དཀའ་སྡུག་གི་ལམ་ནས་འོང་བའི་མི།

____རྩོམ་པ་པོ་ཨོ་རྒྱན་རྡོ་རྗེའི་སྐོར་བཀོད་པ།

     ཁོང་ལ་མཐོ་སྒང་གི་སྤུན་ཟླར་དམིགས་བསལ་དུ་ལྡན་པའི་ནག་སྨུག་སྨུག་གི་ངོ་གདོང་ཞིག་མཆིས་མོད།འོན་ཏེ་བོད་རིགས་བློ་མཐུན་ཕལ་མོ་ཆེར་དབང་བའི་ལྕགས་ལྟར་གྱི་ལུང་ཕུང་ཐང་པོ་དེ་འདྲ་ཞིག་ཁོང་ལ་མེད།མཐོ་ཚད་ཁྲི་ཙི་ལྔ་དང་ཕྱེད་ཀ་མ་ཟིན་ཙམ་གྱི་སྐམ་ཞིང་རིད་པའི་ལུས་ཕུང་དེ་དང་།རྒྱུན་དུ་ཁྲག་རྒྱས་པའི་དམར་ལྷོག་ལྷོག་གི་མིག་ཟུང་ལས་སྦས་བཟུང་མི་ཐུབ་པའི་ངལ་དུབ་ཅིག་གསལ་པོར་མངོན།

ཁོང་ནི་སྐམ་ཞིང་རིད་པ་ཞིག་ཡིན་ལ།དཔའ་ངར་ཆེས་ཆེ་བ་ཞིག་ཀྱང་ཡིན།ཁོས་ད་བར་རྩོམ་རིག་གི་བརྩམས་ཆོས་ཡིག་འབྲུ་ཁྲི་ཙམ་སྤེལ་བ་དང་།དཔེ་དེབ་གསུམ་དཔེ་སྐྲུན་བྱས།ཁོའི་ལོ་རྒྱུས་<<བོད་ཀྱི་དེང་རབས་རིག་གནས་བ་གྲགས་ཅན>>དང་།<<ཀྲུང་གོའི་དེང་རབས་ཀྱི་རྩོམ་རིག་སྒྱུ་རྩལ་མཁས་ཅན་གྱི་རྣམ་ཐར་ལེགས་སྒྲིག>><<ཀྲུང་གོའི་དེང་རབས་ཀྱི་དམངས་ཁྲོད་མི་སྣ་གྲགས་ཅན>>སོགས་གལ་ཆེའི་དཔེ་དེབ་ནང་བཀོད་ཡོད།ཁོས་ད་ལྟ་བོད་ལྗོངས་ལྷོ་ཁ་ས་ཁུལ་རིག་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་།ལྷོ་ཁ་ས་ཁུལ་རྩོམ་པ་པོ་དང་དམངས་རྩོམ་མཁས་ཅན་མཐུན་ཚོགས་ཀྱི་ཀྲུའུ་ཞི།བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ལས་འཛིན་པ།བོད་ཀྱི་རྩོམ་རིག་ཡིག་སྒྱུར་སློབ་ཚོགས་ཀྱི་གཙོ་གཞོན་པ།བོད་ལྗོངས་གཞོན་ནུ་མཉམ་ཚོགས་ཀྱི་ཨུ་ཡོན།ལྷོ་ཁ་ས་ཁུལ་གཞོན་ནུ་མཉམ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་སོགས་ཀྱི་འགན་འཁུར་བཞེས་ཡོད་པ་དང་།ཕྱོགས་མཚུངས་ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་པ་པོའི་སློབ་ཚོགས་ཀྱི་ཚོགས་མི་དང་།བོད་ཀྱི་དམངས་རྩོམ་མཁས་ཅན་མཐུན་ཚོགས་ཀྱི་ཚོགས་མི་ཡང་ཡིན།

གནའ་མིའི་ཁ་དཔེར།བྱ་ལ་གཤོག་པ་ཡོད་གྱུར་པས།དེ་ཡིས་ནམ་འཕང་གཅོད་པར་ངེས།འོ་ན།ཆད་ཆད་མཐུད་མཐུད་ཀྱི་སློབ་སྦྱོང་གི་ལོ་རྒྱུས་ལོ་ངོ་དྲུག་ཙམ་ལས་མེད་པའི་ཞིང་བའི་ཕྲུ་གུ་བསླུ་མེད་དེར་གཤོག་པ་ཅི་འདྲ་ཞིག་ཡོད་དམ།ཁོས་རྩོམ་རིག་གི་མཁའ་དབྱིངས་སུ་ནམ་འཕང་ཇི་ལྟར་བཅད་དེ་ད་བར་མི་རྣམས་ཡིད་སྨོན་འཆོར་དགོས་པའི་གྲུབ་འབྲས་ག་འདྲ་ཐོབ་བམ།མཚར་སྣང་དེ་འདྲ་ཞིག་བཟུང་ནས་ཁོང་ལ་བཅར་འདྲི་བྱས་པ་ཡིན།

སྨྱུག་འཛིན་པས་“དཀའ་སྡུག”ཅེས་པའི་ཡིག་འབྲུ་གཉིས་པོ་དེས་རྩོམ་ཡིག་འདིའི་འགོ་འཛུགས་མཇུག་སྡོམ་བྱས་ཏེ་དུམ་ཆུང་གསུམ་དུ་བགོས་ཤིང་། སྒྲ་ཕབ་བྱས་པ་གཤམ་གསལ།

   གཅིག  དཀའ་སྡུག་མྱང་རྒྱུ་དེ་མིའི་རང་གཤིས་ཡིན་ནམ།

༡༩༦༡ལོར་སྟོན་མཇུག་གི་ཁ་བ་བུ་ཡུག་འཚུབས་ཤིང་།བྱང་ལྷགས་འུར་འུར་དུ་ལྡང་བའི་མཚན་མོ་ཞིག་ལ་ཨོ་རྒྱན་རྡོ་རྗེ་མི་ཡུལ་དུ་སླེབས་ཤིང་། ཁོ་པ་བོད་ལྗོངས་ལྷོ་ཁ་གྲ་ནང་རྫོང་གི་ཞིང་པའི་ཁྱིམ་ཏུ་སྐྱེས།

ཁྱིམ་ཚང་གི་ལྟོ་གོས་ཞན་རྐྱེན་ཨོ་རྒྱན་རྡོ་རྗེ་ལོ་ན་བཅུ་གཅིག་སླེབས་དུས་གཞི་ནས་དམངས་བཙུགས་སློབ་གྲྭར་འགྲོ་ཐུབ་མོད།དེ་ཡང་ལས་ཕྱེད་སློབ་ཕྱེད་ཡིན་པ་དང་།གཙོ་བོ་ནི་ཁྱིམ་ཚང་གི་ལས་ཀ་བྱ་རྒྱུ་དེ་ཡིན་པས་དཔེ་དེབ་སྦྱངས་རྒྱུ་ཡང་བོད་ཡིག་གི་ཀ་ཁ་སློབ་རྒྱུ་ཙམ་རེད།ཧ་ལམ་ཁོ་པ་ལོ་ན་བཅུ་གཉིས་ལ་སླེབས་དུས་སྐབས་དེའི་ཀུང་ཧྲེའི་ཏང་ཀྲི་པུས་རྫོང་སློབ་ཆུང་ལ་སློབ་སྦྱོང་བྱེད་པར་བཏང་མོ།འོན་ཏེ་ཁྱིམ་ཚང་གིས་ཁོའི་ཉིན་རེའི་ཟ་འཐུང་གི་འགན་འཁུར་མ་ཐུབ་པས་གོ་སྐབས་དེ་བློས་མི་གཏོང་ཀ་མེད་བྱུང་།༡༩༧༤ལོར་ལོ་ན་བཅུ་བཞིར་སོན་པའི་ཨོ་རྒྱན་རྡོ་རྗེ་མཐར་ཕ་ཡུལ་དང་རྒྱང་ཐང་རིང་བའི་ས་ཁུལ་ཤར་འོད་སློབ་འབྲིང་གི་སྒོ་ཐེམ་འགོམས་ཐུབ་མོད།འོན་ཀྱང་དུས་རབས་དེའི་ནང་གི“སྒོ་ཕྱེ་ནས་སློབ་གྲྭ་གཉེར་བ་དང་”དང་།“ལས་ཕྱེད་སློབ་ཕྱེད”སོགས་བྱ་ཐབས་སྣ་ཚོགས་ཀྱིས་མི་རྣམས་རྨོངས་པར་གྱུར་ཏེ་དངོས་གཞིའི་སློབ་ཁང་གི་སློབ་སྦྱོང་དུས་ཚོད་ནི་ཆེས་ཉུང་བ་ཡིན།ལོ་བཞིའི་དུས་ཡུན་ཟང་ཟིང་དང་ཆོ་མེད་པའི་ངང་འདས་རྗེས༡༩༧༨ལོར་ཁོས་སློབ་ཆུང་ལོ་རིམ་བཞི་བ་ལྔ་བའི་དངོས་ཡོད་ཀྱི་རིག་གནས་ཆུ་ཚད་འཁྱེར་ནས་སློབ་གྲྭ་ཐོན་ཞིང་།ལྷོ་ཁ་ལྷུན་རྩེ་རྫོང་སློབ་འབྲིང་དུ་ལས་བགོ་ཐོབ་སྟེ་དེ་གར་སྔ་རྗེས་སུ་རྒྱ་ཡིག་དང་།རྩིས་རིགབོད་ཡིག་སོགས་ཀྱི་སློབ་ཁྲིད་ཀྱི་འགན་ཁུར།“ལོ་ངོ་དེ་དག་གི་ནང་ངོ་མ་ཁུར་བོ་ཅི་ཡང་མེད།ལས་རོགས་པའི་རིག་གནས་ཆུ་ཚད་འདྲ་འདྲ་ཡིན་ཁར།སློབ་གྲྭ་སློབ་འབྲིང་གི་མིང་སྟོང་བ་ཞིག་ཐོགས་པ་ལས་དོན་དངོས་སློབ་ཆུང་གི་སློབ་དེབ་ཁྲིད་རྒྱུ་རེད།ངོ་མ་གནས་བཟོད་བདེ་བ་ནི་དུས་རབས་དེའི་མིང་གཞན་ཞིག་རེད།”དུས་ད་ལྟ་ཡང་ཨོ་རྒྱན་རྡོ་རྗེས་དུས་རབས་དེའི་སྐོར་བརྗོད་སྐབས་སྔར་བཞིན་ཟུར་ཟའི་ངང་འཇིགས་འཕྲོ་ཞིག་མངོན་པར་བྱེད།

སྟབས་ལེགས་པ་ཞིག་ལ“གནས་བཟོད་བདེ་བ”དེ་རིགས་ཡུན་རིང་མ་འགོར།སློབ་ཁྲིད་ཀྱི་ལམ་ལུགས་རིམ་བཞིན་ཚད་ལྡན་གྱི་ཕྱོགས་སུ་འཕེལ་ཏེ་སློབ་འབྲིང་ལ་སློབ་འབྲིང་གི་དཔེ་དེབ་ཁྲིད་དགོས་པ་དང་།དགེ་རྒན་གྱི་རིག་གནས་ཚད་གཞིའི་རེ་བ་ནན་དུ་འགྲོ་བ།དེ་མིན་སློབ་གྲྭ་ཆེན་མོ་དང་འབྲིང་རིམ་ཆེད་ལས་སློབ་གྲྭ་ངོ་མ་ལས་ཐོན་པའི་དགེ་རྒན་ཡང་ཇེ་མང་དུ་འགྲོ་སྐབས་དེ་ཡི་ཚེ་ན་ཁོའི་ཡིད་དུ་རང་ཉིད་དངོས་གནས་དགོས་པ་མེད་པའི་མི་ཞིག་ཏུ་གྱུར་ཏེ་དོན་དངོས་ཀྱིས་འདོར་བཞིན་པའི་སྣང་བ་ཞིག་འཆར་བྱུང་།དེ་བས་གལ་ཆེ་བ་ཞིག་ནི་ཁོས་ཧ་ལམ་སློབ་ཕྲུག་གི་མིག་དམངས་ལས་དགེ་རྒན་ལ་འདེམས་ཀ་བྱེད་པ་ཚོར་བས་ཁོའི་ཡིད་ཁམས་ཁྱོན་དུ་ཚོར་བ་ཤུགས་ཆེན་རྒྱས།དེ་ནས་བཟུང་ཁོའི་ཡིད་དུ་རང་སྦྱོང་ལ་བརྟེན་ནས་སློབ་གྲྭ་ཆེན་མོར་རྒྱུགས་སྤྲོད་རྒྱུའི་བསམ་བློ་ཞིག་འཁོར།ཁོས་བོད་རྒྱ་ཡིག་རིག་གཉིས་ཀྱི་དཔེ་དེབ་འབོར་ཆེན་ཉོས་པ་དང་སྦྲགས་འབྲེལ་ཡོད་ཚགས་པར་ངག་ཐོག་དང་ཡིག་ཐོག་གཉིས་ནས་སློབ་གྲྭ་ཆེན་མོར་རྒྱུགས་སྤྲོད་རྒྱུའི་རེ་བ་བཏོན་མོད།འོན་ཀྱང་འབྲེལ་ཡོད་ཚན་པས་དགེ་རྒན་མི་འདང་བ་རྒྱུ་མཚན་དུ་བྱས་ཏེ་ཁོའི་སློབ་ཆེན་ལ་རྒྱུགས་སྤྲོད་རྒྱུའི་རེ་བ་དེ་བསྣུས་པས་ད་གཟོད་ཁོའི་མདུན་ངོས་སུ་བརྐྱངས་པའི་ལམ་བུ་ནི་གཅིག་རང་སྟེ། དེ་ནི་རང་སྦྱོང་གི་རྐང་ལམ་ཕྲ་མོའི་ཐོག་ཏུ་བསྐྱོད་རྒྱུ་དེ་རེད།རང་སྦྱོང་གི་ལམ་བུར་བསྐྱོད་རྒྱུ་དེ་རིག་གནས་ཀྱི་རྨང་གཞི་ཞན་པའི་མི་ཞིག་ངོས་ནས་བཤད་ན་རྒྱལ་ཕམ་ཐག་གཅོད་པའི་དཀའ་སྡུག་གི་དམག་འཐབ་ཅིག་དང་འདྲ་ཞིང་།དེར་མཚམས་མི་ཆད་པའི་འབད་བརྩོན་ཡོད་དགོས།དཀའ་ངལ་ཁྲི་སྟོང་ཁྱད་བསད་བྱ་ཐུབ་པའི་སྙིང་སྟོབས་ཀྱང་ཡོད་དགོས།ཁོས་ཉིན་པར་འཛིན་གྲྭ་གཉིས་ཀྱི་བོད་ཡིག་སློབ་ཚན་ཁྲིད་པ་དང་།མཚན་མོར་སྦྱང་ཚན་བཟོ་བཅོས་དང་སློབ་ཁྲིད་གྲ་སྒྲིག་བྱེད་དགོས་ཁར།ད་དུང་འཛིན་གྲྭའི་ཀྲུའུ་རིན་གྱི་འགན་ཡང་ཁུར་ཡོད་པས་ཁོ་པར་སློབ་སྦྱོང་བྱ་རྒྱའི་དུས་ཚོད་ནི་ནམ་སྨད་དང་གཟའ་ཉི་མ་མ་གཏོགས་མེད།མཚན་མོའི་ཆུ་ཚོད་བཅུ་གཅིག་ནས་ཉིན་གཉིས་པའི་ཞོགས་པའི་ཆུ་ཚོད་གསུམ་པ་བཞི་བའི་བར་གྱི་དུས་ཚོད་དེ་ནི་ཁོ་པ་རང་སྦྱོང་བྱེད་རྒྱུའི་དུས་ཚོད་ཡིན་ཞིང་།ཁོས་དུས་ཚོད་དེར་རང་སྦྱོང་གི་དཔེ་དེབ་ལག་ཏུ་བླངས་ནས་དཔྱད་གཞི་འཚོལ་བ་དང་།ཟིན་བྲིས་འགོད་པ།བློ་ལ་ངེས་པ་སོགས་བྱེད་པ་མ་ཟད།གཟའ་ཉི་མའི་ངལ་གསོའི་དུས་ཚོད་ཕྲན་བུ་ཡང་བེད་སྤྱད་དེ་རང་སྦྱོང་བྱེད་པ་རེད།སྐབས་དེར་ཁོ་ལ་ཀླད་རྩ་ཉམས་པའི་ནད་ཕོག་མོད།འོན་ཀྱང་ཁོས་རང་སྦྱོང་བྱ་རྒྱུ་མཚམས་འཇོག་བྱས་མེད།དེ་ལྟར་ལོ་ངོ་གསུམ་སོང་རྗེས་ཁོའི་ཤེས་བྱ་ཡར་སྐྱེད་བྱུང་ལ།སློབ་ཁྲིད་ཀྱི་འབྲས་བུ་ཡང་དམིགས་བསལ་གྱིས་ལེགས་སུ་ངོས་སྟེ༡༩༨༣ལོར་ཁོའི་འཛིན་གྲྭ་དེ་མཐོ་རིམ་སློབ་འབྲིང་དང་འབྲིང་རིམ་ཆེད་ལས་སློབ་གྲྭར་རྒྱུགས་སྤྲོད་སྐབས་༩༧%རྒྱུགས་འཕྲོད་པ་མ་ཟད།བོད་ཡིག་རྐྱང་བའི་རྒྱུགས་འབྲས་ཁུལ་ཡོངས་ཀྱི་སྔོན་ཐོན་ཏུ་སླེབས་ཏེ་སློབ་གྲྭ་དེའི་ལོ་རྒྱུས་ཐོག་ན་སློབ་མ་རྒྱུགས་ལོན་ཚད་མང་ཤོས་ཀྱི་ལོ་རྒྱུས་གསར་བཏོད་བྱས་པ་རེད། དེ་ཡང་རྒྱལ་ཕམ་གཏན་ལ་ཕབ་པའི་དམག་འཐབ་བྱས།འཆི་ཉེན་ཉེ་བར་བསྐྱལ་ན་གསོན་རེ་ཆེ་ཞེས་པ་དེ་ཅིས་མི་བདེན།

གཉིས།བྱི་བས་རྒྱ་མཚོའི་ཕ་མཐའ་བརྒལ་བ་ལ།།དཀའ་སྡུག་ཁྲི་སྟོང་མྱོང་དགོས་ཅི་ཡི་དོན།
         
དུམ་བུ་འདིའི་ཁ་བྱང་གི་ཚིག་རྐང་སྔ་མ་དེ་ཨོ་རྒྱན་རྡོ་རྗེའི་ངག་རྒྱུན་ཞིག་བེད་སྤྱོད་བྱས་པ་ཡིན།ཁོས་འདི་བཞིན་སྨྱུག་འཛིན་པར་ཁོ་པས་<<ལྷོ་ཁའི་རྩོམ་རིག་སྒྱུ་རྩལ>>གྱི་རྩོམ་སྒྲིག་པའི་འགན་ཁུར་མ་ཐག་གི་དཀའ་ངལ་གསལ་བརྗོད་བྱས་བྱུང་།

༡༩༨༣ལོའི་ལོ་འཇུག་ཏུ་ཁོ་པ<<ལྷོ་ཁའི་རྩོམ་རིག་སྒྱུ་རྩལ>>རྩོམ་སྒྲིག་པུའུ་ལ་ལས་བསྒྱུར་བྱས།དེ་དུས་དུས་དེབ་དེ་ཉིད་གསར་སྤེལ་གྱི་གྲ་སྒྲིག་བྱེད་བཞིན་པའི་སྒང་ཡིན་ཞིང་།ཞིབ་ཕྲའི་རྩོམ་སྒྲིག་གི་བྱ་བ་བྱེད་མཁན་ཁོ་པ་ལས་མེད་པས་ཡོད་ཚད་ཁོའི་ཕྲག་སྟེང་དུ་བབས་བྱུང་།རྩོམ་སྒྲིག་དང་དཔེ་སྐྲུན་གྱི་བྱ་བ་དེ་ནི་ཆེད་ལས་ཀྱི་རང་བཞིན་ཆེས་མཐོ་བའི་བྱ་བ་ཞིག་ཡིན་ཁར།ཁོ་པ་བྱ་བ་དེའི་ཐད་ལོང་བས་ཉ་འཛིན་པ་དང་མཚུངས་པས་ལག་པ་ཇི་ལྟར་འཆང་དགོས་མིན་ཡང་མི་རྟོགས།འོན་ཀྱང་ཁོས་དཀའ་ངལ་གྱི་མདུན་དུ་མགོ་བོ་མི་བསྒུར་བར་སེམས་ཐག་གཙང་བཅད་ངང་རང་སྦྱོང་གི་ལམ་དུ་བསྐྱོད་དེ་རང་ཉིད་ཀྱི་རིག་གནས་ཚད་གཞི་གོང་མཐོར་བཏང་ཐོག<<ལྷོ་ཁའི་རྩོམ་རིག་སྒྱུ་རྩལ>>དེ་ཉིད་ལེགས་པར་གཉེར་ཏེ་མི་རིགས་ཀྱི་ཕུལ་བྱུང་རིག་གནས་དར་སྤེལ་གཏོང་བར་རང་ནུས་འདོན་རྒྱུའི་དམ་བཅའ་བཞག ཁོས་བྱི་བས་རྒྱ་མཚོ་བརྒལ་བའི་དཔའ་ངར་ལ་བརྟེན་ནས་ཤེས་བྱའི་རྒྱ་མཚོར་ཞུགས་ཤིང་།བོད་རྒྱ་དབྱིན་གསུམ་གྱི་རྩོམ་རིག་དང་།ལོ་རྒྱུས།མཚན་ཉིད་རིག་པ་སོགས་རྨང་གཞིའི་ཤེས་བྱ་ནས་འགོ་བཙུགས་ཏེ་རྩོམ་སྒྲིག་དཔེ་སྐྲུན་གྱི་བྱེད་སྒོ་དང་།མཛེས་དཔྱོད་རིག་པ།སེམས་ཁམས་རིག་པ་སོགས་ལ་སྦྱངས་པ་བྱས་པས་ཁོའི་ཤེས་རྒྱ་ཇེ་ཆེར་སོང་ལ།སེམས་ཤུགས་ཀྱང་ཇེ་ཆེར་འཕེལ་བ་དང་།ཁོའི་ལམ་བུར་ཡང་ཁོའི་རྐང་འོག་ནས་བརྐྱངས་བྱུང་། ཁོས་མཚམས་མི་ཆད་པའི་རང་སྦྱོང་ལ་བརྟེན་ནས་ཤེས་བྱ་ཁག་བྱང་བར་སྦྱངས་པས་<<ལྷོ་ཁའི་རྩོམ་རིག་སྒྱུ་རྩལ>>གྱི་ཡིག་རིགས་དང་། ལག་རྩལ་རྩོམ་སྒྲིག དེ་བཞིན་དེབ་གཞི་སྒྲིག་སྟངས་སོགས་ཆེད་ལས་ཁག་བྱེད་བདེར་སོང་བ་དང་།དུས་དེབ་ཀྱི་སྤུས་ཚད་ཀྱང་ཇེ་ལེགས་སུ་སོང་སྟེ་ཀློག་པ་པོའི་ཁྲོད་ན་བག་ཆགས་ཟབ་མོ་བྱུང་བ་མ་ཟད།ཕྱི་རྒྱལ་པས་ཀྱང་བསྔགས་བརྗོད་བྱས།ཕྱོགས་མཚུངས་ཁོང་མི་སྒེར་གྱི་སློབ་གསོའི་རང་སྦྱོང་རྒྱུགས་ལེན་ལ་ཞུགས་ཤིང་།སློབ་ཚན་རྐྱང་བ་བཅུའི་ཆ་སྙོམས་ཀྱི་རྒྱུགས་འབྲས་སྐར་མ༩༢རེ་ཟིན་ཏེ་༡༩༨༧ལོར་བོད་ཡིག་རྩོམ་རིག་གི་ཆེད་ལས་སློབ་གྲྭ་ལས་ཐོན་པའི་ལག་འཁྱེར་དང་སྦྱངས་འབྲས་ཀྱི་བྱ་དགའ་རིམ་པ་དང་བོ་ཐོབ།ཡང་ལོ་དེར་ཚད་གཞི་ལས་བརྒལ་ཏེ་འབྲིང་རིམ་རྩོམ་སྒྲིག་པའི་གོ་མིང་ཐོབ། ཁོས་དཀའ་བ་དེ་འདྲ་སྤྱོད་དགོས་དོན་ཅི་ཡིན་ཞེ་ན།དེ་ནི་བྱ་གཞག་ལ་ལྷག་བསམ་རྣམ་དག་བྱེད་པའི་རང་གཤིས་ཤིག་ཡོད་པས་ཡིན།

        གསུམ། ཁོས་བདེ་སྡུག་མཉམ་མྱོང་གིས་སྒྲུབ་འོས་པའི་བྱ་བ་ཕྱིར་བཤོལ་མི་བྱེད།

༡༩༩༣ལོའི་ཟླ༧པར་རྩ་འཛུགས་ཀྱིས་ཨོ་རྒྱན་རྡོ་རྗེ་ལྷོ་ཁ་ས་ཁུལ་མི་རིགས་ཀྱི་ཤུལ་བཞག་རིག་གནས་མྱུར་སྐྱོབ་གཞུང་དོན་ཁང་གི་ཀྲུའུ་རིན་དུ་བསྐོས། ཁོ་པ་སྔར་བཞིན་ཤོག་བུའི་དཀྱིལ་དུ་གནས་ཤིང་།༡༩༩༣ལོ་ནས་ད་བར་འཁོར་ཞག་ལ་ཐེངས་གཅིག་ལས་སོང་མ་མྱོང་།ཁོས་ཟེར་ན།ལས་ཀ་དང་བྲལ་མི་ཐུབ་ཟེར།ཁོས་སོས་དལ་དང་རྩེད་འཇོའི་བདེ་བ་ཡོངས་སུ་དོར་ཏེ་དཔའ་ངར་ཆེན་པོས་མདུན་སྐྱོད་ཀྱི་ལམ་བུ་འདེམས་ཀ་བྱས།འོ་ན།ཁོ་ལ་ཅི་ཐོབ་ཡོད་དམ།དྲིས་ལན་ལ་རྫུན་འགྲོ་ས་མེད།ལོ་ངོ་བཅུ་ལྷག་གི་ནང་ཁོས་རང་འཁྲིའི་ལས་སྒྲུབ་དང་རང་སྦྱོང་བྱས་པ་ཕུད།ད་དུང་ལས་ཞོར་དུ་རྩོམ་རིག་གི་བརྩམས་ཆོས་མང་པོ་བརྩམས།ཁོས་སྔ་རྗེས་སུ<<ལྷོ་ཁའི་རྩོམ་རིག་སྒྱུ་རྩལ>>སོགས་རྒྱལ་ནང་གི་བོད་ཡིག་དུས་དེབ་མང་བོའི་ཐོག་རྩོམ་རིག་གསར་རྩོམ་གྱི་བརྩམས་ཆོས་ཡིག་འབྲུ་ཁྲི་ཙམ་དང་།དམངས་རྩོམ་ཡིག་འབྲུ་ཁྲི་ཙམ།རྩོམ་རིག་ལོ་རྒྱུས་ཡིག་འབྲི་ཁྲི་ཙམ་སྤེལ་བ་མ་ཟད།ཁོའི་བརྩམས་ཆོས་ལ་ཞིང་ཆེན་རིམ་པའི་བྱ་དགའ་ཐེངས་ཁ་ཤས་ཐོབ།ལྷག་དོན་ཉེ་བའི་ལོ་ཤས་ནང་ཁོའི་སྙན་རྩོམ་ལ་གྲུབ་འབྲས་ཆེན་པོ་ཐོན་ཏེ་ཀློག་པ་པོའི་ཁྲོད་ན་སྙན་གྲགས་ཆེན་པོ་ཡོད་པ་མ་ཟད།༡༩༩༠ལོར་ཁོའི<<བློ་རིག་མཚར་དཔེ༡༥༠>>ཞེས་པའི་དཔེ་དེབ་ཅིག་པེ་ཅིང་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པ་དང་།༡༩༩༣ལོར་ཁོའི<<ཤེས་རིག་འགྲན་བསྡུར>>ཞེས་པའི་དཔེ་དེབ་དེ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས།༡༩༩༤ལོའི་ཁོའི<<མཐོ་སྒང་གི་རླུང>>སོགས་རྒྱ་ཡིག་ཏུ་བསྒྱུར་ཏེ<<བོད་རིགས་ཀྱི་རྩོམ་རིག་ལོ་རྒྱུས>>ཁོངས་སུ་གཏོགས་པའི་<<བོད་རིགས་ཀྱི་དེང་རབས་རྩོམ་རིག>>ཅེས་པའི་ནང་དུ་འཁོད། ཁོས་བཤད་པ་ལྟར་ན་ཁོའི་བརྩམས་ཆོས་ཡོད་དོ་ཅོག་མཚན་མོ་ཁོ་ནར་བརྩམས་པ་ལས་ཉིན་པར་བརྩམས་པ་གཅིག་ཀྱང་མེད།གཞན་ལ་ཁོས་ལས་ཞོར་དུ<<ལྷོ་ཁའི་ཡུལ་གྲུ་ལེགས་བཏུས>>ཀྱི་རྩོམ་སྒྲིག་བྱ་བ་ལེགས་གྲུབ་བྱས་པ་དང་།དཔེ་དེབ་དེ་རྒྱ་ཡིག་ཏུ་བསྒྱུར་བའི་བྱ་བར་ཞུགས་པ་མ་ཟད།<<ལྷོ་ཁའི་ཡུལ་གྲུ་ལེགས་བཏུས>>རྒྱ་ཡིག་ཏུ་བསྒྱུར་བའི་བྱ་བར་ཡང་ཞུགས། ཁོའི་སྙིང་ཁྲག་གིས་བརླན་པའི་དཀའ་སྡུག་གི་སྡོང་པོར་འབྲས་བུ་སྨིན་པས༡༩༩༠ལོར་ཁོ་པ“བོད་རང་སྐྱོང་ལྗོངས་ཀྱི་དམངས་རྩོམ་ལེགས་བཏུས་རྣམ་གསུམ་གྱི་སྔོན་ཐོན་ལས་དོན་པར”འདམས་ཐོན་བྱུང་བ་དང་། ༡༩༩༡ལོར་“རྒྱལ་ཡོངས་ཀྱི་དམངས་རྩོམ་ལེགས་བཏུས་རྣམ་གསུམ་གྱི་སྔོན་ཐོན་ལས་དོན་པར”བདམས་ཐོན་བྱུང་།༡༩༩༢ལོར་བོད་རང་སྐྱོང་ལྗོངས་ཏང་ཨུ་དང་།རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཁོ་པར“བོད་ཀྱི་ངལ་རྩོལ་དཔེ་བཟང་བའི”མིང་བྱ་གནང་།རལ་གྲིའི་རྣོ་ངར་བརྡར་ནས་ཐོན།ཐང་ཤིང་དཀའ་སྡུག་དཀྱིལ་དུ་མཚར།གོང་གསལ་གྱི་ཨང་ཀི་སྐམ་པོ་རྣམས་དང་།ཆེས་སྟབས་བདེ་བའི་ཡིག་ཕྲེང་དེ་དག་ལས་ང་ཚོས་མཐོང་བ་ནི་མཚམས་མི་ཆད་པའི་ཡར་ཐོན་བརྩོན་ལེན་དང་།མཚམས་མི་ཆད་པའི་མཐོར་འཛེགས་ཀྱི་སེམས་ཁམས་ཤིག་རེད། གཅིག་བྱས་ན།སེམས་ཁམས་དེས་བརྗོད་པར་བྱེད་པ་ནི་དེ་དག་ཁོ་ནས་མི་ཚད་ཅིང་།དེས་ང་ཚོར་གསལ་བསྒྲགས་བྱས་པ་ཤིན་ཏུ་མང་ངེས།དཔེར་ན།ཁྲག་རྒྱུན་ཁྱོན་དུ་ཁྱབ་པའི་གངས་ལྗོངས་འཕུར་སྐྱོད་ཀྱི་རེ་བ་ཚ་པོ་ཞིག དཔེར་ན།འཛམ་གླིང་ཡང་སྟེང་གི་ས་གཞི་འདིར་ཆེས་ལྷག་པར་གཅེས་པའི་ལྷུན་གྲུབ་ཀྱི་ལྷག་བསམ་ཞིགདཔེར་ན། གནའ་བོའི་མི་རིགས་འདིའི་ཞུམ་པ་མེད་པའི་དཔེ་མཚོན་གྱི་རྣམ་ཤེས་ཤིག།

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཀའ་སྡུག་གི་ལམ་ནས་འོང་བའི་མི།

2009-06-13 མི་གསལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།