སྙན་ངག་པ་ཞིག་ཚོང་ལམ་འགྲིམས་པ་ནི་སྙན་ངག་པ་ཞིག་འཆི་ལམ་འགྲིམས་པ་དང་འདྲ།

     ཉེ་ལམ་མཚོ་སྔོན་བརྙན་འཕྲིན་ཁང་གིས་བསྒྲུབས་པའི་ཕུན་ཚོགས་མེ་ལོང་སྒྲུབ་ཐེངས་སུམ་བརྒྱ་ཞེ་གཉིས་པའི་ལེ་
ཚན་ནང་དུ་ཚོང་ལམ་དུ་ཞུགས་པའི་སྙན་ངག་པ་ཞེས་པའི་གླེང་གཞི་ཞིག་སྤེལ་སོང་ལ། དེ་ནི་སྙན་ངག་པ་གངས་ཞུན་
ལགས་ཀྱིས་སྙན་ངག་གི་ལས་ཀ་བཏང་ནས་ཚོང་ལམ་དུ་ཞུགས་པའི་བགྲོད་ལམ་རེད།
          སྤྱིར་སྙན་ངག་པ་ཞེས་པ་ནི་མི་རིགས་ཤིག་གི་མགྲིན་ཚབ་པ་དང་འཐུས་ཚབ་པ་ཡིན་ལ། སྙན་ངག་པ་ནི་མི་རིགས་ཤིག་
གི་སྣེ་ཁྲིད་པ་དང་གདོང་མཆོངས་པ་ཡིན་དགོས། ཡིན་ན་ཡང༌། གངས་ཞུན་ལྟ་བུའི་སྙན་ངག་པ་ཞིག་གིས་སྙན་ངག་གི་འཕྲིན་
ལས་མི་སྐྱོངས་པར་ཚོང་ལས་ཀྱི་ཕྱོགས་སུ་གོམ་ཁ་བསྒྱུར་བ་ནི་ཆེས་ཡིད་སྐྱོ་བ་ཞིག་གོ འདས་པའི་ལོ་ངོ་ཁ་ཤས་ཀྱི་སྔོན་ལ་
སྙན་ངག་པ་གངས་ཞུན་གྱིས་བྲིས་པའི་སྙན་ངག་རེ་ཟུང་གིས་ཀློག་མཁན་མང་པོ་ཞིག་ལ་བག་ཆགས་ཆེས་ཟབ་མོ་ཞིག་
བཞག་པ་མ་ཟད། <<འཁོར་བའི་སྙིང་བོ>>་དང་<<འཁོར་བའི་གཏམ་རྒྱུད>>་གཙོ་བྱས་ཏེ། ཉེ་བའི་ཆར་བྲིས་པའི་<<མེ་ལ་
བསྒྲོན་མཁན>>་དང་<<སྒོ་ཁྱིའི་ལས་དབང>>་ལྟ་བུའི་སྙན་ངག་དེ་དག་གིས་མི་སེམས་རྨང་ནས་བཀུག་པ་མ་ཟད། བརྗོད་
དོན་གྱི་ཚིག་རྐང་རེ་རེའི་བར་ནས་སྐད་ཆ་གསོན་པོ་རེ་རེ་མེ་བཞིན་འབར་བྱུང་བས་ན། ཁོས་བཤད་པ་ཇི་ བཞིན་”ང་
འབར་བཞིན་ཡོད། ང་མེ་ལ་བསྒྲོན་མཁན་དེ་ང་རང་ཡིན”ཞེས་པ་དེ་དོན་དངོས་དང་མཐུན་པ་ཞིག་ཏུ་མཐོང་ངོ༌།།
          ཡིན་ན་ཡང༌། ལོ་ངོ་གཉིས་ཙམ་གྱི་སྔོན་ནས་བཟུང་གངས་ཞུན་གྱི་འབར་བཞིན་པའི་ཚོར་བ་དང་འབར་བཞིན་པའི་རང་
ཉིད་རྩ་བ་ནས་འབར་མཚམས་བཞག་ཅིང༌། ཚོང་ལས་དཔལ་འབྱོར་གྱི་ཕྱོགས་སུ་གོམ་ཁ་བསྒྱུར་བ་ནི་བོད་ཀྱི་སྙན་ངག་པའི་
སྡེ་ལ་མཚོན་ན་ཕམ་ཁ་ཆེན་པོ་ཞིག་དང་གྱོང་གུད་ཆེན་པོ་ཞིག་ཏུ་འདོད་ལ། 2008ལོའི་སྦྲང་ཆར་དེབ་དང་པོའི་སྟེང་བཀོད་
པའི་གངས་ཞུན་ལགས་ཀྱི་སྙན་ངག་པེ་ཅིན་ཨིའུ་ལིམ་ཕེ་ཁི་འགྲན་ཚོགས་ལ་ཕུལ་བའི་སྙན་ཚིག་ཞེས་པ་དེ་བཀླགས་རྗེས་
སྙན་ངག་པ་གངས་ཞུན་གྱི་སྔར་གྱི་སྤོབས་པ་དང་སྙན་ངག་གི་ཚོར་རྟོགས་དེ་ཉམས་བཞིན་པ་མཐོང་ལ། ད་ལོའི་ཕུན་ཚོགས་
མེ་ལོང་ལས་ཚོང་ལམ་དུ་ཞུགས་པའི་སྙན་ངག་པ་ཞེས་པ་དེ་མགོ་ནས་མཇུག་བར་ཐེངས་ཤིག་བལྟས་རྗེས། ངས་དེ་མ་ཐག
ཁོ་བོ་ལ་འཆི་ལམ་དུ་ཞུགས་པའི་སྙན་ངག་པ་ཞེས་བཏགས་ན་འོས་སོ་སྙམ།
           དེ་ཡང་ངས་འདི་ནས་གླེང་འདོད་པ་ནི་སྙན་ངག་པ་གངས་ཞུགས་ལགས་ཚོང་ལམ་དུ་ཞུགས་པ་ནི་སྙན་ངག་གི་
ངོས་ཐད་ནས་བལྟས་ན་ཁོ་རང་འཆི་ལམ་དུ་ཞུགས་པ་དང་ཨ་ན་མ་ན་རེད། དེ་ཡང་མིའི་སེམས་ཁམས་དང་བསམ་བློ་ནི་
ཁོར་ཡུག་དང་བསྟུན་ནས་འགྱུར་སླ་ལ། ཚོང་ལས་དཔལ་འབྱོར་འཕེལ་རྒྱས་ཆེ་བའི་དུས་རབས་འདིར། དཔལ་འབྱོར་
འགྲན་རྩོད་ཀྱི་ངེས་ཐད་ནས་བལྟས་ན་སྙན་ངག་པ་ནི་ཉམ་ཆུང་བ་དང་སྙན་ངག་ནི་གོ་མི་ཆོད་པ་ཞིག་ཏུ་མཐོང་ལ། ལྷག་
ཏུ་ཁ་སང་དེ་རིང་ལ་དཔལ་འབྱོར་གྱིས་ཡོད་ཚད་བདག་གིར་འཛིན་བཞིན་པར་མཐོང་མོད། དོན་དངོས་སུ་སྙན་ངག་གི་
རིན་ཐང་ནི་གཞལ་མཐའ་མེད་པ་ཞིག་ཡིན་ལ། སྙན་ངག་པ་ཚོ་ཉམ་ཐག་ཡིན་ཡང་ཁོ་ཚོས་བྲིས་པའི་སྙན་ངག་དག་ནམ་
ཡང་ཉམ་ཐག་ཡིན་མི་སྲིད་དེ། གལ་ཏེ། དེ་ལྟ་བུ་ཞིག་མིན་ན། རྒྱལ་ཁབ་གང་དང་མི་རིགས་གང་ལ་མཚོན་ན་ཡང༌།སྙན་
ངག་པ་ཞེས་མིང་ལྗིད་པོ་ཞིག་འདོགས་དགོས་དོན་མེད་ལ། སྙན་ངག་པ་ནི་མི་རིགས་ཤིག་གི་མགྲིན་ཚབ་པ་ཡིན་ཟེར་དོན་
དེ་བས་ཀྱང་མ་མཆིས་སོ།།
              འདི་ནས་ང་ཚོ་དང་ཐག་མི་རིང་བའི་བོད་ཀྱི་སྙན་ངག་པའི་སྡེ་ལ་ཕྱིར་བལྟ་ཞིག་ བྱས་ན། སྙན་ངག་པ་མང་པོ་ཞིག་
ནི་ཤི་ཟིན་པ་འམ་འཆི་བཞིན་པའི་སྒང་ཡིན་ལ། ཁོ་ཚོའི་འཆི་རྐྱེན་གཙོ་བོ་ནི་ཟླ་ཕོགས་དང་ཆུང་མ། སྒོར་མོ་དང་དབང་ཐང་
བཅས་ཡིན་ལ། དེ་དག་གིས་ཁོ་ཚོས་མི་གཤིས་དང་བསམ་བློ་སོགས་ལ་བསྒྱུར་བཀོད་གཏོང་བཞིན་ཡོད་ལ། ཁོ་ཚོ་འང་རེ་རེ་
བཞིན་དེ་དག་གི་བྲན་གཡོག་ཏུ་འགྱུར་བཞིན་ཡོད་པ་མ་ཟད། སློབ་མའི་དུས་སུ་མི་རིགས་དང་རྩོམ་རིག་གླེང་བའི་མི་བུ་
དག་ཀྱང༌།བྱ་བའི་ལས་རྐང་ལ་བུད་རྗེས་སྙན་ངག་ཅེས་པ་ཁོ་ཚོ་དང་རྒྱང་ཐག་ཇེ་རིང་ནས་ཇེ་རིང་དུ་ འགྲོ་བཞིན་ཡོད་ལ།
བྱ་བ་དང་ཁྱིམ་ཚང་ཙམ་གྱིས་ཡིད་མ་ཚིམས་པ་དག་ལ་ཡང་གོ་ས་དང་དབང་ཐང་འབྱོར་རྗེས་སྙན་ངག་པའི་ལས་ཀ་ནི་
ཆེས་ཐབས་རྡུགས་ཤིག་དང་སྙན་ངག་པ་ནི་ཆེས་ཉམ་ཐག་ཅིག་ཏུ་བརྩིས་ནས་ལོགས་སུ་འཇོག་ལ། ཞར་དུ་རང་ཉིད་ཀྱི་ཚོར་
བ་སྐྱེན་པོ་དག་ཀྱང་སྤྱི་ཚོགས་ཆེན་པོ་ཞིག་གི་ངོ་བོ་ལ་རང་བཞིན་གྱིས་ བསྟིམས་ཅི་ཐུབ་བྱེད་བཞིན་ཡོད། སྐབས་འདིར།
བདག་གིས་དྲན་འོངས་པ་ནི་ མཁས་དབང་དགེ་ཆོས་ཀྱི་གསུང་ཆོས་ཅིག་སྟེ། རོ་དང་མཚུངས་པའི་ལུས་པོ་འདི།། ག་དུས་ཤི་
ཡང་མི་འགྱོད་དེ།། གསེར་དང་མཚུངས་པའི་རྣམ་དཔྱོད་འདི།། མཉམ་དུ་ཤི་ན་ཤིན་ཏུ་འཕངས།། ཞེས་པ་ལྟར་རང་རེའི་་
སྙན་ངག་པ་དག་གིས་ཀྱང་སྙན་ངག་གི་ལས་ཀ་དང་མཛེས་སྡུག་གི་རྣམ་དཔྱོད་དེ་མིག་སྔར་གྱི་ཁེ་ཕན་ཙམ་ལ་བསྟིམས་ཅི་
ཐུབ་བྱེད་པ་ནི་ཧ་ཅང་ཕངས་བའི་གནས་སོ།།
              སྤྱིར་ན། སྙན་ངག་པའི་ལས་ཀ་ནི་ཆེས་ཐབས་རྡུགས་ཤིག་ཡིན་པ་བདེན་ལ། དེ་འདྲ་ཞིག་ཡིན་དགོས་ཀྱང་སྲིད། གལ་
ཏེ་སྙན་ངག་པ་ཞིག་ལ་དབང་ཐང་དང་ སྟོབས་འབྱོར་རྒྱས་ན། དེ་ཡིས་མི་གཤིས་དང་བསམ་བློ་འགྱུར་ནས་ད་གཟོད་དངུལ་
ལོ་ཡི་ཁྲོད་ནས་འཕག་འཚག་བརྒྱབ་ནས་འདུག་པ་ལས། སྡུག་ཐང་ན་ཡོད་པ་དེ་ཐོད་ལ་བླངས་ནས་ཤོག་བུ་དང་སྨྱུ་གུ་འཛིན་
མི་སྲིད་ལ། ཀུ་ཅོ་དང་སྡུག་སྨེ་དེ་བས་ཀྱང་ འདོན་མི་སྲིད་དོ། ཡིན་ན་ཡང༌། སྙན་ངག་པའི་ལས་ཀ་ནི་ཐབས་ཆག་ཅིག་ཡིན་
པས། ཁོ་ཚོ་ནམ་རྒྱུན་ཐབས་རྡུགས་ཀྱི་ལས་ཀར་འཐམ་གྱིན་ཡོད་ལ། ཐབས་རྡུགས་ཀྱི་ལས་ཀའི་ཁྲོད་ཀུ་ཅོ་འདོན་མཁན་དང་
ཆོ་ངེ་འདེབས་ཐུབ་མཁན་ནི་སྙན་ངག་པ་དག་ལས་ཡོད་མི་སྲིད། དེ་བས་ན། སྙན་ངག་པ་ནི་རང་ཉིད་ལ་རང་ཉིད་ཀྱིས་
འགན་ཁུར་ལྷག་མ་བསྐྲུན་མཁན་དང་སྙན་ངག་པ་ནི་རང་ཉིད་ལ་རང་ཉིད་ཀྱིས་སེམས་ཁུར་ལྷག་མ་བསྐྲུན་མཁན་དག་ཡིན།
དེ་བས་བདག་གིས་ཀྱང་འདི་ལྟ་བུའི་སྙན་ངག་མ་ཡིན་པ་ཞིག་འབྲི་མྱོང་སྟེ་དེ་ནི་མྱོང་ཚོར་ངོ་མ་ཞིག་ཡིན། ཨ་མས་སྙན་ངག་
བྲིས་ན་མི་ཕན་རང་གི་བྱ་བ་འཁྱོངས་དགོས་ཟེར།། ཆུང་མས་ཁྱེད་ཀྱིས་སྙན་ངག་འབྲི་ན་ང་རང་ཁྱིམ་ནས་མི་འདུག་ཟེར།། ཚ་
བོས་ཁྱེད་ཀྱིས་སྙན་ངག་བྲིས་ནས་ཁེར་ལབ་བྱེད་དོན་ཅི་ཡིན་ཟེར།། ཚང་མས་ཁྱེད་ལ་ཟླ་ཕོགས་ཡོད་པས་རང་ཉིད་ཁ་རོག་
འདུག་དགོས་ཟེར།། ཞེས་པ་ལྟར་མི་མང་པོ་ཞིག་གིས་སྙན་ངག་པའི་ལས་ཀ་འདིར་མཐོང་ཆེན་དང་བརྩི་འཇོག་བྱེད་མི་སྲིད་ལ།
གདེང་འཇོག་དང་ཡི་རངས་ནི་དེ་བས་ཀྱང་ཐོབ་མི་སྲིད།
        ཡིན་ན་ཡང༌། སྙན་ངག་པ་བྱེད་འདོད་པའི་ཧམ་སེམས་དེ་བཅངས་པ་ནས་རང་ཉིད་ལ་རང་ཉིད་ཀྱི་རང་གཤིས་བརྟན་
པོ་ཞིག་དགོས་པ་ནི་གལ་ཆེན་ནང་གི་འགངས་ཆེན་ཡིན་ལ། དེ་ནི་ཁྱེད་རང་ཉིད་ལ་འགན་འཁྲིའི་འདུ་ཤེས་ཡོད་མེད་ལ་
རག་ལས་ཆེན་པོ་ཡོད། དེ་བས་ན། སྙན་ངག་པ་གངས་ཞུན་ཡིན་ཀྱང་ཆོག་ལ། དེ་མིན་གངས་ཞུན་དང་འདྲ་བར་སྙན་ངག་
པའི་ལས་ཀ་གཞོགས་སུ་འཇོག་པའི་སྙན་ངག་པ་གང་མང་ཞིག་ལ་ཞུ་འདོད་པ་ནི། སྙན་ངག་པ་དག་ལ་རང་གཤིས་བརྟན་
མོ་ཞིག་དགོས་པ་ནི་རྩ་བའི་རྩ་བ་ཡིན་ལ། དེ་མིན་པར་སྙན་ངག་པ་ལ་ལ་ཞིག་ལ་བྱ་བའི་བསླུ་བྲིད་ ཐེབས་པ་དང༌། སྙན་ངག་
པ་ལ་ལ་ཞིག་ལ་ཁྱིམ་ཚང་གི་ཤན་ཤུགས་ཐེབས་པ། སྙན་ ངག་པ་ལ་ལ་ཞིག་ལ་སྒོར་མོའི་བསླུ་བྲིད་ཐེབས་རྗེས། སྔོན་ཆད་
རང་ཉིད་ཤི་འཐམ་རོ་འཐམ་བྱས་མྱོང་བའི་སྙན་ངག་གི་ལས་ཀ་དེ་ཆེས་ཉམ་ཆུང་དང་ཆེས་ཐ་ཤལ་ཞིག་ཏུ་བརྩིས་ན་དེ་
འདྲའི་ལེགས་པོ་ཞིག་ཏུ་མི་མཐོང་ལ། བོད་ཀྱི་སྙན་ངག་གི་སྤུས་ཚད་མཐོ་རུ་འགྲོ་གྱིན་མེད་པའང་བོད་ལ་ངེས་གཏན་གྱི་
སྙན་ངག་པ་མེད་པ་དང༌། ཁོ་ཚོར་འགན་འཁྲིའི་འདུ་ཤེས་མེད་པ། གཞན་གྱི་གཡོ་འོག་ཏུ་ཚུད་སླ་བ། རང་གཤིས་བརྟན་མོ་
ཞིག་མེད་པའི་རྐྱེན་གྱིས་སྙན་ངག་པའི་དཔུང་ཚོགས་དེ་ཉམས་ཞན་དུ་འགྲོ་བཞིན་ཡོད་པར་འདོད་ལ། སྙན་ངག་པ་གངས་
ཞུན་ལྟ་བུའི་སྙན་ངག་མང་པོ་ཞིག་གིས་སྙན་ངག་གི་འཕྲིན་ལས་མི་སྐྱོང་པར་ཚོང་ལས་དཔལ་འབྱོར་གྱི་ཕྱོགས་སུ་མགོ་བོ་
འཁོར་ རྗེས། ཕྱིར་སྙན་ངག་པའི་ལས་ཀ་ནི་ཆེས་ཉམ་ཐག་གི་ལས་ཀར་བརྩི་བ་ནི་སྙན་ངག་ལ་ཕྱོགས་པའི་མི་བུ་དག་ལ་
མཚོན་ན་ཡིད་ཕམ་དང་སྐྱོ་གདུང་སྐྱེ་དགོས་པ་ཞིག་ཡིན་པ་མ་ཟད། སྙན་ངག་པ་གང་མང་ཞིག་ལོག་ལམ་དུ་ཁྲིད་པའི་ཤན་
ཤུགས་ངེས་ཅན་ཞིག་ཐེབས་འགྲོ་སྙམ་ན། སྐྲག་སྣང་དང་འགྱོད་གདུང༌། ཡིད་ཆད་ཅིག་ཀྱང་དབང་མེད་དུ་སྐྱེས་འོངས་པའོ།།
                                  2008.9.23ཉིན་བྲིས་ཤིང༌།
                                  2008.9.26ཉིན་གློག་ཀླད་དུ་ཕབས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་པ་ཞིག་ཚོང་ལམ་འགྲིམས་པ་ནི་སྙན་ངག་པ་ཞིག་འཆི་ལམ་འགྲིམས་པ་དང་འདྲ།

2009-05-02 བོང་སྟག་རི་ལུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།