ཁ་བ་སླེབས་པའི་ཉིན་མོ།

བདེ་སྐྱིད་སྒྲོལ་མ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2008-10-29

 བྱིངས་བཤད་ན་ང་ཚོ་གནས་སའི་མཐོ་སྒང་འདིར་ཁ་བ་འབབ་པ་ནི་ཆེས་རྒྱུན་ལྡན་གྱི་རང་བྱུང་སྣང་ཚུལ་ཉག་ཅིག་ཡིན། ལོ་འདི་གའི་རིང༌། གོ་ལ་
ཧྲིལ་བོའི་གནམ་གཤིས་དྲོད་ཅན་དུ་གྱུར་བ་དང་ལྷན་ཅིག་དགུན་དཔྱིད་དུས་ཚིགས་སུ་འབྱུང་ཁུངས་མི་གསལ་བའི་བྱེ་རྡུལ་འཚུབ་མ་ཞིག་གིས་གནམ་ས་
ཁེངས་ཤིང་རླངས་འཁོར་དང་མི་ཕྱུགས་ཀྱི་འགྲོ་ལམ་ལའང་བདེ་བླག་མི་སྟེར་བའི་སྣང་ཚུལ་གསར་བ་ཞིག་འཆར་བཞིན་ཡོད། མཚམས་ལ་ལར་བསྟུད་
མར་ཉིན་ཁ་ཤས་ལ་ས་རྡུལ་བབས་ནས་ཁ་མིག་འབྱེད་པར་དཀའ་བའི་གནས་སུ་བཅར་ཏེ། ཕ་ཡུལ་གྱི་རྩྭ་ཐང་ཆེན་མོའང་ཅིག་ཅར་དུ་མཐའ་ཀླས་པའི་
བྱེ་ཐང་གཤེད་མ་ཞིག་ཏུ་གྱུར་སོང་སྙམ་ལ། སྔར་གྱི་དཀར་གཙང་ཁ་བའི་འདབ་མ་རེ་རེའི་ཚབ་ཏུ་ད་ནི་བྱེ་མའི་རྡུལ་ཕྲན་རེ་རེ་བྱས་སོང་སྙམ་པའི་འཇིགས་
སྣང་ཞིག་ངང་ངམ་ཤུགས་ཀྱིས་སྐྱེས་འོང་བ་མ་ཟད། མིའི་སེམས་ལ་རང་དབང་མེད་པར་སྐྱོ་ངལ་སྟེར་བའི་བྱེ་རླུང་འཚུབ་མའམ་སྙིགས་མའི་འཐོར་
རླུང་འདིས་ཡུན་རིང་ཞིག་ལ་ཀུན་གྱི་ལུས་པོའི་ཟུངས་ཁྲག་དྲོན་པོའང་སྐམ་ལ་ཉེ་བ་ཞིག་བཟོས་སོང།
        དེ་ལྟར་ཐམས་ཅད་སྡུག་བསྔལ་གྱིས་ཡུན་རིང་མནར་རྗེས་ཀྱི་ནངས་མོ་ཞིག་ལ། བདག་མལ་ལས་ལངས་མ་ཐག་བཤད་མི་ཤེས་པའི་ཚོར་སྣང་
སྐྱིད་པོ་ཞིག་བྱུང་འདུག་པས་དེ་མུར་སྦྲ་གུར་གྱི་ཕྱི་རོལ་དུ་བལྟས་ཚེ། མཐོང་ལམ་དུ་དྲི་མེད་ཀྱི་འཇིག་རྟེན་དཀར་པོ་ཞིག་སྣང་བྱུང་བར་ད་ནི་སེམས་ཀྱི་སྤྲོ་
བ་རབ་ཏུ་བརྟས་ནས་རང་དབང་མེད་པར་གནམ་ལྡིང་འགའ་བྱེད་དགོས་བྱུང༌།   ལྟོས་དང་ལྷས་རྡང་ནང་གི་ནོར་ནག་རྣམས་ཀྱི་རྒྱབ་ལ་ཁ་བའི་ཁེབ་
མ་རེ་ཁུར་ནས་ཧ་ཅང་ཡིད་ཚིམ་ཞིང་སོས་དལ་བའི་ངང་ལ་ལས་ལྡད་རིང་བྱེད་བཞིན་ཡོད་ལ། ཁ་ཅིག་གིས་ད་རུང་མཛེས་སྡུག་འདི་དཀྲོགས་པར་མི་
འདོད་པ་ནང་བཞིན་ཉལ་ནས་འགུལ་ཙམ་ཡང་མི་བྱེད་པར་འདུག་པ་འདི་ཅི་ཞིག་རེད། ཁ་བ་བབས་བྱུང་བ་མིན་ནམ། འདས་པའི་དུས་ཡུན་ཧ་ཅང་
རིང་བོ་ཞིག་ལ་ཁ་བ་མ་མཐོང་བ་ནི་ང་ཚོ་མི་ཕྱུགས་ཀུན་ལ་མཚོན་ན།ཧ་ཅང་བཟོད་ཐབས་བྲལ་བའི་འཚོ་བ་སྡུག་པོ་ཞིག་རེད་ཨང༌། ཁ་བའི་ཡོན་ཏན་
ཐམས་ཅད་ད་གཟོད་སེམས་ཞིབ་མོས་དྲན་ཅིང་དུངས་བཞིན་ཡོད་ལ་ཁ་བར་རེ་སྒུག་བྱས་པའི་གདུང་བའང་ཚོར་བཞིན་ཡོད། ཡང་ཅིག་ལྟོས་དང༌། བར་
སྣང་ན་དགའ་བའི་ལྡིང་འཁོར་རྒྱག་བཞིན་ས་གཞིའི་པང་དང་ངའི་ངོ་གདོང་དུ་སྙེག་ཡོང་བ་རེ་རེ་ནི། རང་བྱུང་མའི་བརྩེ་དུངས་བྱིན་རླབས་ཕྱེ་མར་
བཏགས་པའི་གནང་སྦྱིན་གྱི་རྫས་མཆོག་རེ་རེ་མ་ཡིན་ནམ། ཉིན་འདི་དག་ཏུ་རླུང་དམར་སྟུག་པོས་འབྱུང་གཞི་བརླམས་ཟིན་པའི་དབུགས་ཐོགས་ཀུན་
གྱིས་ད་ནི་གློ་རྩའི་སྦུག་ལམ་ལ་གཙང་དག་མཐིལ་ཕྱིན་ཞིག་བྱེད་པའི་སྐལ་བཟང་རྙེད་བྱུང་བ་གདོན་མི་ཟ་སྟེ། ཚང་མས་བརླན་གཤེར་གཤེར་གྱི་ཚོར་སྣང་
འདི་ལ་གཅེས་སྐྱོང་དང་མཐོང་ཆེན་ཅིས་མི་བགྱི། ཁ་སང་ད་རུང་རང་བྱུང་མའི་སྙིང་རླུང་དང་བསྡོངས་ནས་སྨྱོན་པའི་གར་སྟབས་བསྒྱུར་བཞིན་པའི་
རྡུལ་དམར་གྱི་གནམ་གཤིས་གཤེད་པོ་དེ། ད་ལྟ་དཀར་འཇམ་འཇམ་གྱི་ཁ་བ་ཆེན་པོའི་གཟི་བརྗིད་ཀྱིས་ཡོངས་སུ་མནན་ནས་ད་ནི་རྗེས་ཤུལ་ཙམ་
ཡང་མི་སྣང་བར་འཇིག་རྟེན་གཞན་ཞིག་ལ་བསྐྲད་ཟིན་པ་འདྲ། སྦྲ་གུར་གྱི་ཀླད་དང་ལྷས་རྡང་ཕྱི་ནང༌། རྒྱང་རིང་གི་རི་རྩེ་དང་མཐའ་འཁོར་གྱི་ས་གཞི་
ཡོངས་དབྱེར་མེད་དུ་འདྲེས་ནས་དྲི་མ་མེད་པའི་གོས་ཆེན་དཀར་པོ་ཞིག་བཏིངས་པ་དང་མཚུངས་པར། ཡོད་ཚད་དཀར་ལམ་མེར་མཛེས་ཤིང་ལྟ་ན་སྡུག་
ལ་ཡིད་དབང་ཅིག་ཅར་དུ་འཕྲོག་འདུག
        དེ་དུས། བདག་གིས་ཀྱང་སྦྲ་གུར་གྱི་སྒོ་ཡོལ་ཡར་ལ་བཀྱགས་ནས་ཡུན་རིང་ཧད་འདུག་པ་ལས། ད་ནི་རྩྭ་ཐང་གི་སྐྱེ་འགྲོ་སུ་ཞིག་གིས་ཀྱང་མདུན་
ཕྱོགས་ཀྱི་མཛེས་སྡུག་དཀར་པོ་འདི་སྣང་མེད་ངང་བརླག་པར་མི་ཕོད་དེ། དེའི་གདོང་ལ་སྙིང་རྗེ་མེད་པའི་རྐང་རྗེས་རབ་དང་རིམ་པ་བཏོད་ག་ལ་
ནུས།   མ་གཞི་ཁ་བ་ནི་ང་དང་ངའི་རྩྭ་ཐང་ལ་ཇི་འདྲའི་མེད་དུ་མི་རུང་བའི་ལོངས་སྤྱོད་སྐྱིད་པོ་ཞིག་ཡིན་ཨང༌། སྐབས་འདིར་ཤིན་ཏུ་འགྱོད་ཅིང་ཡ་ང་
བ་ཞིག་ལ། དེ་སྔ་ཁ་བའི་ཁྲེལ་གཞུང་དང་ཁྱད་འཕགས་ཀྱི་ཡོན་ཏན་རྣམས་མ་རྟོགས་པར་ཅོལ་ཆུང་ངས་ཁ་བར་སྡུག་དམོད་  གང་མང་བགྱིས་ཤིང༌།  ཐ་
ན་རང་ཉད་ཀྱི་ལྟེ་ཁྲག་དྲོན་མོ་ཁ་བའི་ལྗོངས་འདིར་འཕོས་པ་འདི་ལའང་རང་ཉིད་ལས་ངན་པར་འདོད་པ་དེ་ཡིན། ཡིན་ན་ཡང༌། མ་ཤེས་པ་ལ་ཉེས་པ་
ཅི། རང་ཉིད་འདི་ལྟར་རང་བྱུང་མའི་དྭངས་གཙང་དང་དབྱེར་མེད་དུ་འདྲེས་ཏེ་ཐད་ཀར་འཁྱག་སིབ་སིབ་ཀྱི་མཁའ་དབུགས་མཆུ་ཡིས་རྔུབ་བཞིན་
དྭངས་བསིལ་བསིལ་གྱི་གངས་ཆུར་ལྕེ་ཡིས་ལྡག་ཐུབ་པ་ནི། གོ་ལའི་སྟེང་ཆེས་བདེ་སྐྱིད་དང་ཆེས་ཕུལ་བྱུང་གི་ལོངས་སྤྱོད་ཅིག་ཡིན་པས། དེ་རིང་ཁ་བ་
འདི་རུ་སླེབས་པར་སྙིང་ཐག་པ་ནས་མོས་གུས་དང་ལེན་ཅིས་མི་བྱེད།  ཁ་བའི་འདབ་མ་རེ་རེ་བདེ་བླག་དང་རང་མོས་ངང་ས་གཞིའི་སེམས་ཁམས་སུ་
ཐིམ་ཆེད།   ངས་གོམ་པ་ད་ལྟ་ནས་མདུན་དུ་མི་སྤོ་བའི་སེམས་ཐག་བཅད་དེ། ད་ནངས་དུས་ཡུན་ཅི་འདྲ་རིང་ཞིང་གནས་ཚུལ་ཅི་འདྲ་བྱུང་ཡང༌། བླ་སྲོག་
དཀར་པོ་དེ་ལ་གནོད་སྐྱོན་དང་གཏོར་བརླག་གཏན་ནས་མི་བཟོ་ལ་གང་ཟག་གཞན་གྱིས་ཀྱང་ཆོག་པ་མ་རེད། ཁ་བ་སླེབས་པའི་ཉིན་མོ་འདིར།
 
རྩོམ་ཁུངས། དམངས་ཁྲོད་དུས་དེབ

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁ་བ་སླེབས་པའི་ཉིན་མོ།

2008-10-29 བདེ་སྐྱིད་སྒྲོལ་མ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།