《ཀླུ་སྒྲུབ་དགོངས་རྒྱན》ལས་འཕྲོས་པ།

དབུས་ཕྲུག་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-05-13

                                                                 __སེང་རྡོར་ལགས་ཀྱི་ཞུ་ལན།
     སེང་རྡོར་ལགས་ཀྱིས་ཀླུ་སྒྲུབ་དགོངས་རྒྱན་འཁྲུངས་ནས་ཤཱཀྱ་ཐུབ་པའི་དཀར་ཡོལ་ཆག་པ་རེད། ཅེས་པ་སོགས་གསུངས་པ་འདི་དག་མི་འཐད་དེ། དགེ་ཆོས་ཀྱི་རིག་པའི་ཀློང་རུམ་ན་སྦྲུམ་པའི་མེ་ཏོག་ཚོམ་བུ་འདི་ཀོ་ནི། ཤཱཀྱ་ཐུབ་པའི་ལྷུང་བཟེད་ནང་གི་དངོས་པོ་རྡོག་ཅིག་རང་ཡིན། གལ་ཏེ་ཤཀྱ་ཐུབ་པའི་དཀར་ཡོལ་ཆག་ཡོད་ན། དགེ་ཆོས་ཀྱིས་གཞུང་དེར་ཀླུ་སྒྲུབ་དགོངས་རྒྱན་ཞེས་ཀྱང་ནམ་ཡང་འདོགས་མི་སྲིད་པ་གཅིག་རེད། རྒྱུ་མཚན་ནི་བསྟན་བཅོས་ཀྱི་མཚན་འདོགས་སྟངས་ལས་བསྟན་བཅོས་དེའི་ནང་གི་དགོངས་དོན་རྣམས་རོབ་ཙམ་རྟོགས་ངེས་པ་ཡིན། དེ་ནི་མཚན་འདོགས་པའི་དགོས་པ་དམིགས་བསལ་བ་དེ་རེད། མིང་དུ་འདོགས་པར་མ་མཛད་ན། ཞེས་སོགས་ཀྱིས་བསྟན་ཡོད་དོ། མ་གཞི་ནས་ཀླུ་སྒྲུབ་དགོངས་རྒྱན་འདི་ཉིད་ཙོང་ཁ་པའི་དབུ་མ་རྒྱན་སོགས་དང་འགལ་ཟླར་གྱུར་ཡོད་ཀྱང༌། བོད་སྔ་རབས་ཀྱི་ས་སྐྱ་པཎ་ཆེན་སོགས་ཀྱི་དབུ་མ་བ་རྣམས་ཀྱི་ཟུར་རྒྱན་ཞིག་ཏུ་གྱུར་པ་ཡིན། རྒྱུ་མཚན་ནི། ཀླུ་སྒྲུབ་དགོངས་རྒྱན་ནང་རིག་པའི་སྒྲུབ་བྱེད་མང་པོས། མཐར་ཐུག་གི་བསྒྲུབ་བྱ་སྟེ། བོད་ཕྱི་རབས་ཀྱི་འདོད་པ་ཐ་སྙད་ཚད་སྒྲུབ་ལ་འགག་པ་དང༌། སྟོང་ཉིད་མེད་དགག་ལ་ཐལ་འགྱུར་འཕེན་པ་དང༌། བོད་སྔ་རབས་དང་ཀླུ་སྒྲུབ་ཀྱི་བཞེད་པ། རྩ་ཤེས་ལས། ཡོད་མིན་མེད་མིན་གང་ཡིན་པ། །མཐའ་བཞི་ལས་གྲོལ་དབུ་མ་པ། །མཁས་པ་རྣམས་ཀྱི་དེ་ཁོ་ན།། ཞེས་པ་འདི་ཉིད་སྒྲུབ་པ་དེ་རེད། དེ་བཞིན་ཁོང་གིས། མཐར་ཐུག་ཚད་མས་མ་སྒྲུབ་པའི་བདེན་སྟོང་ཁས་ལེན་པ་འདི་གཅིག་པུར་ངེས། ཞེས་པ་དེ་ཡང༌། མ་མཐོང་ཕྱིར་ན་མེད་པ་མིན། །ཞེས་གསུངས་པ་ལྟར། རྒྱ་གར་བའི་དབུ་མ་བ་ཙམ་མ་ཟད། བོད་གངས་ཅན་ལྗོངས་ཀྱི་མཁས་གྲུབ་རྒྱུ་སྐར་གྱི་ཕྲེང་བ་ལྟ་བུ་རྣམས་ཀྱིས་ཀྱང་དེ་ལྟར་བཞེད། རྒྱུ་མཚན་ནི། གལ་སྲིད་མཐར་ཐུག་རིག་པའི་དཔྱད་ངོར་བདེན་གྲུབ་འདོད་ན་དབུ་མ་བའི་གདན་ཐོབ་ནམ་ཡང་ཐོབ་མི་སྲིད། ལར་ནས་ནང་པ་བ་རྣམས་ཀྱིས་བདེན་གྲུབ་ཀྱི་ཆོས་ཐ་སྙད་ཙམ་དུ་ཡང་ཁས་མི་ལེན་པས་སོ། །རྒྱ་ནག་ཧ་ཤང་གི་རིག་པ་དང་ཆ་འདྲ་བ་ཞེས་པ་དེ་ཡང༌། བོད་ཀྱི་དབུ་མ་ཕྱི་རབས་པ་རྣམས་ཀྱིས་བོད་སྔ་རབས་པའི་དབུ་མ་བར་རྒོལ་བའི་ཚིག་ངན་ཙམ་རེད། དེ་མིན་བོད་སྔ་རབས་པའི་ཅི་ཡང་མེད་པའི་ལྟ་གྲུབ་འདི་ནི། རིག་པས་དཔྱད་ངོར་མཐའ་གང་དུ་མ་གྲུབ་པ་ཞིག་ལས། རྒྱ་ནག་ཧ་ཞང་གི་ལྟ་གྲུབ་བཞིན་རིག་པས་བརྟག་དཔྱད་གང་ཡང་མ་བྱས་པར་ཅི་ཡང་མེད་པར་འདོད་པ་ཞིག་མིན། དེ་བཞིན་ཀླུ་སྒྲུབ་དགོངས་རྒྱན་འདི་གཏན་ཚིགས་རིག་པ་ཡིན་པ་དང༌། ཤཱཀྱ་ཐུབ་པའི་གསུང་རབ་དེ་དག་གཏན་ཚིགས་རིག་པ་མིན་པ་ལྟ་བུར་གསུངས་འདུག་ཀྱང༌། འོ་ན་ཤཱཀྱ་ཐུབ་པས། བསྲེག་དཔྱད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན།། ཞེས་པས་འདི་ཡིས་ཀྱང༌། གཏན་ཚིགས་རིག་པ་ཡིན་པ་སྒྲུབ་མ་ནུས་སམ། ཚུལ་གསུམ་རྟགས་ཀྱིས་བསྒྲུབས་པ་ལས་ལོགས་སུ་མཐར་ཐུག་པའི་གཏན་ཚིགས་རིག་པ་ཞིག་གང་ན་ཡོད། ང་ཚོས་སྐབས་མང་པོ་ཞིག་ལ་ཧོལ་རྒྱུགས་དང༌། དོགས་འདྲོགས་བྱེད་ཀྱིན་པ་འདི་ཀོ་ནི་བོད་པ་ཚང་གིས་ངན་གོམས་ཤིག་རེད། དགེ་ཆོས་ནི་སྙན་ངག་པ་དང༌། ཞིབ་འཇུག་པ། ཆོས་ལུགས་པ། སོགས་ཀྱི་ངེས་པ་དོན་གྱི་ཉེ་རབས་ཀྱི་མཁས་པ་ཞིག་ཏུ་བརྩི་འོས་ཀྱང༌། ཀླུ་སྒྲུབ་དགོངས་རྒྱན་ཐད་བོད་ཕྱི་རབས་པའི་དབུ་མ་བའི་རྗེས་འཇུག་རྣལ་མ་ཞིག་གིས། བོད་ཕྱི་རབས་པར་དགག་རྒྱག་དང༌། བོད་སྔ་རབས་པའི་གསལ་སྟོང་ཟུང་འཇུག མཐའ་བཞི་སྤྲོས་བྲལ། གཉུག་མའི་འོད་ཟེར་སོགས་ཀྱི་རྗེས་འཇུག་དྲི་མ་མེད་པ་ཞིག་ཏུ་གྱུར་ཡོད། དེར་བརྟེན་སེང་རྡོར་ལགས་ཀྱིས་མང་པོ་ཞིག་ལ་རྟོག་ཞིབ་མཛད་ཨེ་ཡོད་སྙམ། སླར་ཡང་བོད་སྔ་ཕྱིའི་མཁས་པ་རྣམས་ཀྱི་གསུང་ལ་ཏོག་ཙམ་གཟིགས་ཐུབ་ན། ཀླུ་སྒྲུབ་དགོངས་རྒྱན་ཚུལ་ཇི་ལྟར་ཡིན་མིན་གྱི་མཐའ་དཔྱོད་ལེགས་པར་ཐུབ་ངེས། དེ་མ་གཏོགས་བསྟོད་མ་ཤེས་པར་བསྟོད་པ་ལས་སྨད་མ་ཤེས་པར་སྨད་ན་དགའ། ཞེས་པ་ལས། བོད་གངས་ཅན་ལྗོངས་ཀྱི་མཁས་པའི་དབང་པོ་དགེ་ཆོས་འདི་ཉིད་གནམ་ས་གང་དུ་མེད་པ་ཞིག་ཏུ་བཞག་ན། དགོད་བྲོ་བ་རང་རེད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

《ཀླུ་སྒྲུབ་དགོངས་རྒྱན》ལས་འཕྲོས་པ།

2009-05-13 དབུས་ཕྲུག་ཚེ་རིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།