རང་རྣམ།

ཚེ་རིང་དོན་གྲུབ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-05-09

འགྲོ་བ་མིའི་རིགས་ཀྱི་ཞབས་རྗེས་ཟླ་བའི་གོ་ལར་བཀོད་ནས་ལོ་ལྔའི་རྗེས་སུ(༡༩༧༤ལོ)ང་རང་ཕུ་བོས་སློབ་གྲྭར་བསྐྱལ་ནས་ད་གཟོད་ཀ་མད་སུམ་ཅུ་སྦྱངས་འགོ་བརྩམས་དུས་ལོ་བཅུ་གསུམ་ཡིན་པས་གལ་ཏེ་ནང་ལོག་གི་གྲོང་ཁྱེར་ཞིག་ཏུ་སྐྱེས་ཡོད་ན་དམའ་འབྲིང་མཐར་ཕྱིན་ལ་ཉེ་སྲིད་མོད།འོན་ཀྱང་དེ་དུས་ང་ཚོའི་འཛིན་གྲྭའི་ནང་ན་“ཕོ་མོ་ངན་འབྲེལ་བྱས་སོང་”ཟེར་ནས་སློབ་གྲྭའི་ཚོགས་ཆེན་སྟེང་ཡར་ལངས་ནས་སྐྱོན་བརྗོད་མྱོང་བཞིན་པའི་སློབ་གྲོགས་ཡང་ཡོད་པས་ན་ང་ནི་ལོ་ཆེས་ཆེ་བའི་གྲས་མིན་པ་སྨོས་ཅི་དགོས།
                       
དྲང་མོར་བཤད་ན་རང་གིས་ཀྱང་དུས་ཚོད་ཅི་ལྟར་སོང་དང་ཤེས་བྱ་ཅི་ཞིག་འབྱོར་བ་མ་ཤེས་པར་ལོ་ལྔར་འགོར་བའི་རྗེས་སུ་(༡༩༧༩ལོ)དམའ་འབྲིང་ཡང་མཐར་ཕྱིན་ཏེ་རྨ་ལྷོ་ཁུལ་མི་རིགས་དགེ་ཐོན་སློབ་གྲྭར་ཞུགས།(སྟབས་ལེགས་པ་ཞིག་ལ་དེ་དུས་རྒྱུགས་ཅི་ཡང་སྤྲོད་མི་དགོས)སློབ་གྲྭ་དེ་ནི་ང་རང་ད་རག་བར་སོང་མྱོང་བའི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ནང་གི་འཚོ་བ་ཆེས་སྡུག་པའི་སློབ་གྲྭ་ཞིག་ཡིན་ཏེ། དེ་རུ་ང་ཚོ་འབྲོག་ཕྲུག་རྣམས་ལྟོགས་ནས་ཤི་ལ་ཁད་ཅིག་བྱས་པར་མ་ཟད་ཐེངས་ཤིག་ང་དང་སློབ་གྲོགས་འགས་སློབ་གྲྭའི་སིལ་རྭའི་ནང་ནས་སིལ་ཏོག་འགའ་བཏོགས་སྐབས་གཞན་གྱིས་བཟུང་ནས་ཁ་མིག་དབྱེར་མེད་དུ་རྡུང་སྟེ་སྲོག་ཕྲན་རྟ་རྔ་འདྲ་བོ་ཤོར་ལ་ཁད་ཙམ་བཟོས།(མ་གཞི་སིལ་རྭ་དེ་གཞན་ལ་གཙང་ཁུར་བྱས་འདུག)ཡིན་ནའང་དེ་རུ་ངས་གཞི་ནས“མཁས་པ་སློབ་པའི་དུས་ན་སྡུག”ཅེས་པ་ཉམས་སུ་མྱངས་ཏེ་བོད་ཀྱི་བརྡ་སྤྲོད་དང་སྙན་ངག་སོགས་སློབ་པའི་སྐལ་བ་ལྡན་ཞིང་།ཚངས་དབྱངས་རྒྱ་མཚོ་དང་མདོ་མཁར་ཚེ་རིང་དབང་རྒྱལ།དགེ་འདུན་ཆོས་འཕེལ་སོགས་ཀྱི་ཕྱག་རྩོམ་མཇལ་བ་དང་།ལོ་བཅུ་ལྷག་གི་སྔོན་ལ་མིའི་རིགས་ཀྱི་ཞབས་རྗེ་ཟླ་བར་བཀོད་ཟིན་པའི་ལྷ་སྒྲུང་དང་འདྲ་བའི་གཏམ་དེའང་དེ་རུ་གོ་བས་ངས་རང་ཉིད་ནི་“ང་ལས་ངན་ནང་གི་ལས་ཆེན་ཡིན་རོང་བོ་སྤྲུལ་སྐུ་དང་ན་ཟླ་ཡིན།”ཟེར་བའི་ཁ་དཔེ་ལ་བརྩི་བཞིན་ཡོད་དེ་རྒྱུ་མཚན་ནི་ལོ་ངོ་ཉེར་ལྔའི་རྗེས་ཀྱི་དེང་སྐབས་བོད་མི་ཡོངས་ཀྱི་བརྒྱ་ཆའི་དགུ་བཅུས་ད་དུང་གཏམ་དེ་ཐོས་མེད་པ་འདྲ་བས་རེད།
                    
གསར་བརྗེའི་འཐབ་གྲོགས་ཤིག་གི་ཤན་ཤུགས་ནི་ཇི་འདྲའི་རླབས་ཆེན་ཞིག་རེད་ཨང་།དེས་མི་ཞིག་གི་ཡོད་ཚད་རྩ་བ་ནས་བསྒྱུར་ཐུབ་པ་རེད།ངའི་མི་ཚེ་ཕྱེད་ཀ(ཡང་ན་ཚེ་གང་བོར)འདིའི་རིང་ལ་གཞན་གྱིས་བཤད་ན་ང་རང་“ལམ་ལོག”ཏུ་ཁྲིད་སོང་ཟེར་བའི་སློབ་དཔོན་གཅིག་དང་གྲོགས་པོ་གཅིག་ཡོད་པའི་སྔ་མ་ནི་ལོ་རབས་བརྒྱད་ཅུའི་འགོ་ལ་མཐར་ཕྱིན་པའི་ཞིབ་འཇུག་སློབ་མ་ཞིག་ཡིན་(ཁོ་རང་ངའི་སློབ་ཆུང་སྐབས་ཀྱི་དགེ་རྒན་དང་ཕྱིས་སུ་ལས་གྲོགས་སུ་གྱུར། )ལ་སྐྱེས་ཐོབ་ཀྱི་ཤེས་རབ་ལྡན་ཟེར་བ་ནི་ཁོ་རང་མིན་ན་སུ་ཡིན་སྙམ་པའི་རིག་བཟང་ཞིག་ཡིན་ཏེ་ཁོས་བལྟ་མ་མྱོང་བའི་རྒྱ་བོད་གང་རུང་གི་ཡིག་འབྲུ་སྟོང་ཕྲག་ལྷག་གི་རྩོམ་ཡིག་ཞིག་ལ་མགོ་ནས་མཇུག་བར་ཐེངས་གཅིག་བལྟས་རྗེས་ཚིག་རྐང་གཅིག་གི་མགོ་རྔའང་མི་འཁྱོལ་བར་བློར་འདོན་ཐུབ་པར་མ་ཟད་རྩོམ་རིག་དང་ལོ་རྒྱུས།ཆོས་ལུགས་སོགས་ལ་སྦྱངས་པ་མི་དམན་ཞིང་།དེ་བས་ཀྱང་རྙེད་དཀའ་བ་ནི་ཁོ་བོར་ཡང་དག་པའི་འཇིག་རྟེན་ལྟ་ཚུལ་ཡོད་པ་དང་བླ་ན་མེད་པའི་ཀུན་སྤྱོད་བཟང་པོ་ཡོད་མོད་ཡིད་ཕངས་བ་ཞིག་ལ་ཆུ་ཕྲན་ནང་ལ་ཉ་ཆེན་པོ་མི་ཤོངས་བའམ་ཡང་ན་འཁྲུངས་སྔ་བའི་དབང་གིས་དཔྱིད་འགོའི་སྐྱེ་དངོས་བ་མོས་བཅོལ་པ་ལྟར་ལོ་འགའི་སྔོན་ལ་དག་པའི་ཞིང་དུ་ཕེབས་སོང་།ང་ཁོ་བོ་དག་ཞིང་དུ་སྐྱེ་བར་ཡིད་ཆེས་ཡོད་པའི་རྒྱུ་མཚན་ནི་ཁོ་རང་མི་ཡུལ་དུ་སྐྱེས་ནས་སྐལ་ལྡན་གང་མང་གི་ཀླད་པར་བདེན་དོན་དང་ཤེས་བྱ་བཞག་པ་ལས་འཇིག་རྟེན་འདི་ནས་ཁབ་སྐུད་ཙམ་གྱི་ཁེ་བཟང་ཨེ་ལོན་བལྟ་མ་མྱོང་བས་རེད།གལ་ཏེ་དེང་དུས་ཀྱི་བློ་དཔོན་འདི་རྣམས་ཁོ་རང་ལྟ་བུའི་འདོད་ཆུང་ཞིག་ཡིན་ན་ངའི་སྒྲུང་རྩོམ་ཡོངས་ཀྱི་བརྗོད་བྱའང་ངེས་པར་དུ་གཞན་ཞིག་ཡིན་སྲིད་ལ་གལ་ཏེ་དེ་འདྲ་ཡིན་ན་ང་རང་མ་ཉེས་ཁ་གཡོག་གིས་བཙོན་འཇུག་ཀྱང་བྱས་མེད་མོད།འོན་ཀྱང་ཡོད་ཚད་དེ་འདྲའི་ཧ་ལས་རྒྱུ་མེད་དེ་དེ་ནི་སེམས་བཟང་བུ་ཕྲུག་གིས་ཕ་མའི་བླུན་རྨོངས་ལ་ཐེར་འདོན་འགའ་བྱས་པར་ཕ་མའི་ངོ་ཚ་ཁོང་ཁྲོར་གྱུར་ཏེ་འགྲམ་ལྕག་གཅིག་གཞུས་པ་ཙམ་རེད།སྤྱིར་བཏང་དུ་བཤད་ན་བུའི་སེམས་ནི་དེ་ཙམ་གྱིས་འཁྱག་སྲིད་རྒྱུ་མ་རེད།
                         
གསར་རྩོམ་གྱི་ཆ་ནས་བདག་ལ་ཤན་ཤུགས་ཆེས་ཆེ་བའམ་རྒྱབ་སྐྱོར་ཆེས་ཆེན་པོ་གནང་མཁན་ནི་རྩོམ་མཁན་དང་སྙན་ངག་པ་ལྗང་བུ་ཡིན་ལ།ཁོ་རང་ང་ལས་ལོན་ཕྲ་ནའང་ནམ་ཡང་ངའི་སྔོན་ལ་ཤོར་འགྲོ་བས་ཕྱོགས་ལ་ལ་ནས་བཤད་ན་ཁོ་རང་ངའི་གསར་རྩོམ་དགེ་རྒན་ཡིན་ཞེས་བཤད་ཀྱང་ཆོགཁོ་ནི་མཐོང་རྒྱ་ཆེ་ཞིང་ཤེས་རྒྱ་ཟབ་པ་ཞིག་ལ་ཁོ་རང་གིས་བཤད་ཚུལ་ལྟར་ན་“བོད་ཁམས་ཀྱི་ཡུལ་གྲུབ་སོ་སོ”དང་ནང་ལོག་གི་གྲོང་ཁྱེར་ཆེན་པོ་རྣམས་ལ་མ་སོང་ས་མེད་པས་དཔེ་དེབ་ལས་མཐོང་དཀ་བའི་མཐོང་ཐོས་མང་པོ་གླེང་རྒྱུ་ཡོད་པ་དང་།འཛམ་གླིང་གི་རྩོམ་རིག་འཕེལ་ཕྱོགས་དང་དཔེ་ཆ་བཟང་པོ་སོགས་དུས་ལྟར་དུ་བདག་ལ་མཁོ་སྤྲོད་བྱེད་པ།བདག་གི་རྩོམ་ཉོག་རྣམས་ལ་རྩོམ་སྒྲིག་པའི་སྔོན་ལ་ལྟ་ཚུལ་དང་བསམ་འཆར་བཏོན་མྱོང་།བདག་གི་སྒྲུང་རྩོམ་ཐོག་མ་སྟེ་<<བཀྲ་ཤིས་གཉེན་སྒྲིག>>(༡༩༨༢ལོ)ཅེས་པ་ང་རང་དགེ་ཐོན་སློབ་གྲྭ་མཐར་ཕྱིན་ལ་ཉེ་དུས་བརྩམས་ཤིང་པེ་ཅིན་ན་ཟབ་སྦྱོང་བྱེད་བཞིན་པའི་ཁོ་བོར་བསྐུར་བར་ཁོས་ཞུ་དག་དང་བསམ་འཆར་གང་ལེགས་གནང་བས་ངལ་མེད་པར<<བོད་ཀྱི་རྩོམ་རིག་སྒྱུ་རྩལ>>དུ་བཀོད་པར་མ་ཟད་དུས་དེབ་དེས་གཉེར་བའི་༡༩༧༢ལོ་ནས་༡༩༨༣ལོའི་བར་གྱི་ཕུལ་བྱུང་རྩོམ་ཡིག་དཔྱད་བསྡུར་ཁྲོད་ཨང་གཉིས་པའི་བྱ་དགའ་ཐོབ།(<<ན་ཆུང་གཞོན་ནུའི་རང་སྒྲ་དབྱར་སྐྱེས་རྔ་གསེང>>ལས་ཨང་དང་པོའི་བྱ་དགའ་ཐོབ།)ཡིན་ནའང་ད་ལྟ་སུ་ཞིག་གིས“ཁྱོད་ཀྱི་རང་བློར་མི་འབབ་པའི་རྩོམ་དེ་གང་ཡིན་ཚེ་དྲིས་ན་ངས་འདང་རྒྱག་མེད་པར་<<བཀྲ་ཤིས་གཉེན་སྒྲིག>>ཅེས་བཤད་སྲིད་(ལྗང་བུ་ཐོག་མ་ནས་སྒྲུང་རྩོམ་འདི་ལ་དགའ་བོ་མེད།)ཀྱང་དེ་དུས་ངའི་ཆེས་མཐོ་བའི་འདོད་བློ་ནི་དུས་དེབ་སྟེང་དུ་རྩོམ་ཡིག་ཞིག་སྤེལ་རྒྱུ་དེ་ཡིན་པ་ལས་ད་ལྟ་དང་འདྲ་བར་རང་གི་རྩོམ་ཡིག་ལ་རྩོམ་སྒྲིག་པས་བསྒྱུར་བཅོས་ཉུང་ཙམ་གནང་རྒྱུ་དེ་ག་ལ་ཡིན།ངས་རྩོམ་སྒྲིག་གྲོགས་པོ་ཞིག་ལ་འདི་ལྟར་བཤད་མྱོང་སྟེ་“ཅུང་འཚར་ལོངས་བྱུང་ཟིན་པའི་རྩོམ་པ་པོ་ཞིག་གི་རྩོམ་ཡིག་ལ་གལ་ཏེ་ཆབ་སྲིད་ཀྱི་གནད་དོན་མེད་ན་བསྒྱུར་བཅོས་ཉུང་ཙམ་མམ་ཡང་ན་རྩ་བ་ནས་བསྒྱུར་བཅོས་མ་བྱས་ན་དགའ་སྟེ། རྒྱུ་མན་ནི་བསྒྱུར་བཅོས་བྱེད་རྒྱུ་མང་དྲག་ན་རྩོམ་མཁན་ཞིག་གི་རྩོམ་གཤིས་ཆགས་ཐུབ་རྒྱུ་མ་རེད།”ཅེས་བཤད།རྩོམ་སྒྲིག་གྲོགས་པོ་དེ་ཁོ་རང་ཉིད་ངའི་ལྟ་ཚུལ་ལ་འཐད་པ་ཡིན་པ་འདྲ་མོད།འོན་ཀྱང་ཁོ་བོར་དེའི་དབང་ཆ་མེད་ཟེར།རེད་ཡ།དབང་ཆ་དེ་ཁོར་ཡུག་གང་དང་དུས་ནམ་ཡིན་ཡང་རང་དབང་གི་གོང་ན་ཡོད་པ་རེད།སློབ་མཐར་ཕྱིན་རྗེས་གོང་དུ་བཤད་པའི་སློབ་དཔོན་དམ་པ་དེ་དང་ལྗང་བུ་སོགས་ཡར་ཐོན་གཞོན་ནུ་འགའ་དང་མཉམ་དུ་རྨ་ལྷོ་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་བྱས་ནའང་ངའི་འབྲོག་ཁུལ་དུ་ཡོད་པའི་ཁྱིམ་གྱི་ཆ་རྐྱེན་བཟང་རྒྱུ་མེད་པའི་ཁར་ང་ལ་དེང་སྐབས་ཀྱི་སྐད་ཆས་བཤད་ན་“དཔལ་འབྱོར་གྱི་ཀླད་པ”ཏིལ་འབྲུ་ཙམ་ཡང་མེད་པས་སྲིད་གཞུང་གིས་ཕྱིན་པའི་ཟླ་ཕོག་དེ་ཟླ་དཀྱིལ་ཙམ་ནས་གར་སོང་ཆ་མེད་དུ་གྱུར་བས་ལ་ལས་ཀུ་རེའི་ཚུལ་གྱིས “སྐྱེ་བོ་དབུལ་བོ་བགྲང་དགོས་ན། དགེ་རྒན་ཚེ་བྷའི་(ངའི་མིང་གཞན)ཁྱིམ་ལ་ལྟོས།”ཅེས་བཤད་ཀྱིན་འདུག དེ་འདྲ་ཡིན་ཡང་སྐབས་དེར་ང་ལ་རྨོངས་སེལ་བའི་སློབ་དཔོན་ཡོད་ལ་རྩོམ་རིག་གླེང་སའི་གྲོགས་པོའང་ཡོད་པར་མ་ཟད་སློབ་དཔོན་དམ་པ་དེའི་དྲིན་ལ(དགོད་བྲོ་བ་ཞིག་ལ་དེ་དུས་དམ་པ་ཁོ་རང་ཞའོ་ཀྲང་གཞོན་པ་ཡིན་པ་དང་ཞའོ་ཀྲང་གཙོ་བོ་ཡིག་རྨོངས་ཤིག་ཡིན།)སྔ་རྗེས་སུ་སློབ་གྲྭ་ཆེན་མོ་གཉིས་ནས་ཟབ་སྦྱོང་བྱེད་པའི་སྐལ་བ་ལྡན་བྱུང་།སློབ་གྲྭ་ཆེན་མོ་ནའང་ཅའོ་ཧྲིག་གིས་“བོད་མིས་ཞབས་བྲོ་འཁྲབ་སྐབས་རྐང་བས་ས་ལ་རྡུང་རྒྱུ་མང་བ་དེ་ཁོ་ཚོ་མཐོ་སྒང་ན་ཡོད་པས་རྐང་བ་འཁྱག་དྲག་པས་རེད”ཅེས་དཔྱད་རྩོམ་འབྲི་བ་དང་།སློབ་མས“དབྱར་གཞུང་གི་ཚ་གདུག་ཆེ་བའི་ཉིན་ཞིག་ལ་ཝ་ཞྭ་གོན་པའི་བུ་མོ་ཞིག་གིས……”ཞེས་སྒྲུང་རྩོམ་འབྲི་མཁན་ཀྱང་ཡོད་ནའང་གང་ལྟར་དེ་རུ་ལྗང་བུ་ལྟ་བུའི་འཚར་ལོངས་བྱུང་དང་འབྱུང་བཞིན་པའི་ཕུལ་བྱུང་རྩོམ་རིག་མཁན་དང་སྙན་ངག་པ་འགའ་རེ་ཡོད་པའི་ཁར་ངས་ཕྱི་རྒྱལ་གྱི་ཕུལ་བྱུང་རྩོམ་རིག་བརྩམས་ཆོས་མང་ཙམ་ལ་ལྟ་ཐུབ་པ་བྱུང་བས་དེ་དུས་ངའི་གསར་རྩོམ་ཐད་ལ་གོང་འཕེལ་ཆེ་ཙམ་ཐོབ།སྐབསའདིར(༡༩༨༤ལོར)ངའི་སྒྲུང་རྩོམ་<<ན་ཆུང་གཞོན་ནུའི་རང་སྒྲ་དབྱར་སྐྱེས་རྔ་གསེང་>>ལ་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་བཙུགས་ནས་ལོ་འཁོར་སོ་ལྔ་ལོན་པར་དགའ་སྟོན་རྟེན་འབྲེལ་ཞུ་བའི་རྩོམ་རིག་སྒྱུ་རྩལ་བརྩམས་ཆོས་དཔྱད་བསྡུར་ཁྲོད་ཕུལ་བྱུང་བརྩམས་ཆོས་ཀྱི་བྱ་དགའ་ཐོབ་པ་དང་།དེ་དུས་སློབ་དཔོན་སངས་རྒྱས་དང་སྐུ་ཞབས་དོན་གྲུབ་རྒྱལ། རྡོ་རྗེ་རིན་ཆེན། འཇིགས་མེད་ཐེག་མཆོག་བཅས་ངེད་ཚོ་བོད་ཡིག་གི་རྩོམ་པ་པོ་ལྔ་ལ་བྱ་དགའ་ཐོབ་པའི་ནང་བདག་ནི་ལོ་ན་ཆེས་ཕྲ་བ་(ལོ་ཉེར་གསུམ)ཡིན་པས་ཚང་མ་ང་ལ་དགའ་བོ་ཡོད་པ་འདྲ་སྟེ་སྐུ་ཞབས་དོན་གྲུབ་རྒྱལ་གྱིས་ཀྱང་ང་ལ་ལག་འཇུ་ཞིག་བྱས་ནས“འགྲོ་འཐུང་གི་འགྲོ”གསུང་བྱུང་།ཆང་རག་དམ་བི་དོའི་ཞོར་ལ་ངས་ཐེངས་དང་པོར་དམ་པ་དེའི་ཁ་ནས་ངའི་སྒྲུང་རྩོམ་དེ་གཞན་གྱི་རྒྱ་ཡིག་ལ་བསྒྱུར་ནས་<<མི་རིགས་རྩོམ་རིག>>སྟེང་བཀོད་ཡོད་པ་དང་།ད་ཐེངས་བྱ་དགའ་ཐོབ་པ་འདིའང་ཕལ་ཆེར་དོན་དེར་རག་ལས་ཡོད་པ་ཤེས་ནའང་དེ་དུས་ངས་དེ་ལ་དེ་འདྲའི་དོ་སྣང་མ་བྱས་མོད།རྗེས་སུ་(༡༩༨༥ལོར)སྒྲུང་རྩོམ་དེར་སླར་ཡང་ལྗོངས་དང་ཞིང་ཆེན་ལྔའི་བོད་ཀྱི་རྩོམ་རིག་གསར་རྩོམ་གྱི་བྱ་དགའ་ཨང་དང་པོ་ཐོབ་པ་ན་ད་གཟོད་ངའི་སེམས་ལ་དམ་པ་དེའི་གསུང་ཝ་ལེར་དྲན་པ་དང་མཉམ་དུ་རྒྱ་བོད་ཡིག་རིགས་གཉིས་ཀྱིས་གསར་རྩོམ་བྱེད་རྒྱུའི་སེམས་ཐག་བཅད་དེ་༡༩༩༠ལོར་གཞི་ནས་<<མཚོ་སྔོན་པོའི>>སྟེང་ལ་རྒྱ་ཡིག་གི་སྒྲུང་ཐུང་གཉིས་སྤེལ་བར་དུས་དེབ་དེའི་རྩོམ་སྒྲིག་པས་མཚོ་སྔོན་ཞིང་ཆེན་སྐབས་གཉིས་པའི་བོད་སོག་རྩོམ་རིག་གསར་རྩོམ་ཚོགས་འདུའི་སྟེང་བསྟོད་པ་བྱས་ནས་སྤྲིན་གསེབ་ཏུ་བཞག་པ་དང་།ཅང་མ་འགོར་བར་བོད་ཡིག་ཀློག་པ་པོ་རྣམས་ཅུང་དགའ་པོ་ཡོད་པའི་<<ར་ལོ>>སོགས་བདག་གི་སྒྲུང་རྩོམ་འགའ་བསྟུད་མར་<<སྦྲང་ཆར>>སྟེང་དུ་བཀོད་པས་གསར་རྩོམ་ཐད་གྲུབ་འབྲས་ཅུང་ལོན་བཞིན་པའི་སྐབས་དང་བྱ་བའི་(དེ་དུས་ངས་ཞང་ཀྲང་གཞོན་པ་ཞིག་གི་གོ་གནས་ཁུར་ཡོད)ཐད་ནས་མང་ཚོགས་ཀྱིས་གཞན་ལས་ཡིད་རྟོན་བྱེད་ཡུལ་དུ་འགྱུར་བཞིན་པའི་སྐབས་ཀྱང་ཡིན་ལ་ཏག་ཏག་མི་མང་པོ་ཞིག་གི་ཕྲག་དོག་གི་མེ་ལྕེ་འབར་བའི་སྒང་ཡང་ཡིན་པས་ཕེའུ་ཀིན་གྱིས“འགྲོ་བ་མི་འདིས་ཆ་རྒྱུས་མེད་པའི་མི་ཞིག་རང་གི་མགོ་ལ་ཤོར་ན་བཟོད་སྒོམ་བྱེད་ཐུབ་ཀྱང་རང་གི་གམ་གྱི་མི་ཞིག་ཡར་འཕར་བར་གཏན་ནས་བཟོད་སྒོམ་བྱེད་མི་སྲིད།”ཅེས་གསུང་པ་ལྟར་ལས་གྲོགས(ཁོས་ཆོས་ལུགས་བྱ་འགུལ་སྤེལ་ཆེད་མང་ཚོགས་ལ་བཙན་ཁྲལ་མང་པོ་བཞག་པ་དང་ད་ལྟ་བ་མི་མཐུན་པའི་དབང་གིས་ངེད་གཉིས་བར་ལ་སྔར་ནས་འགལ་བ་བྱུང་འདུག)ཀྱིས་ང་ལ་མ་ཉེས་ཁ་གཡོག་གིས་ཁྲིམས་འཛིན་སྡེ་ཁག་ལ་སྤྲད་པར་མ་ཟད་བདེན་དཔང་རྫུན་བཟོ་བྱས་པས་ང་ལ་ཉེས་མེད་དུ་ལོ་གཉིས་ཀྱི་དུས་བཅད་བཙོན་འཇུག་དང་ལོ་གཉིས་ཀྱིས་དུས་འགྱང་ལག་བསྟར་བྱེད་རྒྱུའི་ཁྲིམས་ཐག་བཅད(ཅང་མ་འགོར་བར་དཀར་འདོན་ཐོབ)དུས་ངའི་ཕ་མ་གཉིས་ཀྱིས༡༩༦༡ལོར་འཚོ་བ་ད་དུང་ཤིན་ཏུ་སྡུག་པའི་སྐབས་སུ་ང་རང་སྐྱེས་ནས་སྲིད་གཞུང་གིས་ཟ་འབྲུའི་སྐལ་བྱིན་པས་ད་གཟོད་ཁོ་ཚོའི་ལྟོགས་སྐོམ་སེལ་བར་ཁར་མིང་སྲིང་ལྔ་ལས་ཆེས་ཆུང་བ་ཡིན་པས་མིག་འབྲས་ལྟར་གཅེས་པའི་བྱིས་པ་དེ་ལོ་མང་པོའི་རྗེས་སུ་ལྟ་བའི་དབང་གིས་མི་རྣམས་ཀྱི་མིག་ནང་གི་ཚེར་མར་གྱུར་ཏེ་འདི་འདྲའི་གོད་ཆག་ཆེན་པོ་སློང་མཁན་ཞིག་ཡིན་པ་རྨི་ལམ་ལའང་ཤར་མེད།༡༩༨༦ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་ཟབ་སྦྱོང་རྫོགས་ཏེ་ཕྱིར་ལོག་དུས་སྔར་གྱི་སློབ་དཔོན་དམ་པ་དེ་དང་བློ་ཁ་མཐུན་པའི་ལས་གྲོགས་མང་ཤོས་མེད་པའི་ཁར་སློབ་འབྲིང་དེའི་སློབ་ཁྲིད་ལམ་ལུགས་ཀྱང་རྩ་བནས་འགྱུར་འདུག་པས་རང་ཉིད་ཁེར་རྐྱང་དུ་ལུས་པའི་སུན་སྣང་ཆེན་པོ་ཞིག་གིས་དེད་ནས་རྫོང་ཁྲིམས་ལུགས་བློ་འདྲི་ཁྲུའུ་ལ་ལས་གནས་སྤར་བ་དང་།ཁྲིམས་ལུགས་སྦྱངས་ཏེ་མ་འོངས་པ་ན་གསར་རྩོམ་གྱི་ཞོར་དུ་ཁྲིམས་རོགས་པ་ཞིག་བྱེད་པའི་རེ་བ་འཆིང་ནས་ཏག་ཏག་ཁྲིམས་རོགས་པའི་ལག་འཁྱེར་ལོན་ལ་ཉེ་དུས(༡༩༩༠ལོར)ཞང་ཀྲང་གཞོན་པ་ཞིག་གི་འགན་འཁུར་དགོས་བྱུང་(སྐབས་དེར་འབྲོག་པ་མི་ཉུང་བ་ཞིག་གིས་ཧ་ཅང་གསང་བའི་སྒོ་ནས་ངུ་ལ་ཁད་ཀྱིས་བདག་ལ“འབུལ་བ་སྣ་ཚོགས་ཀྱིས་དངོས་གནས་ང་ཚོར་མགོ་དགྱེ་རུ་མི་འཇུག”ཅེས་བཤད་མྱོང་བ་ནི་ངས་ནམ་ཡང་བརྗེད་མི་སྲིད།)ནས་ལོ་གསུམ་གྱི་རྗེས་སུ་གོང་དུ་བཤད་པ་ལྟར་ཁྲིམས་རོགས་པའི་སྟེགས་བུར་མ་བུད་གོང་ལ་གྱོད་ཡའི་སྟེགས་བུར་འགྲེང་དགོས་བྱུང་བར་བལྟས་ན་ལས་དབང་གིས་མི་ལ་རྩེད་མཚར་བྱེད་ཤེས་ཟེར་བ་དངོས་གནས་བདེན་པ་འདྲ་_“དེ་རིང་གི་གནམ་གཤིས་ཧ་ཧ་ཧ།”

མཇུག་མཐར་ཚང་མར་བཤད་རྒྱུ་ནི་མིག་སྔར་ང་རང་མཚོ་སྔོན་ཞིང་ཆེན་རྨ་ལྷོ་རྫོང་སྲིད་འཛིན་ས་ཁོངས་དབྱེ་མཚམས་ཅུའུ་ན་ཡོད་པ་དང་།ལོ་རེའི་དབྱར་ཁར་མེ་ཏོག་སྣ་བརྒྱ་བཞད་པའི་རྩྭ་ཐང་དུ་རས་གུར་ཕུབ་ནས་སྐམ་ལུག་གྲངས་མེད་བཤས་ཏེ་གཟི་བཤད་བླ་དཔོན་ཚོར་ཞབས་ཏོག་བྱེད་པའི་ཞོར་དུ་རྩྭ་ས་རྩོད་གླེང་ཁྲོད་སྲོག་ཤོར་བའི་སྤུན་ཟླ་ཚོའི་བེམ་པོ་གང་མང་མཐོང་ཐུབ།ཨོ།ད་དུང་ཆེས་གལ་ཆེ་བའི་དོན་དག་ཅིག་བརྗེད་སོང་སྟེ་གལ་ཏེ་རྩོམ་ཐུང་འདི་པར་སྐྲུན་བྱེད་ཐུབ་ན་རྩོམ་ཡོན་མྱུར་དུ་སྐུར་རོགས་_མི་འགྱང་བར་ཨ་ལགས་གཡག་ཚང་མི་འཇིགས་སེང་གེའི་ཁྲི་ལ་འཁོད་པར་ང་ཚོའི་སྡེ་བའི་ལས་བྱེད་པ་ཚོས་ཀྱང་སྒོར་བརྒྱ་རེ་སྤྲོད་དགོས།ཞོར་དུ་གླེང་རྒྱུ་ནི་ངའི་བརྩམས་ཆོས་ཡོངས་ལས་རང་ཉིད་ཅུང་བློར་འབབ་ཞིག་མེད་ལ།ནམ་ཡང་ཡོད་མི་སྲིད་པ་དང་།ཆེས་བློར་མི་འབབ་པ་ནི་གོང་དུ་སྨོས་ཟིན་པ་སྟེ་<<བཀྲ་ཤིས་གཉེན་སྒྲོན>>ཡིན།ཆེས་བློར་འབབ་པའི་ལེགས་བཤད་ནི“ཆོས་ལུགས་ནི་ཉལ་ཐ་ཡིན”(མར་ཁེ་སིའི་གསུང་།)ཞེས་པ་དེ་དང་།ཆེས་བཟོད་ཐབས་བྲལ་བའི་བྱ་སྤྱོད་ནི་གཞན་གྱི་ངལ་རྩོལ་ལ་བསྟེན་ནས་འཚོ་བ་རོལ་བཞིན་པ་དེ་ཡིན།

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རང་རྣམ།

2009-05-09 ཚེ་རིང་དོན་གྲུབ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།