སྙན་ངག་དེབ《གཟི་མིག་དགུ་བ》ཡི་མཇུག་གི་གཏམ།

   ལར་སྔོན་ཆད་ཡིན་ན། ང་ཡིས་རང་ཉིད་ཀྱིས་སྙན་ངག་ཅེས་པ་འདི་ལ་དགའ་བོ་བྱེད་པ་དང་སྙན་ངག་ཅེས་པ་དེ་དང་འདྲ་པོ་ཞིག་གམ་ཐག་ཉེ་བ་ཞིག་འབྲི་དགོས་པའི་རྒྱུ་མཚན་སྐོར་ལ་བསམ་བློ་ཞིབ་ཕྲ་ཞིག་ཁྱོན་ནས་བཏང་མྱོང་མེད་ལ། ད་རེས་སྙན་རྩོམ་ཕྱོགས་བསྒྲིགས་ཀྱི་དེབ་གཉིས་པ་འདི་འདོན་ལ་ཉེ་དུས། བློ་སེམས་ཅུང་རྣལ་དུ་ཕབ་ནས་མནོ་བསམ་ཞིག་གཏོང་ཁུལ་བྱས་པར་གནས་ལུགས་ཁ་ཤས་ལ་གོ་བ་ཅུང་ཟད་སྐྱེས་བྱུང་སྙམ་པ་དེ་གཤམ་གསལ་ལྟར་ཡིན།

དང་པོ། སྙན་ངག་ཅེས་པ་འདི་ང་རང་ཉིད་ཀྱི་རང་གཤིས་དང་ཨུ་ཚུགས་དེར་ཐག་ཉེ་བར་སྣང་སྟེ། འདི་ལ་རོལ་རྩེད་ཀྱི་ཤས་ཆེ་བའི་ཁར་ངོམས་པའི་མཐའ་བྲལ་བ་ཞིག་དང༌། འགྱུར་ལྡོག་ལ་རྫོགས་མཐའ་མེད་པ་ཞིག  འབྲི་ཀློག་དཔྱད་གསུམ་ལ་རིགས་པའི་གཞུང་ལུགས་གཅིག་ཁོ་ནས་བཅིངས་པར་རང་དབང་ལྡན་པ་ཞིག་གམ་ཐ་ན་རིགས་པའི་གཞུང་ལུགས་ཞེས་པ་ཆ་ཚང་གིས་ཀྱང་འདི་དབང་དུ་སྡུད་མི་ཐུབ་པ་ཞིག

གཉིས་པ། ཡང་ང་རང་གི་སྒྱིད་ལུག་གི་གོམས་གཤིས་དང་ཐག་ཉེ་ཙམ་ཡོད་དེ།  ཐིག་ཕྲེང་ཁ་ཤས་ཀྱིས་ཤོག་ངོས་གཅིག་གི་མངའ་ཁོངས་ཡོངས་སུ་བཀང་ཆོག་པས་འདི་ལ་འབྲི་བདེ་ཀློག་བདེ་ཚིག་ཉུང་དོན་འདུས་ཤོག་སྣག་དུས་ཚོད་གྲོན་པ། བརྩམས་སྒྲུང་སོགས་དང་བསྡུར་ན་རྩོམ་ཡོན་མང་བ་སོགས་ཀྱི་ཡོན་ཏན་ནམ་ཁྱད་ཆོས་ཤིག་ཡོད་འདུག

གསུམ་པ།  ང་རང་གཞོན་ནུའི་དུས་སུ་བོད་པ་ཚོས་སྙན་ངག་ཅེས་པ་འདི་ས་སྟེང་གི་རིན་ཆེན་རྣམ་པ་གསུམ་ལས་ཡ་གྱལ་ཞིག་ཏུ་བགྲང་གིན་ཡོད་ལ། (གཞན་གཉིས་གང་ཡིན་ད་ལྟ་བརྗེད་ཚར) སྐབས་དེ་དུས་སྙན་ངག་པ་ཞེས་པ་དེ་ཡང་རྒྱུག་ཆེ་བའམ་དར་སོ་ཆེ་བའི་ཚོང་རྫས་ལྟ་བུ་ཞིག་ཡིན་འདུག

བཞི་པ། མི་ཡི་མཚན་ཉིད་འཛིན་པའི་རིགས་ཤིག་ཡིན་ཚེ་རང་ཉིད་འཚོ་སྡོད་ཀྱི་འཇོན་ཐང་ཞིག་ཅི་ནས་ཀྱང་དགོས་ཀྱི་ཡོད་པས། བདག་གིས་ལག་རྩལ་རིགས་འདི་བདམས་པ་ཡིན་ལ། ད་ལྟ་བལྟས་ན་ཕལ་ཆེར་ནོར་ཟིན་པ་འདྲ། ཡིན་ན་ཡང༌། ནོར་འཁྲུལ་དང་བཅས་པའི་འདམ་གསེས་དེའི་ཕྱིར་དུ་འགྱོད་པ་སྐྱེ་བ་ལས་ཧུར་ཐག་འབད་ཐག་ངང་ནོར་འཁྲུལ་དེའི་ཕྱོགས་སུ་མུ་མཐུད་བསྐྱོད་ན་ཕོ་ཁྱོ་གའི་རང་གཤིས་ཤིག་ཡིན་སྙམ།

ཕལ་ཆེར་གོང་སྨྲས་རྒྱུ་མཚན་དེ་རིགས་དང་དེ་མིན་གྱི་རྐྱེན་དུ་མའི་དབང་གིས། ཁོ་བོས་སྐབས་ལ་ལར་ལོ་རེར་ཚན་པ་འགའ་རེ།  སྐབས་རེར་ཟླ་ངོ་རེར་ཚན་པ་བཅུ་གྲངས་རེ་ཐོན་སྐྱེད་བྱས་ཏེ་རིམ་གྱིས་དཔེ་དེབ་ཆུང་ངུ་རེ་ལ་གྱུར་དང་འགྱུར་མུས་འདིའོ།  ། ཁོ་བོའི་སྙན་རྩོམ་མམ་ཡང་ན་སྙན་རྩོམ་དང་ཐག་ཉེ་བ་འདི་དག་ལ་མི་རེ་འགས་ཡག་པོ་མི་འདུག་ཟེར་ལ། མི་རེ་འགས་ཀློག་རིན་ལྡན་པ་ཙམ་ཟེར།
ཡང་ལ་ལས་ཁྱོད་ཀྱིས་བྲིས་དང་མ་བྲིས་ཁོ་རང་ལ་འབྲེལ་བ་གཏན་ནས་མེད་ཟེར། བདག་གིས་བལྟས་ན་དེ་མཐའ་དག་བདེན་གཏམ་རང་རེད་འདུག བོད་པའི་གཏམ་དཔེ་ལ"རིགས་སུ་གྱུར་པ་ཕྱོགས་སུ་ཆད་པ"ཞེས་འབྱུང་བ་ཇི་བཞིན"རིགས་སུ་གྱུར་པ"ཁ་ཤས་བྱུང་ན་སེམས་གསོ་དབུགས་དབྱུང་ཞིག་ཡིན་སྙམ། ཡིན་ན་ཡང༌། མི་རེ་འགས་གཞན་གྱི་རྩོམ་ཡིག་ཟེར་བ་ཁྱོན་ནས་བཀླགས་མ་མྱོང་བར་དཔྱད་བརྗོད་འདྲ་མིན་སྤེལ་གྱིན་ཡོད་པའམ་དྲང་གཏམ་ཁྱོན་ནས་བཤད་ཀྱིན་མེད་དེ། མི་དེ་རིགས་ནི་རང་མགོ་རང་གཡོག་ལ་ཞེན་མཁན་ཤ་སྟག་ཡིན་པས་ང་ཚོ་ཧང་སངས་དགོས་པ་ཞིག་བྱུང་སོང་ལ་ས་པཎ་གྱི"ཁྱི་རྒན་ཀུ་ཅོ་འདོན་པ་ན། །རྒྱུ་མཚན་མེད་པར་གཞན་དག་རྒྱུག །"ཅེས་པ་དེ་ཡང་རིགས་དེ་འདྲ་ཞིག་ལ་ཟེར་བ་ཡིན་ནམ། བརྟག་པར་འཚལ།

ཁོ་བོས་གོ་བ་འདྲེན་ཚུལ་ལ། སྤྱིར་སྙན་ངག་པ་ཞེས་པའི་ཚོགས་པ་དེ་ནི་འབྲུ་རིགས་ལས་རྒྱུ་མཚན་མེད་པར་ས་བོན་དུ་བདམས་ཟིན་པའི་རིགས་དེ་ཡིན་འོས་ཤིང༌། དེ་ནི་ཆུ་འཐག་དང་འཕྲུལ་འཁོར་གྱི་ཁ་ཟས་སུ་ཐེངས་ཤིག་གྱུར་ཅིང༌། མི་ཕྱུགས་ཀྱི་ཁ་ཟས་སུ་ཐེངས་ཤིག་གྱུར་རྗེས་སྐྱག་ལུད་ཀྱི་རྣམ་པས་ས་ནག་ནུ་ཐིམ་འགྲོ་བ་དག་དང་མི་འདྲ་བར། ས་བོན་དེ་སླར་ཡང་ཞིང་ས་གཤིན་པོའི་གཏིང་དུ་ལོང་ཅིང་སླར་ཡང་འབྲུ་རིགས་ཀྱི་སྐྱེ་བ་ལེན་པའི་གྲ་སྒྲིག་ཡོད་ལ་འདོད་པ་ལྡན་པ་ཞིག་ཡིན་ཏེ། ས་བོན་གྱི་རྡོག་པོ་རེ་རེ་ནི་སྙིང་ཁམས་འཕར་ལྡིང་བྱེད་ཀྱིན་པ་ཞིག  གས་གཏོར་བྱེད་ཀྱིན་པ་ཞིག  ཤི་སོས་འབྱུང་གིན་པ་ཞིག   ཉིན་ཞག་གི་འཁོར་མོ་ལ་གཉིད་ཀྱི་བདེ་བ་དང་བྲལ་བ་ཞིག  ཚེ་སྲོག་གི་དོན་སྙིང་འགྲུལ་སྡོད་བྱེད་སའི་གནས་ཚང་ཞིག  མེ་དཔུང་གིས་བཙོ་སྦྱོང་བྱེད་ཀྱིན་པ་ཞིག་དང་འབྲས་བུའི་ངོ་བོ་དབྱེར་མེད་པ་ཞིག   ཐེར་ཟུག་གི་གླེང་བྱ་དག་འབྱིན་རྔུབ་བྱེད་མཁན་ཞིག་བཅས་ཡིན་པར་སྙམ།

དེ་བས། ངས་འདིར་བཤད་འདོད་པ་ནི། ལས་ཀྱི་བགོ་སྐལ་མ་གཅིག་པ་ཙམ་ལས་བཟའ་འབྲུ་དང་སོན་འབྲུ་ལ་ཁྱད་པར་མེད་པར་འབྲུ་རིགས་རང་ཡིན།  ཞེས་པ་དེ་ཡིན།
       སྐབས་འདི་ལ་ཁོ་བོའི་སྙན་རྩོམ་ཕྱོགས་བསྒྲིགས་དང་པོ་དེའི་སྐོར་རོབ་ཙམ་གླེང་དགོས་བྱུང་སྟེ།   སྙན་རྩོམ་ཕྱོགས་བསྒྲིགས་དེ་ནི་དེབ་གཉིས་པ་འདི་དང་འདྲ་བར་རང་བློར་ཤིན་ཏུ་འགྲོ་བ་ཞིག་མ་ཡིན་ཡང༌། རང་རེའི་རང་མོས་སྙན་རྩོམ་ཤ་སྟག་ལས་གྲུབ་པའི་རྩོམ་བཏུས་ཉུང་ཉུང་ལས་ཆེས་སྔ་ཤོས་ཀྱི་གྲས་སུ་གཏོགས་ལ། དེ་ལས་རང་རེས་སྙན་རྩོམ་རིགས་གསར་པ་ཞིག་གི་ཕྱོགས་སུ་འབད་བརྩོན་ཇི་ལྟར་བྱས་པ་དང་རེ་སྙེག་ཅི་ཙམ་བྱས་པའི་ཤུལ་རྗེས་ཅུང་ཟད་མཐོང་ཐུབ་པས་དོན་སྙིང་ཅུང་ཟད་ལྡན་པར་སེམས། འོན་ཀྱང་སྙན་རྩམ་ཕྱོགས་བསྒྲིགས་དེས་ང་ལ་བཞག་པ་ལས་མང་ཆེ་བ་ནི་ཕངས་སེམས་ཤིག་དང་སྐྱེངས་སེམས་ཤིག་ཡིན་པས་ན་དེབ་གཉིས་པ་འདི་བྱུང་ལ། གཉིས་པ་འདིས་ད་ལྟ་ནས་རང་མཚང་ཞིག་འབྱིན་གྱིན་འདུག་པས་ན། རྗེས་སོར་གསུམ་པ་བཞི་པ་ལྔ་པ་སོགས་བསྟུད་མར་འབྱུང་སྲིད་པའང་རིག་ཡག་ཚོས་རིགས་པས་བསྒྲུབ་ཐུབ་པར་གདོན་མི་ཟ། སྐབས་དེའི་འཚུབ་ཆ་ཆེ་བའི་སེམས་ཁམས་ཀྱི་དབང་གིས་སྙན་རྩོམ་དེབ་དང་པོ་དེ་སྒྲིག་སྐབས་དེ་སྔའི་མ་ཕྱི་ཁ་ཤས་ལག་སོན་མ་བྱུང་ལ་གྲོགས་པོ་དང་མཉམ་དུ་བཙན་བསྒྲིགས་བྱས་པའི་སྔོན་འགྲོ་ཁ་གཡང་ལྟ་བུ་ཞིག་ལས་མ་བྱུང་བར། རྗེས་སོར་ལག་སོན་བྱུང་ཞིང་ཉར་ཚགས་བྱ་ཐུབ་པ་དག་སྙན་དེབ་གཉིས་པ་འདིའི་ནང་བཅུག་ཡོད།
     ད་ལྟའི་སྙན་དེབ་གཉིས་པ་འདི་འང་ཕལ་ཆེར་དེ་དག་གྲུབ་པའི་ལོ་ཟླའི་སྔ་ཕྱི་ལྟར་བསྒྲིགས་ཡོད་ལ། ང་རང་མི་སྒེར་ཁོ་ནར་འབྲེལ་བ་ཆེ་བའི་ཕོ་མོའི་བརྩེ་དུང་སྐོར་གྱི་དམིགས་བསལ་གྱི་སྙན་ངག་ཁ་ཤས་ཀྱང་ཟུར་དུ་བཀོད་ཡོད།
      ཁོ་བོས་བཤད་འདོད་པ་མང་ཆེ་བ་ནི་བརྩམས་ཆོས་དག་གིས་ཚད་གཞི་དང་གནས་ཚུལ་མི་འདྲ་བའི་སྒོ་ནས་བཤད་དང་འཆད་ནུས་ཡིན་པས་ན་འདིར་ལོགས་སུ་གལ་བོ་ཆེ་ལ་ནན་ཏན་གྱིས་བཟློ་དགོས་པ་ཆེར་མེད་དེ། འདིར་ཁ་བྱང་གཟི་མིག་དགུ་པ་ཞེས་པ་འབྱུང་རྐྱེན་ཟུར་དུ་ཞུ་དགོས་ཅུང་ཙམ་བྱུང་སྟེ། དེ་ཡང་དང་ཐོག་ཁ་བྱང་ཅི་འདྲ་ཞིག་འདྲེན་དགོས་པའི་སྐོར་ལ་བསམ་བློ་མང་ཙམ་བཏང་ཡང་རང་བློ་ཚིམས་པ་ཞིག་མ་བྱུང་ལ། ཉིན་ཞིག་གཟི་ཞེས་པའི་སྙན་རྩོམ་ཨང་དགུ་པ་དེ་བྲིས་ཚར་རྗེས་ཁོ་བོས་གློ་བུར་ངང་དེབ་འདིའི་ཁ་བྱང་རང་ཤུགས་ཀྱིས་གྲུབ་ཡོད་པ་མཐོང་བའི་མོད་ལ་དགའ་ཚོར་ཞིག་ཀྱང་སྐྱེས་ལ། སྙན་རྩོམ་འདི་ལས་ཆེས་ཡག་ཤོས་ནི་ཁ་བྱང་ཡིན་པར་བསམ་ནས་ད་ལྟའང་དགའ་ཚོར་གྱི་གཏིང་དུ་ཐོན་མ་ཐག་པ་ཙམ་མོ།  ། མ་ཞུས་ཐབས་མེད་པའི་དོན་དག་གཞན་ཞིག་ནི་ཐུགས་རྗེ་ཆེ་ཞུ་བའི་ཚིག་ཁ་ཤས་ཡིན་ཏེ་དེབ་འདི་པར་སྐྲུན་བྱེད་པའི་སྐབས་དང་བསྟུན་ནས་མི་ལོ་དུ་མའི་རིང་ལ་ཁོ་བོར་ཕྱོགས་ཡོངས་ནས་རོགས་སྐྱོར་དང་ཐུགས་ཁུར་མཛད་མྱོང་བའི་གྲོགས་པོ་དང་སྤུན་ཟླ་གཉེན་ཉེ། དྲང་ལྡོག་ཅི་རིགས་ཀྱི་ཀུན་སློང་  གིས་ཁོ་བོར་དོ་ཁུར་གནང་མཁན་ཀློག་པ་པོ ་བཅས་ལ་ཁ་ཞེ་གཉིས་མེད་ངང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། དེབ་འདིའི་ཇུས་འགོད་དང་ཡིག་གཏག་ལ་རོགས་སྐྱོན་གནང་བའི་སྔགས་མང་ཞིབ་འཇུག་ཁང་ལ་ཆེད་དུ་ཐུགས་རྗེ་ཆེ་ཞུ་རྒྱུ་དེའོ།  །
           
                   སྤྱི་ལོ༢༠༠༡ལོའི་ཟླ་བཅུ་གཉིས་པར་ལྷ་སའི་མགར་ཁང་དུ་ལྷག་བསམ་རྣམ་དག་གིས་སྦྱར་བ་འདིའི་སྟོབས་ཀྱིས་ཡོད་ཚད་ཤིས་པར་གྱུར་ཅིག་གུ  །
  
རྩོམ་ཁུངས། སྙན་ངག་དེབ

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་དེབ《གཟི་མིག་དགུ་བ》ཡི་མཇུག་གི་གཏམ།

2008-10-29 ལྗང་བུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།