དགག་སྒྲུབ་ཀྱི་སྙིང་སྟོབས་འདི་འདྲ་རེད།

དབུས་ཕྲུག་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-06-19

     དེང་དུས་ང་ཚོའི་སྤྱི་ཚོགས་ནང་དོན་དངོས་ལ་འདང་ཅི་ཡང་མ་བརྒྱབ་པར། ཁ་ནས་སྐད་ཆ་སྦོམ་པོ་དང་ཐ་སྙད་ལྗིད་པོ་བཤད་མཁན་མང་དག་ཅིག་ཡོད། སྤྱིར་ན་སྲོལ་རྒྱུན་ཡིན་ཡང་དོན་དངོས་དང་མི་འཚམས་ན་གཙང་འཕྱག་བྱེད་དགོས། དེ་བཞིན་སྤྱི་ཚོགས་ཀྱི་དགེ་སྐྱོན་གང་ཞིག་ལའང་བསྟོད་བསྔགས་དང༌། ཐེར་འདོན་ཟུར་ཟ་བྱེད་རྒྱུ་དེ་ཤེས་ཡོན་པའི་འདོར་དུ་མེད་པའི་འོས་འགན་ཉག་ཅིག་ཡིན། འོ་ན་དཔྱད་ཞིབ་མཐིལ་ཕྱིན་མ་བྱས་པར་ཧོལ་རྒྱུགས་ཀྱིས་གནའ་སྲོལ་དང༌། གནའ་རབས་ཀྱི་རིག་གཞུང་ཡོད་ཚད་ལ་རྨོངས་དད་དང༌། དགོས་མེད་གཙང་འཕྱག་གིས་བྱ་འགུལ་སྤེལ་བ་དེ་ནི་ཚད་མཐོ་ས་ནས་བཤད་ན་མི་རིགས་ཀྱི་རིག་གཞུང་ལ་གཏོར་བཤིག་བཏང་བ་རེད། ང་ཚོས་བསམ་བློ་ཡར་འཐོན་དུ་རློམས་ཀྱང༌། ཡར་འཐོན་གྱི་ཚད་ཤོས་སུ་སླེབས་ཚར་བའི་ནུབ་ཕྱོགས་ཨ་རི་དང༌། ཡོ་རབ་གླིང་ཕྲན་གྱི་བསམ་བློ་བ་དང༌། ཚན་རིག་པ། ཤེས་ཡོན་ཅན་དེ་དག་གིས་ཀྱང་ཕ་མེས་ཀྱི་ཤུལ་བཞག་དང༌། རང་གི་གནའ་རབས་ཀྱི་རིག་གཞུང་དང་གོམས་སྲོལ་ལ་གཅེས་ཉར་འདི་འདྲ་བྱེད་དགོས་དོན་གང་ཡིན་ནམ།།
      དེ་མིན་ཨུ་རུ་སུས་རང་གི་རིག་གཞུང་རྙིང་པ་ཡོད་ཚད་གཏོར་བཤིག་གཏོང་བའི་སྨྱོ་ལབ་ཅིག་ཁྲབ་ཡོད་ལ། དེ་བཞིན་རྒྱ་ནག་དང་བོད་བཅས་སུ་ལོ་བཅུའི་གོད་ཆག་རིག་གསར་གྱི་རླུང་ནག་འཚུབ་ཡོང༌། མཇུག་མཐར་དེར་གུང་ཁྲན་ཏང་མིས་ཀྱང་དང་ལེན་བྱས་མེད། ད་ཆ་རྒྱ་ནག་ཏུ་མཚོན་ན་རིག་གཞུང་རྙིང་པའི་མཐོ་རླབས་འཕྱུར་བཞིན་པ་ཡིན། འོན་ཀྱང་རྙིང་པ་རྣམས་ཀྱིས་གསར་པའི་ཚབ་མཚོན་ནམ་ཡང་བྱེད་མ་ནུས་གཤིས། ང་ཚོར་རིག་གཞུང་གསར་པའི་སྙིང་སྟོབས་དང་འཕེལ་རྒྱས་ཀྱི་གསོན་ཤུགས་ལྡན་དགོས། ང་ཚོས་དོགས་སློང་བྱེད་དགོས། འདི་ཡང་དངོས་སྟོབས་རིག་པ་དང་རྗེས་དཔག་རིག་པ་ལས་མི་འགལ་བར་རྟོག་དཔྱོད་བྱེད་དགོས་པ་ལས། དཔེར་ན་ནང་བསྟན་ཆོས་ལུགས་ཀྱི་ལྟ་གྲུབ་ལྟ་ཞོག་ཐ་ན་གཞུང་ཚིག་གཅིག་ཀྱང་མ་འཁྱོངས་ཤིང༌། གང་ཟག་དང་ཆོས་ནོར། ཆོས་ལུགས་དང་ཆོས་ལུགས་ཟློས། དྲང་དོན་དང་ངེས་དོན་འཛོལ། གཞུང་དོན་ཆུང་ཚེག་གཅིག་ལ་ཡང་ལྟ་མ་མྱོང་བཞིན་དུ་སྦོམ་བཤད་མཐོན་པོས་ནང་བསྟན་ཆོས་ལུགས་ནི་རྨོངས་དད་དང་བེད་མེད་རེད་ཅེས་པ་ལྟར་རེད། འདི་ཚོ་དོགས་སློང་ཡིན་ནམ་དགག་སྒྲུབ་སྙིང་སྟོབས་ཡིན། ཡང་ན་གཏོར་བཤིག་ཡིན་སོམས་དགོས།། 
      ང་ཚོས་ངོམ་བཞིན་པའི་མ་ལེ་རིང་ལུགས་ཀྱི་ལྟ་གྲུབ་སྟེང་ནས་བཤད་ཀྱང༌། གཡམ་རྒྱུགས་མཁན་ཚོས་ཀྱང་མ་ལེ་རིང་ལུགས་ཀྱི་སྐོར་ལོས་ཤེས། ད་ལྟ་ང་ཚོས་རློམ་བཞིན་པའི་མ་ལེ་རིང་ལུགས་དང༌། མར་ཁེ་སེ་དང་ཁོང་གི་རིག་པའི་གཞུང་ལུགས་གཉིས་གོ་ས་གཅིག་ཏུ་འཇོག་གིན་ཡོད་དམ། འོ་ན་ཐོག་དང་པོར་མར་ཁེ་སེ་འཇར་མན་དང་དེ་རྗེས་ཕ་རན་སི་བཅས་སུ་ལོ་མང་རྩོམ་འབྲི་གནང་ནས་ཞུགས་ཏེ་བཟོ་བ་བྲལ་རིམ་གྱི་གསར་བརྗེའི་སྲོལ་གཏོད་མཛད་མཁན་གྱི་རིག་པ་སྨྲ་བ་དེ་དང༌། དེ་རྗེས་ཨུ་རུ་སུ་ནང་བྱུང་བའི་ཁྱི་ལ་སེང་གེའི་མིང་ཐོགས་པའི་མ་ལེ་རིང་ལུགས་དང༌། དེ་རྗེས་རྒྱ་ནག་ཏུ་བྱུང་བའི་མ་ལེ་རིང་ལུགས་བརྩིགས་ལྡེབས་ཀྱི་རི་མོ་དེ་དག་ལ་དབྱེ་ཞིབ་མཛད་ཀྱིན་ཡོད་དམ། ཡོད་ན་དེའི་ཐད་དོགས་སློང་དང་དགག་སྒྲུབ་མི་བྱེད་དོན་ཅི་ཡིན། ད་དུང་མ་ལེ་རིང་ལུགས་ཀྱི་ལྟ་གྲུབ་ངོ་མ་དེང་འཛམ་གླིང་ནང་རྒྱ་མཚོའི་ཆུ་ཐིགས་ལས་ཀྱང་ཆུང་བར་གྱུར་པའི་སྐོར་ལ་བསམ་གཞིག་བྱེད་མྱོང་ངམ། འདི་དག་ནི་རིག་གཞུང་ཞིག་ལ་དོགས་སློང་བྱེད་ཀྱི་ཡོད་དུས་ཆབ་སྲིད་ཀྱི་ངོ་བོར་ཇི་ལྟར་འགྲོ། ངོ་མ་ང་ཚོར་དགག་སྒྲུབ་ཀྱི་སྙིང་སྟོབས་དགོས་ན་སྟོང་ཆ་འདི་ཚོ་རེད། གཞན་མིང་ཚིག་རྫིག་པོ་འདྲ་བེད་སྤྱད་ནས་དོགས་སློང་བྱེད་ཁུལ་བྱས་ཀྱང་སྟོང་པ་རང་རེད། དོན་ངོ་མར་དེ་ཚོས་འུར་འདྲོགས་བྱས་པ་ལས་དོགས་སློང་དང་དགག་སྒྲུབ་བྱེད་ཀྱི་མེད།།
       ཡང་སྙིང་ང་ཚོའི་སྤྱི་ཚོགས་ནང་སྒྲོག་བཞིན་པའི་དོགས་སློང་དང་དགག་སྒྲུབ་སྙིང་སྟོབས་སུ་འབོད་པ་དེ། དེང་རབས་ནུབ་ཕྱོགས་པའི་མ་རྩ་རིང་ལུགས་ཀྱི་དམངས་གཙོའི་ལྟ་གྲུབ་དེ་ཡིན་ནམ། འབྱོར་མེད་བྲལ་རིམ་དུ་རློམ་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་པའི་གཞུང་ལུགས་ཡིན། ཡང་ན་མར་ཁེ་སེའི་དགོངས་དོན་རིག་པའི་གཞུང་ལུགས་ཚད་ཐུབ་ཅིག་ཡིན། དེ་མིན་གཞན་གང་ཞིག་གི་ཕྱོགས་སུ་འགྲོ་གི་ཡོད། དེའི་རྒྱབ་ལྗོངས་ཚུགས་ཐུབ་ཀྱི་རིག་པའི་གཞུང་ལུགས་རྣལ་མ་ཞིག་ཡོད་དམ་ཅི། ཡང་ན་འུར་འདྲོགས་དང་གཡམ་རྒྱུགས་ཡིན་བརྟག་དགོས། ད་གཟོད་གཞི་ནས་ང་ཚོར་འུར་འུར་དུ་ལྡང་བའི་སྐད་སྒྲ་དེ། རྒྱ་མཚོའི་རྦ་རླབས་ཀྱིས་མཚོ་ངོགས་སུ་ཆགས་པའི་ལྦུ་བ་ཞིག་ཡིན་ནམ། ལོ་ཟླའི་འཕེལ་གྲིབ་ཀྱི་ཁྲོད་རྡུལ་ཕྲན་རེ་རེས་གྲུབ་པའི་ལྕགས་གོང་མཁྲེགས་པོ་ཞིག་ཡིན་ངེས་ཤེས་ཐུབ་ངེས་རེད། སྐབས་དེ་དུས་ང་ཚོས་མེས་པོ་ཚོའི་བློ་གྲོས་དང༌། ཁོང་ཚོའི་སྙིང་སྟོབས་ངོ་མ་དེ་རྟོགས་ངེས། འོན་ཀྱང་ང་ཚོས་བྱ་དངོས་ཀྱི་འཕེལ་གྲིབ་ཀྱི་ཆོས་ཉིད་ལ་དང་ལེན་དང༌། མིའི་རིགས་ཀྱི་བློ་གྲོས་ཀྱི་ཉིང་བཅུད་ལས་བྱུང་བའི་གསར་གཏོད་ཀྱི་གྲུབ་དོན་ལ་གདེང་འཇོག་དང་གཟེངས་བསྟོད་བྱེད་དགོས།།  
                                                                                 ༢༠༠༩ ༦ ༡༧

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དགག་སྒྲུབ་ཀྱི་སྙིང་སྟོབས་འདི་འདྲ་རེད།

2009-06-19 དབུས་ཕྲུག་ཚེ་རིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།