བོད་ཀྱི་བུད་མེད་དང་བོང་བུ་གཅིག་པ་རེད།

       བོད་ནང་གི་ཞིང་འབྲོག་བུད་མེད་ཚོའི་གནས་བབ་དང་ཐོབ་ཐང་དེ་ལོ་ངོ་ ༥༠ སྔོན་གྱི་ཉི་ཧོང་གི་བུད་མེད་ཚོའི་གནས་སྟངས་དང་འདྲ་བོ་འདུག བུད་མེད་ཚོ་གོ་གནས་དམའ་བོ་རེད། བུད་མེད་ཡིན་ན་མཛེས་མ་ཡིན་དགོས་ཀྱི་མི་འདུག་ལ། སློབ་སྦྱོང་ཡང་དགོས་ཀྱིན་མི་འདུག བུད་མེད་དང་བོང་བུ་འདྲ་བོ་རེད་འདུག ངལ་རྩོལ་བྱེད་སྐབས་སྟོབས་ཤུགས་ཡོད་ན་འགྲིག་འདུག་པའི་ཚོར་སྣང་བྱུང་སོང་ཟེར།  

ཉི་ཧོང་ནས་ཡིན་པའི་བུད་མེད་སྐད་བརྡ་རིག་པའི་ཆེད་མཁས་པ་ཞི་ཧོ་ལགས་ནི། ཉེ་སྔོན་རྒྱ་གར་ངྷ་རམ་ས་ལར་འབྱོར་ཏེ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་ཞིབ་འཇུག་བྱེད་ཀྱིན་ཡོད་པ་དང༌། སྔོན་ཆད་ཁོ་མོས་ལོ་ ༥ ལྷག་ལ་བོད་པའི་སྐད་བརྡ་རིག་པར་ཞིབ་འཇུག་བྱས་ཡོདཔ་མ་ཟད། བོད་ནང་བསྐྱོད་དེ་ལོ་གཅིག་རིང་ཨ་མདོའི་ཕྱོགས་ཀྱི་ཁ་སྐད་ལ་ཞིབ་འཇུག་བྱས་ཡོད་ལ། བོད་སྐད་དང་དབྱིན་སྐད། རྒྱ་སྐད་དང་ཀོ་རི་ཡའི་སྐད་སོགས་སྐད་རིགས་ ༥ ཙམ་ཤེས་ཀྱིན་ཡོད་འདུག ཁོ་མོས་གཡུ་མཚོ་ཞེས་བོད་མིང་ཞིག་ཀྱང་བཏགས་ཡོད་འདུག ཕྱི་ཚེས་ ༧ ཉིན་ང་རང་ཆེད་དུ་ཁོ་མོར་ཐུག་འཕྲད་བྱས་ཏེ། བོད་ཀྱི་སྐད་བརྡ་དང༌། ད་ལྟའི་བོད་ཕྱི་ནང་གི་གནས་བབ། ལྷག་པར་དུ་བོད་ཀྱི་བུད་མེད་སྐོར་ལ་གླེང་སློང་བྱེད་སྐབས། ཁོ་མོས་ཨམ་སྐད་གཙང་མ་བཤད་ཤེས་སྟབས། ང་ལ་ཕ་ཡུལ་གྱི་བུད་མེད་ཅིག་ལ་དངོས་སུ་འཕྲད་སོང་བ་ལྟ་བུའི་ཚོར་སྣང་བྱུང༌། ངས་ཁོ་མོར་ཐོག་མར་བོད་ཀྱི་སྐད་ཡིག་སྦྱོང་རྒྱུའི་བསམ་བློ་ཇི་ལྟར་སྐྱེས་ཚུལ་དྲིས་སྐབས་མོས་བརྗོད་རྒྱུར། ང་རང་ཐོག་མར་ནང་ཆོས་ལ་དོ་སྣང་བྱུང་བ་དང༌། དེ་ནས་བོད་མིའི་འཚོ་བ་དང་རིག་གནས་ལ་དོ་སྣང་བྱུང་སོང༌། ཡིན་ན་ཡང༌། མི་རིགས་ཤིག་གི་རིག་དངོས་རྒྱུས་ལོན་བྱེད་པར་ངེས་པར་དུ་མི་རིགས་དེའི་སྐད་ཡིག་ཤེས་དགོས་སྟབས། ངས་ཐོག་མར་ཉི་ཧོང་བ་བོད་སྐད་ཤེས་མཁན་ཞིག་གི་ས་ནས་དབུས་སྐད་བསླབས་པ་ཡིན། ཉི་ཧོང་ནང་སློབ་སྦྱོང་བྱེད་བཞིན་པའི་བོད་རིགས་བུད་མེད་འབྲུག་མོ་འཚོ་ཟེར་བ་ཞིག་ལ་འཕྲད་དེ་ཨམ་སྐད་སྦྱང་བ་ཡིན་ལ། རྗེས་སུ་བོད་ནང་ཕྱིན་ཏེ་ལོ་གཅིག་ཙམ་བོད་མིའི་འཚོ་བ་དངོས་ལ་ཞུགས་ཏེ་ཁ་སྐད་ལ་ཞིབ་འཇུག་བྱས་པ་ཡིན།  སྐབས་དེར་ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དོར་ཞི་དང༌། བོད་པའི་སྐད་བརྡ་རིག་པའི་ཆེད་མཁས་པ་རྒྱ་རིགས་དཔལ་མཁར་བཅས་དང་སྐད་བརྡ་རིག་པའི་སྐོར་ལ་དཔྱད་ཞིབ་བྱས་པ་ཡིན། ཞེས་བརྗོད་བྱུང༌།

        ཁོ་མོས་མུ་མཐུད་དུ་བོད་ནང་གི་ཤེས་ཡོན་པ་དང་ཉི་ཧོང་གི་ཤེས་ཡོན་པའི་གནས་ཚད་སྐོར་ལ་བརྗོད་དོན། ཉི་ཧོང་དུ་སློབ་དཔོན་ཆེན་མོའི་ཐོབ་ཐང་དང་འབུམ་རམས་པའི་ཐོབ་ཐང་ལེན་མཁན་མང་པོ་ཡོད་སྟབས། འབུམ་རམས་པ་ཚོར་ལས་ཀ་རག་རྒྱུ་ཁག་པོ་ཡིན་ལ། འབུམ་རམས་པའི་ཐོབ་ཐང་ཙམ་གྱིས་རང་ཁ་རང་གསོ་ཁག་པོ་ཡིན། གལ་ཏེ་ང་ལ་ཁྱོ་ག་མེད་ན་རང་གི་གྲོད་ཁོག་ཙམ་རྒྱག་རྒྱུའང་ཁག་པོ་རེད། དེ་ནི་ཉི་ཧོང་ལ་ཨ་རིའི་ཤུགས་རྐྱེན་ཐེབས་ཏེ་མི་ཚང་མས་ཚད་མཐོ་བའི་ཤེས་ཡོན་པའི་ཐོབ་ཐང་བླངས་ཏེ། ཤེས་ཡོན་དངོས་ཀྱི་ཚད་གཞི་དམའ་བོར་སོང་བ་སོགས་ཀྱིས་རེད། བོད་ནང་དུ་སློབ་དཔོན་ཆེན་མོ་དང་འབུམ་རམས་པའི་ཐོབ་ཐང་ལེན་མཁན་མང་པོ་མེད་ཀྱང༌། ཁ་ཤས་ཡོད་པ་ཚོར་སྤུས་ཀ་ཡག་པོ་འདུག ཡིན་ན་ཡང་བོད་ཕྱི་ནང་གཉིས་གར་གྲྭ་བ་མང་པོ་འདུག་པའི་ཚོར་སྣང་བྱུང་སོང༌། གྲངས་ཀ་མང་བ་ཙམ་གྱིས་སྤུས་ཀ་མཚོན་མི་ཐུབ། ཉིན་ཤས་སྔོན་ང་རང་ལྷོ་ཕྱོགས་སེ་ར་དགོན་པར་སོང་བ་ཡིན། གྲྭ་བ་ཚོས་ང་ལ་སྐད་སྦྱང་ནས་གྲོད་ཁོག་རྒྱག་གི་མ་རེད། ཆོས་སྦྱང་དགོས་པ་རེད་ཟེར། དེ་ནི་ཧ་ཅང་ཐབས་སྐྱོ་བའི་བསམ་ཚུལ་ཞིག་རེད། ཅེས་དང༌། ཡང་ཁོ་མོས་སྐད་རིགས་སྐོར་བརྗོད་དོན། མི་རིགས་ཤིག་ལ་མཚོན་ན་ངེས་པར་དུ་སྤྱི་སྐད་ཅིག་དགོས་པ་རེད། བོད་ནང་གི་སྐད་བརྡ་རིག་པའི་ཆེད་མཁས་པ་དག་གཙོས་པའི་ཤེས་ཡོན་པ་ཚོ་ལོ་རེར་ཐེངས་རེར་འཚོགས་ཏེ། སྐད་རིགས་གཅིག་གྱུར་སྐོར་ལ་བགྲོ་གླེང་བྱེད་ཀྱིན་འདུག  ཡིན་ན་ཡང་ང་རང་སྐད་བརྡ་རིག་པ་བ་ཞིག་ཡིན་པའི་ཆ་ནས། ཡུལ་ལུང་སོ་སོའི་སྐད་དེ་གལ་ཆེན་པོར་མཐོང་གི་འདུག ཡུལ་ལུང་སོ་སོའི་སྐད་རིགས་མ་འདྲ་བ་ལས་ཡུལ་དེའི་ལོ་རྒྱུས་དང་གོམས་སྲོལ། ཡུལ་མིའི་སེམས་ཁམས་དང་འཚོ་བ་སོགས་མང་པོ་ཞིག་ཤེས་ཐུབ་པ་རེད། ང་རང་གིས་སྐད་ཡིག་ཁ་ཤས་སྦྱང་བ་ལས་ཤེས་ཁག་ཤོས་དེ་ཨམ་སྐད་རེད་ལ། སྐད་ཀྱི་སྤུས་ཚད་མཐོ་ཤོས་དེའང་ཨམ་སྐད་རེད་བསམ་པ་བྱུང༌།

        སྐབས་དེར་ངས་ཁོ་མོར་བོད་ནང་གི་བུད་མེད་ཚོའི་གནས་བབ་སྐོར་དྲིས་པར་ཁོ་མོས་བརྗོད་རྒྱུར། བོད་ནང་གི་ཞིང་འབྲོག་བུད་མེད་ཚོའི་གནས་བབ་དང་ཐོབ་ཐང་དེ། ལོ་ངོ་ ༥༠ སྔོན་ང་ཚོའི་རྒྱལ་ཁབ་ཉི་ཧོང་གི་བུད་མེད་ཚོའི་གནས་སྟངས་དང་གཅིག་མཚུངས་རེད། བོད་པའི་བུད་མེད་ཚོའི་གོ་གནས་དམའ་བོ་རེད། བུད་མེད་ཡིན་ན་མཛེས་མ་ཡིན་མི་དགོས་ལ། སློབ་སྦྱོང་ཡང་མི་དགོས། བུད་མེད་དང་བོང་བུ་འདྲ་བོ་རེད་འདུག ངལ་རྩོལ་བྱེད་སྐབས་སྟོབས་ཤུགས་ཡོད་ན་འགྲིག་འདུག་པའི་ཚོར་སྣང་བྱུང༌།  གྲོང་ཁྱེར་ནང་བཟའ་བ་འཐོར་མཁན་མང་པོ་འདུག དེ་ནི་གྲོང་ཁྱེར་ནང་གི་བོད་རིགས་བུད་མེད་དེ་དག་གིས་བུད་མེད་ཀྱི་ཐོབ་ཐང་ཅུང་ངེས་ཟིན་སྐྱེས་ཏེ། གནས་བབ་བརྩོན་ལེན་བྱེད་པར་སྐྱེས་པ་ཚོས་དེ་ལ་དང་ལེན་བྱ་མ་ཐུབ་པས་རེད། ང་རང་བོད་ཀྱི་བུད་མེད་ལ་སེམས་ཁུར་དང་སྙིང་རྗེ་སྐྱེས་ཀྱིན་འདུག  ཁོ་ཚོར་ཕྲུག་གུ་ག་ཚོད་སྐྱེས་རྒྱུའི་རང་དབང་མེད་པར་སྐྱེས་སྒོ་འགོག་གིན་ཡོད། ནད་མེད་པར་གཟུགས་པོ་བདེ་ཐང་ཡིན་བཞིན་དུ་བཙན་གྱིས་བཤག་བཅོས་བྱེད་ཀྱིན་ཡོད་པ་རེད། བཙན་བྱོལ་ནང་གི་བོད་ཀྱི་བུད་མེད་ཚོའི་གནས་སྟངས་ལ་རྒྱུས་མེད་ཀྱང༌། མཐོང་སྣང་ལ་རྒྱལ་ཁབ་གཞན་པའི་བུད་མེད་དང་ཁྱད་པར་ཞེ་དྲག་མཐོང་མ་སོང༌། དེ་ཚོ་བསོད་ནམས་ཆེན་པོ་རེད། རང་དབང་ལུང་པའི་བུད་མེད་ཚོས་དཀའ་ངལ་དེ་དག་ལ་ཏན་ཏན་དགོངས་པ་བཞེས་དགོས་ཀྱིན་འདུག་ལ། དེར་དམིགས་བསལ་གྱི་འགན་འཁྲི་ཡང་ཡོད་པ་རེད་ཟེར།

རྩོམ་ཁུངས། ཚེ་རིང་སྐྱིད་ཀྱི་ཟིན་བྲིས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བོད་ཀྱི་བུད་མེད་དང་བོང་བུ་གཅིག་པ་རེད།

2009-06-15 ཚེ་རིང་སྐྱིད། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།