱང་སྤུར་མི་ཕོད་པའི་
མནར་གཅོད་ཀྱི་བཙོན་ར་འདི་མྱང་དགོས་སམ།
      ངས་མཐོང་བྱུང༌། ཆེས་འཇིགས་རུང་གི་མེ་རླབས་དབུས་སུ། བདག་གིས་རང་ཉིད་ཀྱི་དོན་ལྔ་སྣོད་དྲུག་མེ་ལ་འབར་བཞིན་པའི་ཉེས་དམིགས་
མཐོང་བྱུང༌། བདག་གིས་རང་ཉིད་ཀྱི་དབང་བོ་སྣ་ལྔ་མེ་ཡིས་སྲེག་བཞིན་པའི་འཇིགས་སྐུལ་མཐོང་བྱུང༌། ཐ་ན་བདག་གི་འཚིག་བཞིན་པའི་ཕྱི་གོས་ཀྱི་
གསོལ་སྟོན་དམར་པོ་སུ་ཞིག་གིས་གཡར་བའི་ཉེས་ཆད་ཀྱི་ལྕེབས་ཐག་ཡིན།
      བདག་གི་འབར་བཞིན་པའི་ནང་སེམས་ཀྱི་གདུང་བ་མ་ལུས། སུ་ཞིག་ལ་དབང་བའི་ཧམ་སེམས་ཀྱི་ལོངས་སྤྱོད་ཡིན། མ་གཞི། ང་རང་ལྷ་མིན་
པའི་བདེན་དཔང་འདི་སུ་ལ་བཤད་འོས།
      ང་དངོས་གནས་ངུ་ན་འདོད། མི་ཡུལ་འདིར། ཅི་ཞིག་ལ། བདག་གིས་རང་ཤ་ཟ་བཞིན་པའི་བསླུ་བྲིད་དང་ཧབ་ཆ་ཐོས། ཅི་ཞིག་ལ། བདག་གིས་
རང་རྐང་གིས་འཇིབ་བཞིན་པའི་འདོད་རྔམ་གྱི་རྐན་སྒྲ་ཐོས།
      མདོར་ན། ང་ལྷ་རུ་སྒོམ་མཁན་ཚོ་ཡང༌། ས་ཆུ་མེ་རླུང་གིས་འཇིག་བཞིན་པའི་དུས་རབས་ཀྱི་ཉེན་བརྡ་རེད། ང་ལ་གོང་བཀུར་བྱེད་མཁན་ཚོ་ཡང༌།
མིའི་རིགས་ཀྱིས་བརྩེ་བས་བོར་བའི་བདག་མེད་ཀྱི་འཁྱམ་པོ་རེད།
      མི་རབས་འདིས་བསྐྲུན་པའི་མེ་རླབས་ཀྱི་ཚ་ཟེར་དབུས་ན། ང་རང་མུན་ནག་གིས་ཟ་བཞིན་པའི་དུས་རབས་ཀྱི་བཟུང་བཙོན་ཡིན་ནམ། བླུན་
རྨོངས་ཀྱིས་སྣུབ་བཞིན་པའི་དུས་རབས་ཀྱི་སྨྱོན་པ་ཡིན།
      བདག་གི་ཕྱོགས་བཞི་ནས་འོང་བའི་མུན་ནག་གི་མགྲོན་པོའི་ཚོགས། ཕར་འགྲོ་རོགས། བདག་ལ་བསླུ་བྲིད་ཀྱི་འཛུམ་མདངས་མེད་ལ། ངོ་བསྟོད་
ཀྱི་གོང་བཀུར་ཡང་དབེན། ནམ་ཞིག། ང་རང་ཁ་རོག་གེར་རང་བྱུང་གི་རླུང་ལ་འཐིམ་ན། དལ་འཇགས་སེ་གདུང་སེམས་ཀྱི་མེ་ཡིས་སྲེག་ན། ངའི་རང་
བྱུང་གི་ནམ་མཁའ་དྭངས་མོ་སུ་ཞིག་ལ་ལྷག་པའི་མཛེས་སྡུག་གི་ལོངས་སྤྱོད་ཅིག
                            ༢༠༠༤ ༦ ༢༦
     
                         ༢ རླུང་ནང་གི་འདྲེ། 
          ས་སྲོད། རླུང་གིས་བོས་པའི་འུར་ཟིང་གི་འདུ་ར་ཡིན་ནམ། ངའི་ནག་ཉེས་ཀྱིས་བཞེངས་པའི་མུན་ནག་གི་ཁྲིམས་ར་ཡིན། རླུང་ལྡང་བས། ང་
རང་འུར་སྒྲར་འཁྱིལ་བའི་མིའི་རིགས་ཀྱི་སྒོ་རྡུང་བཞིན། བྲེལ་འཚུབ་ཀྱིས་བདས་པའི་ས་སྲོད་ཀྱི་གྲིབ་གཟུགས་རེ་རེར་མིང་ཐོ་བཀོད།
         རླུང་ལྡང་བ་ནས་བཟུང༌། ངའི་སྒལ་བར་རླུང་གི་འདབ་གཤོག་ཐོགས་ཤིང༌། ངའི་མགྲིན་པར་རླུང་གི་འབོད་སྒྲ་འཁྱིལ།
        མ་གཞི་ང་འདྲེ་རུ་གྱུར་ཟིན་པས། ང་བསླེབས་ས་ནས་མིའི་བབ་ཆགས་ཀྱི་རང་གཤིས་དུག་ཆུ་བཞིན་ཁོལ། ང་བསྡད་ས་ནས། མིའི་ལྷན་སྐྱེས་ཀྱི་
འཛུམ་མདངས་ལྐོག་གྱུར་བཞིན་སྦས།
        ང་ཉེས་ཅན་ཡིན་ནམ། ངས་དུས་རབས་ཀྱིས་སྤྲད་པའི་བག་མེད་ཀྱི་ལྟ་སྤྱོད་ཅིག་ཁྱེར་ཏེ། མི་འདི་ཚོ་ཐར་མེད་ཀྱི་གཡང་ས་ཞིག་ལ་འཁྲིད་བཞིན་
ཡོད། ངས་ཚུལ་འཆོས་དང་ཧམ་སེམས་ཀྱི་རྟོགས་པ་ཞིག་སྤྱད་ནས། མི་ཡོངས་ལ་མནར་གཅོད་དང་དངངས་སྐྲག་གི་འཐབ་ར་ཞིག་སྐྲུན་བཞིན་ཡོད།
         བདག་ལ་འཛུམ་མདངས་མེད། ཕྲག་དོག་དང་ཞེ་སྡང་གི་མཚོན་ཆ་རྣོན་པོ་ངའི་སྡོང་གྲོགས་ཡིན། ང་ལ་སྙིང་རྗེ་མེད། གཏོམ་བཅོམ་དང་འཕྲོག་
རྩོད་ཀྱི་བྱ་འགུལ་ནག་པོ་ངའི་ལས་འགན་ཡིན། ང་ལ་རྟོགས་པ་མེད། གཡོ་སྒྱུ་དང་རུལ་སུངས་ཀྱི་མིག་ཟུང་ནག་པོ་ངའི་ཁ་ཕྱོགས་ཡིན།
         ང་འདྲེ་ཡིན། དུས་རབས་ཀྱི་རླུང་ལ་འགྲོགས་པའི་འདྲེ་ཡིན། ངས་ངལ་བ་མེད་པར་མི་རྣམས་ལ་མུན་ནག་གི་དུར་ཁྲོད་སྒོ་མེད་ཅིག་བཞེངས་
བཞིན་ཡོད། ངས་སུན་སྣང་མེད་པར་མི་རྣམས་ལ་ལོག་རྟོག་གི་ལྟ་གྲུབ་ནག་པོ་ཞིག་སྤེལ་བཞིན་ཡོད།
        ནམ་ཞིག  མིའི་བག་ཡོད་དང་བྱམས་སེམས། རྣམ་དག་གི་བརྩེ་བ། དཔའ་མཛངས་ཀྱི་ཤེས་རབ། ཡོད་ཚད་ཐལ་བའི་རྡུལ་དུ་བརླག་ན། ངའི་
འཇིགས་རུང་གི་ངོ་གདོང་དམར་བོ། སུ་ཞིག་ལ་ལྷག་པའི་གསོལ་སྟོན་ཡིན།
           
                       ༣ ཆུའི་དབྱངས་རྟ།
       ང་རང༌། དྭངས་གཙང་གིས་བཞུར་བའི་ཚེ་སྲོག་གི་དབྱངས་རྟ་ཡིན། ང་རང་གཞན་ཕན་ལ་སྙེག་པའི་རྣམ་དག་གི་དུངས་པ་ཡིན། ནམ་རྒྱུན།
སེམས་པ་དང་སེམས་པའི་མཐོ་ས་ཞིག་ལ། དལ་གྱིས་བཞུར་ཞིང་དལ་གྱིས་འབབ།
      བདག་ལ་དབྱངས་རྟ་ཡོད་པ་ནས་བཟུང༌། ངས་རྒྱུན་དུ་ཚེ་སྲོག་གི་བདེན་དཔང་ལ་དབྱངས་ཀྱི་ཐམ་ཀ་བསྩལ། བརྩེ་དུང་གི་དམ་རྟགས་ཤིག་
ཉམས་མེད་བཞུར་སྒྲར་བསྐུར་ཡོད། ངས་དུངས་སྣང་གི་གཙང་བོ་མགྲིན་པར་སྦྱར་ཞིང༌། ཁེར་རྐྱང་གི་སེམས་པས་རྒྱང་རིང་བཙལ།
       བདག་ལ་ཚོར་བ་ཡོད་པས། ཆགས་སྡང་དང་བདེ་སྡུག་གི་འགྱུར་བ་རེ་རེ། རང་་སེམས་ཀྱི་གཡོ་འགུལ་བཞིན་བཞུར་ཡོང༌།
       བདག་ལ་བརྩེ་བ་ཡོད་པས། དྲན་ཤིང་དང་མོས་འདུན་གྱི་སྨྲེང་ཤ་རེ་རེ། ནང་སེམས་ཀྱི་དངན་པ་བཞིན་འཐེན་འོང༌། བདག་ལ་ཕུགས་བསམ་
ཡོད་པས། འཚོལ་སྙེག་དང་འབོད་སྐད་ཀྱི་རྒྱང་གླུ་རེ་རེ། དྲན་གདུང་གི་དབྱངས་རྟ་བཞིན་བླངས་འོང༌།
        ནམ་ཞིག  བདག་གིས་འཇིག་རྟེན་ཧྲིལ་བོ་བརྩེ་དུང་གི་དབྱངས་རྟ་ཞིག་ལ་བསྡུ་ཐུབ་ན། མཐའ་མེད་པའི་གནམ་འོག་ཧྲིལ་བོ། སུ་ཞིག་ལ་
བཞེངས་པའི་ཡིད་འོང་གི་རྩེད་ར་ཡིན་ནམ།
          
                         ༤ སའི་ལང་ཚོ།
       མེ་ཏོག་དང་རྩྭ་ལྗང་ངའི་ལང་ཚོའི་འཛུམ་མདངས་ཡིན། ཆུ་ཕྲན་དང་མཚོ་ལྗང་ངའི་མིག་གི་དྭངས་ཤ་ཡིན། སྐྱེས་དངོས་དང་ནགས་ཚལ་སྟུག་
པོ་ངའི་སྐྲ་ལོའི་འབྱོར་ཕྱུག་ཡིན། 
        ཤག་ཤག་འབབ་པའི་སྦྲང་ཆར་ཟིལ་མས། བདག་གི་དྭངས་གཙང་གི་བཞིན་རས་ལ་བྱི་དོར་བྱེད་དུས། བསིལ་བསིལ་ལྡང་བའི་དཔྱིད་རླུང་
འཇམ་པོས། བདག་གི་གཡང་དུ་ཆགས་པའི་ལུས་ཁམས་ལ་གཡབ་མོ་གཏོང་དུས། ལྷབ་ལྷུབ་འཕུར་བའི་ཁ་བ་དཀར་པོས། བདག་གི་ལྷད་མེད་ཀྱི་བརྩེ་
དུང་ལ་ཁ་དོག་སྐྲུན་དུས། གནམ་འོག་འདིར་ང་ལས་ལྷག་པའི་མཛེས་སྡུག་གི་ལང་ཚོ་གང༌། འགྲོ་བ་འདིར་ང་ལས་བྱམས་པའི་བརྩེ་ལྡན་གྱི་མ་ཡུམ་སུ།
གཏོང་ཕོད་དང་གཞན་ཕན་གྱི་ལས་འགན་ལྩི་མོ། བདག་གིས་མི་ཡུལ་ཕུལ་བའི་ཚེ་སྲོག་གི་མཆོད་པ་ཡིན། བཟོད་སྒོམ་དང་དྲང་བདེན་གྱི་ཕུགས་འདུན་
རིང་མོ། བདག་གིས་འཇིག་རྟེན་ལ་བཞེངས་པའི་རྣམ་དག་གི་དུངས་པ་ཡིན། ཨ། ང་ནི་མི་ཡུལ་གྱི་བདག་མོ་སྟེ། སུས་ཀྱང་འགྲན་མི་བཟོད་པའི་ལང་
ཚོའི་དྭངས་མ་ཡིན། སུས་ཀྱང་བདག་གིར་འཛིན་མི་ཆོག་པའི་རང་བྱུང་གི་དུངས་པ་ཡིན། གསེར་འོད་འབར་བའི་ཉི་ཟེར་གྱི་བརྩེ་འཛུམ་དྲོན་མོ།
 བདག་ལ་དབང་བའི་དུངས་སྣང་གི་ལོངས་སྤྱོད་བཞིན། འོད་དུ་འཚེར་བའི་རྒྱུ་སྐར་གྱི་ཕྲེང་རྒྱུན་རིང་མོ། བདག་ལ་གནང་བའི་རིན་ཆེན་མགུལ་རྒྱན་
བཞིན། ཤག་ཤག་བཞུར་བའི་ཆུ་ཕྲན་གྱི་གླུ་སྒྲ་གསར་བ། བདག་ལ་བསྟོད་པའི་སྙན་ངག་གི་དབྱངས་འགྲོས་བཞིན།
       རྫོགས་རྒྱུ་མེད་པའི་དུས་ཚིགས་ཀྱི་འགྱུར་བག་ཁྲོད་ན། བདག་གིས་མྱང་ཟིན་པའི་བདེ་སྡུག་གི་ཚོར་བ་རླུང་ལ་བསྐུར། རྩིས་སུ་མེད་པའི་ཉི་ཟེར་
གྱི་འཆར་ནུབ་ཁྲོད་ནས། བདག་གིས་འཚོལ་བཞིན་པའི་ཕུགས་བསམ་གྱི་སྐྱ་རེངས་འོད་དུ་བཀྱེས།
       བདག་ལ་རྡོ་རྗེ་བྲག་རི་ལྟ་བུའི་སྲ་མཁྲེགས་ཀྱི་ཚེ་སྲོག་མངའ་བས། ཚེ་རིང་ཆུ་མོ་ལྟ་བུའི་འཛད་མེད་ཀྱི་དུངས་སྣང་ཡོད་པས། ད་དུང་མར་མེ་སེར་
པོ་ལྟ་བུའི་འོད་སྣང་གི་ལྷག་བསམ་ལྡན་ཕྱིར།
       གནམ་འོག་ཧྲིལ་བོ། ངའི་མཛེས་སྡུག་གི་་གླིང་ཀ་འདི་རུ་འགུག་ནུས་ན། བདག་གི་ཕུགས་བསམ་གྱི་ལྗང་མདོག་རེ་རེ། ཡངས་ཤིང་ཆེ་བའི་ས་ཆེན་
ལ་སྤྲས་ཆོག་ཨང༌། 
                                                                                             ༢༠༠༤ ༦ ༢༦དགོང་མོ།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ས་ཆུ་མེ་རླུང་གི་རང་སྒྲ།

2008-10-29 གཟུངས་ཕྱུག་སྐྱིད། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།