འཕག་འཚག་གི་ང་རོ།

      ____བག་ཆགས་རྙིང་རུལ་ལ་རྒོལ་བའི་གཏམ།

ང་ཚོས་ནམ་རྒྱུན་བསམ་གཞིག་རྣ་མ་བྱེད་ས་ནི། རི་བོ་གངས་ཅན་པའི་རིག་གནས་ཀྱི་བྱུང་བ་ལོ་རྒྱུས་དང་། ངོ་བོ་རང་བཞིན།འཕེལ་རྒྱས་འགྱུར་ལྡོག ཕན་ནུས་རིན་ཐང་།ཤེས་ལྡན་ཉུང་ཟད་ཅིག་གིས་རྟག་ཏུ་རི་བོ་གངས་ཅན་པའི་རིག་གནས་ཀྱི་མཚན་མཚོན་དང་།ཟབ་རྒྱ།ཤན་ཤུགས་སོགས་ལ་དཔྱད་སྡུར་གདེང་འཇོག་རྩོམ་པ་དེ་བཞིན་དུ།ང་ཚོས་ཀྱང་རིག་གནས་འདི་དང་འདིའི་ཕྱོགས་སུ་གནས་པའི་མི་རྣམས་ཀྱི་མདུན་ལམ་དང་བགོ་སྐལ་དག་ལ་བསམ་གཞིག་གནད་དུ་ཐིངས་པ་གཏོང་རིན་ཡོད་ལས་ཆེ།

རྣམ་ཤེས་གསར་པའི་རྟོག་པ།

བསམ་ཤེས་པའི་དུས་ནས་བཟུང་ང་ཚོར་ཐོར་ཞིག་དང་འཇིག་ཉེན་གྱི་ཚོར་རྟོག་ཤིན་ཏུ་ལྕི།ཚོར་རྟོག་དེ་དག་ལས་མཆེད་པའི་འཇིགས་སྣང་གིས་ང་ཚོར་དུས་ནམ་ཡང་མནར་གཅོད་གཏོང་གིན་འདུགང་ཚོའི་བསམ་གཞིག་གི་མ་ལག་ཆ་ཇི་ལྟར་ཇེ་ཚང་དུ་ཕྱིན་ན་ཚོར་རྟོག་དེ་ཡང་དེ་ལྟར་ཇེ་ཆེ་ནས་ཇེ་ཆེར་འགྲོ་བ་ཡིན།ཐོར་ཞིག་དང་འཇིག་ཉེན་གྱི་ཚོར་རྟོག་དེ་དག་ནི་འུ་ཚོའི་རིག་གནས་དང་གནས་བབ་ལ་ཞིབ་ཏུ་བསམས་ནས་བྱུང་བའི་ཞེན་པ་དཀར་པོའི་ཚོར་རྟོག་རྐྱང་རྐྱང་ཡིན།
        
འུ་ཚོ་ངེས་པར་དུ་རང་ཉིད་རྒུད་པའི་གནས་ཚོད་ཁས་ལེན་དགོས།དེར་མ་ཟད།རྒུད་པའི་རྒྱུ་རྐྱེན་འཚོལ་ཞིང་བརྟག་དགོས་པ་ཡིན།ང་ཚོའི་ཤེས་རྟོགས་ལྟར་ན།རྒུད་པ་མཐའ་དག་གི་རྩ་བ་ནི་བག་ཆགས་རྙིང་པ་འདི་ཉིད་རེད།བག་ཆགས་རྙིང་པ་འདི་མི་ལོ་སྟོང་ཕྲག་ལོན་པའི་རིག་གནས་ཤིག་གི་མངལ་ལས་འཁྲུངས་ཤིང་།མི་ལོ་སྟོང་ཕྲག་ལོན་པའི་རིག་གནས་ཀྱི་ཤན་ཆེ་བའི་ཁོར་ཡུག་ནས་འཚར་ལོངས་བྱུང་བ་རེད།རིག་གནས་དེ་ཉིད་ལོ་ན་བགྲེས་པའི་རྒྱུ་མཚན་གྱིས་དེས་བསྐྱེད་པའི་བག་ཆགས་འདིའང་ངོ་བོ་རྒས་ཤིང་འཁོགས་པ།རང་བཞིན་རྟུལ་ཞིང་གྱོང་བ།རྒྱུ་བ་རྙིང་ཞིང་ཧྲུལ་བ་ཁོ་ནར་གྱུར་ཡོད།བགྲེས་པས་རྙིང་པ་མཚོན་ཞིང་གཞོན་པས་གསར་པ་མཚོན་པ་འཇིག་རྟེན་གྱི་ཆོས་ཉིད་དང་།རྙིང་པས་འཇིག་པ་ཟད་པ་རྒུད་པ་ཉམས་པ་ཟག་པ་མཚོན་ཞིང་།གསརཔས་སྐྱེ་བ་འཕེལ་བ་དར་བ་གནས་པ་གང་བ་མཚོན། རྙིང་ཚབ་གསར་བས་མ་བྱས་ན་འཕེལ་འགྱུར་ཐམས་ཅད་ཀྱི་སྒུལ་ཤུགས་འབྱུང་ས་མེད།ཆོས་པའི་མཐར་ཐུག་སངས་རྒྱས་ཀྱི་ས་དེ་བག་ཆགས་བཅོམ་པ་ལས་ཐོབ་ཅིང་།འཇིག་རྟེན་པའི་ཕུན་ཚོགས་བདེ་སྐྱིད་ཀྱི་སྐལ་དེ་བག་ཆགས་རྙིང་པ་བཅོམ་པ་ལས་བྱུང་།གནས་ལུགས་འདིའི་དབང་གིས།ང་ཚོས་བཙན་ཚུགས་ཀྱི་རང་གི་བག་ཆགས་རྙིང་པ་འདི་བཅོམ་བརླག་དང་གཏོར་བཤིག་བཏང་ནས་བག་ཆགས་གསར་པ་གསར་རྐྱང་ཞིག་མི་བསྐྲུན་ཐུ་མེད་བྱུང་།འཇིག་རྟེན་ལྷ་ཀླུ་གཉན་བཙན་སོགས་ཀྱིས་ཁ་ལོ་བསྒྱུར་བར་རློམ་པའི་གདོད་མའི་འཇིག་རྟེན་ལྷ་ཆོས་རིག་པ་དང་།ལྷ་མོ་རྩིས་གསུམ་གྱི་རིག་པ།ངན་སྔགས་མཐུ་གཏད་དང་རྦད་འདྲེ་རྦོད་གཏོང་གི་རིག་པ།གཞན་ཡང་བདག་མེད་དང་ལས་དབང་གི་རིག་པ་སོགས་ལྷ་འདྲེའི་ལྟ་བས་བདག་གིར་མཛད་པའི་བག་ཆགས་དེ་དག་ནི་ང་ཚོའི་ད་ལྟ་ལ་ཐུག་གི་སྤྱི་ཚོགས་དང་།མི་ཚེ།ཚེ་སྲོགའཚོ་བ་སོགས་འཕྲིན་ལས་མཐའ་དག་གི་རྨང་གཞི་དུམ་བུར་ཟོས་ཏེ་དྲན་ཤེས་ཀྱི་ལང་ཚོ་འགགས་པའི་མུན་དོང་གི་གཡང་དུ་ཡང་ཡང་བསྐྱུར།དེའི་སྒྲུབ་བྱེད་ལ་ད་ལྟའི་འུ་ཚོའི་གནས་བབ་ཁོ་ནས་ཆོག་པ་ཡིན།ཤེས་གསལ་ལྟར།བག་ཆགས་རྙིང་པ་བཅོམ་བརླག་དང་གཏོར་བཤིག་གཏོང་བ་དེ་འགྲན་རྩོད་ཅིག་དང་ངོ་ལོག་ཅིག་ཡིན་པར་མ་ཟད།རྒྱབ་འགལ་ཞིག་ཀྱང་རེད།བག་ཆགས་ཀྱི་གནས་སྟངས་ཤིག་ལ་རྒྱབ་འགལ་བྱེད་ན་སྙིང་སྟོབས་ཆེན་པོ་ཞིག་གི་དམ་བཅའ་བརྟན་དགོས་ཤིང་།སྙིང་སྟོབས་ཆེན་པོའི་དམ་བཅའ་དེ་བློ་ཡིད་ལjགོམས་དགོས་ན།ན་ཟུག་ཆེན་པོ་ཞིག་ཀྱང་ཞོར་ལ་བཟོད་དགོས་པ་གོར་མ་ཆགདེ་ཡང་དྲང་བདེན་གྱི་བསམ་གཞིག་རྣལ་མའི་ཤེ་མོངགིས།ང་ཚོའི་བག་ཆགས་ངོས་ཀྱི་སྐྲན་ནད་རྙིང་པ་དེ་ལ་ཡང་བསྐྱར་རྨ་ཁ་གསར་པ་བཟོས་ཏེ་ན་ཟུག་གི་དབང་གིས་འཕག་འཚག་བྱེད་དགོས་བྱུང་།ལ་ཤས་ཤིག་ན་བའི་རྐྱེན་གྱིས་འོ་དོད་འབོད་ཅིང་།མང་པོ་ཞིག་ན་ཟུག་མེད་ཀྱང་འོ་དོད་འབོད་ཀྱིན་ཡོད།འོན་ཀྱང་།ང་ཚོས་འོ་དོད་འབོད་པ་མིན།རྒྱུ་མཚན་ནི་ན་ཟུག་ཆེས་དྲགས་པས་སོ།།ན་ཟུག་ཆེས་དྲགས་པ་དེ་ཡང་ཕུགས་དེད་ན་བག་ཆགས་རྙིང་པ་རྔམས་མཐུག་པའི་རྐྱེན་རེད།ན་ཟུག་གི་ཆེས་ཐོག་མའི་རྒྱུ་ནི་ཕ་མའི་ཁམས་དཀར་དམར་འདྲེས་པའི་དེ་མ་ཐག་ནས་བྱུང་ཞིང་།ཁྲག་རྒྱུན་གྱི་ཆུ་ཀླུང་དང་འགྲོགས་ཏེ་ལུས་པོའི་རི་རབ་ཀྱི་ཁོང་གསེང་དག་ནས་བརྡོལ།ང་ཚོའི་བློ་ཡིད་ལ་ན་ཟུག་བྱུང་བའི་ཕྱི་ཉིན་ནས་བཟུང་།འཇིག་རྟེན་ཚལ་བར་གས་ཤིང་ས་རྣམ་པ་དྲུག་ཏུ་གཡོས།ནམ་མཁའ་དང་། མཁའ་དབུགས།ཡུལ་དུས་ཀུན་ལ་མགོ་རྟིང་ལོག་པའི་འགས་གཏོར་ཆེས་ཆེར་བྱུང་ཞིང་ཡོད་ཚད་ཆག་ཀྲུམ་གྱི་ངང་ལ་གཏད་སོ་གང་ཡང་མ་རྙེད་པ་ཇི་བཞིན།སྐྱབས་འགྲོ་དང་བསྔོ་སྨོན་ཀུན་ལ་ཤི་དུར་དང་ཚར་གཅོད་ཀྱི་དྲི་མ་ཐུལ།ན་ཟུག་འདི་ང་ཚོ་ཁོ་ནའི་ཐོབ་སྐལ་མིན།མི་རབས་འདི་དང་མི་རབས་རྗེས་མ།དེ་བས་ཀྱང་རིང་བའི་མི་རབས་མང་པོར་བརྒྱུད་དགོ་པ་འུ་ཚོའི་བག་ཆགས་རྙིང་པའི་ས་བོན་གྱིས་ཐག་ཆོད་ཡོད།ང་ཚོ་ནི་རྣམ་ཤེས་གསར་པའི་ཐོག་མ་ཡིན་པས།འགས་གཏོར་དང་།གས་ཆགརྩ་བརླག་ཡོད་ཚད་ཀྱི་སྡུག་བསྔལ་དང་པོར་མྱོང་དགོས་ཤིང་ཕྱི་མ་ཐམས་ཅད་ལས་ཀྱང་མནར་གཅོད་ལྕི།ང་ཚོས་བཅོམ་བརླག་དང་གཏོར་བཤིག་གི་ཆེད་དུ་གནས་སྐབས་ཀྱི་ན་ཟུག་བསླང་དགོས་ལ།འཚོ་གནས་དང་ཚེ་སྲོག་གི་སླད་དུ་གནས་སྐབས་ཀྱི་ན་ཟུག་བསླང་དགོས།ན་ཟུག་དང་སྡུག་བསྔལ་གཏན་དུ་གཅོག་ཕྱིར།ང་ཚོས་བག་ཆགས་རྙིང་པར་རྒོལ་བའི་འཕྲིན་ལས་སློང་།ཀུན་ནས་རྣམ་ཐར་གཞན་ཞིག་གི་འགོ་འཛོན་ཕྱིར།ང་ཚོསའཕོ་བ་གྲོང་འཇུགགི་གདམ་ངག་སློབ་ཅིང་།ཤ་གསར་རུས་བརྗེའི་ཐབས་ལམ་འཚོལ།

འཇིག་རྟེན་ཐམས་ཅད་དགའ་འོས་པ་ཞིག་ནི།འུ་ཚོ་དབུགས་རྒྱུན་རྟ་རྔ་ཙམ་ལ་བརྟེན་ནས་ད་ལྟའི་བར་འཚོ་ཐུབ་བྱུང་བའི་འབད་བརྩོན་ཆེན་པོ་དེ་ཡིན་འོས།དེས་འུ་ཚོ་སྤྲེའུ་དང་བྲག་སྲིན་མོའམ་མ་རྒྱུ་སྲ་མོའི་སེམས་ཅན་ཞིག་གི་ཕྱི་རབས་ཡིན་པ་བདེན་དཔང་བྱས་ཤིང་།འཚོ་གནས་ཀྱི་གནས་ལུགས་ཏིལ་འབྲུ་ཙམ་གྱི་ཕྱིར་དུ་ད་དུང་རྨེག་མེད་དུ་སོང་མ་ཚར་བ་ར་སྤྲོད་བྱས་པ་ཡིན།འུ་ཚོའི་རིགས་རྒྱུད་ཀྱི་རྔ་མ་ད་དུང་མ་ཆད་ཙམ་དུ་གནས་ཐུབ་བྱུང་བ་ནི་སྲོག་ལྡན་རང་ངོས་ཀྱི་རང་གཤིས་སུ་གྲུབ་པའི་འཚོ་གནས་འབད་བརྩོན་ཁོ་ན་ཡིན་པ་ལས་བག་ཆགས་རྙིང་པའི་བྱས་རྗེས་གཏན་ནས་མིན།

དེ་ལས་ལྡོག་སྟེ།བློ་ལྡན་ཐམས་ཅད་ཧ་ལས་དགོས་དོན་ནི་འདི་ལྟ་སྟེ།རིག་རྩལ་བསྐྱར་དར་གྱི་ལས་འགུལ་ནས་བརྩིས་པའི་ཡོ་རོབ་དཔལ་ཡོན་གྱིས་མ་མཐའ་ཡང་འུ་ཚོ་མི་ལོ་བཞི་བརྒྱའི་རྗེས་སུ་བསྐྱུར་ཅིང་།མེ་རྗེ་གསར་སྒྱུར་ནས་བརྩིས་པའི་འཇར་པན་དཔལ་ཡོན་དབུ་ཚུགས་པ་བས་ཀྱང་མི་ལོ་བརྒྱ་ལྷག་གིས་འཕྱིས།དེ་བཞིན་བསམ་བློ་གསར་པའི་སྲོག་ཤིང་ལ་སྐུ་ཞབསDདང་སྐུ་ཞབས་Sཡི་གཤོག་ཟུང་གདགས་པར་བརྩམས་པའི་རྒྱ་ནག་རིག་གནས་གསར་པའི་ལས་འགུལ་ལ་སྡུར་པས་ཀྱང་།འུ་ཚོར་ཕལ་ཆེར་དུས་རབས་གཅིག་ལ་ཉེ་བའི་ཕམ་ཁ་དང་གྱོང་གུད་ཐེབས་ཡོད་པ་སུ་ཞིག་གིས་བསྙོན་པར་ནུས།གྲངས་གནས་འདི་དག་གིས་ང་ཚོ་ལྟ་བུའི་དཔལ་ཡོན་རེ་བའི་ཤེས་ལྡན་རྣམས་ཀྱི་བློ་ལ་ཡིད་ཆེས་དཀའ་བའི་འཇིག་ཉེན་བརྗོད་ལས་འདས་པ་བར་མེད་དུ་སྟེར་གྱིན་འདུག

བག་ཆགས་རྙིང་པས་འུ་ཚོའི་འདོད་འདུན་དང་དྲན་འཆར་ཡོད་ཚད་དམ་ལ་བཏགས་ཤིང་།བློ་རིག་དང་ཐབས་ཤེས་ཡོད་ཚད་ཀྱི་སྐྱེ་རྒྱུན་བཅད་པས།འུ་ཚོ་མུ་མཐུད་དུ་རྒུད་པ་ནས་ཤིན་ཏུ་རྒུད་པར་ཕྱིན་ཅིང་ཉམས་པ་ནས་ཤིན་ཏུ་ཉམས་པར་ཕྱིན།ང་ཚོས་འདི་ལྟར་སེམས་ཏེ།རང་ཉིད་ཕམ་ཉམས་ཀྱི་རྒྱུ་གཙོ་བོ་ནི། སྒྱོགས་མདེལ་ངར་མ་དང་ལྕགས་སྒྲོག་ཁོལ་མ་མ་ཡིན་པར།འཕེལ་རྒྱས་དང་གསར་སྒྱུར་གྱི་བློ་སྲོག་གི་གཤེད་མར་གྱུར་པའི་བག་ཆགས་རྙིང་པ་འདི་ཉིད་རེད།

ང་ཚོས་མགོ་ནས་མཇུག་བར་གྱི་ལན་པ་དང་ངན་ཁག་ཡོད་ཚད་བག་ཆགས་རྙིང་པར་དཀྲི་ཞིང་།གད་སྙིགས་ཀྱིས་སྦགས་པའི་བག་ཆགས་རྙིང་པ་དང་བསམ་བློ་རྙིང་པ་ཡོད་ཚད་ལ་བསྐལ་པའི་བར་དུ་འཐབ་རྩོད་བྱེད།

དུས་འདི་ནས་བཟུང་།ང་ཚོ་རལ་ཞིག་རུལ་སུངས་སུ་གྱུར་པའི་ཉམས་དམས་ཀྱི་ཕུང་གཞི་འདི་ལས་མགོ་བོ་འདེགས་འགོ་བརྩམས་ཤིང་།ཚལ་བ་འབུམ་ཕྲག་ཏུ་གས་པའི་ཐོར་ཞིག་ལ་སྐངར་དང་ཅོ་འདྲི་བྱེད་འགོ་ཚུགས། སྔ་མ་རྣམས་ཀྱིས་ང་ཚོ་ལ་བགྲོད་ལམ་གྱི་ཟུར་ཙམ་ཡང་མ་བཏོད་པས་རེ་ཞིག་མགོ་བོ་འཐོམས་ཤིང་ཅི་བྱ་གཏོལ་མེད་དུ་གྱུར་ནའང་།ད་རེས་ང་ཚོས་རང་ཉིད་ཀྱི་བདག་གི་དེ་ཉིད་དང་རིན་ཐང་རྦད་དེ་རྟོགས་ནས་ཡིད་སྐྱོ་བའི་མཚེར་རྙིང་དེ་ལས་བགྲོད་ཐེངས་འདིའི་གོམ་པའི་འདེགས་འཇོག་གི་རྐང་རྗེས་ཐོག་མ་བཀོད་ཅིང་།སྐྱབས་ཞིག་ཡོད་ན་དགྱེས་ཞལ་འཛུམ་ཆོག་པའི་འགུལ་སྐྱོད་ཀྱི་བསྟོད་གླུ་རིང་མོའི་མཆོད་བརྗོད་འབྲི།ང་ཚོར་དཀའ་ངལ་དང་ན་ཟུག་ཇི་འདྲ་ཆེ་ནའང་།རང་ཡིད་ཀྱི་བག་ཆགས་རྙིང་པའི་བཙན་རྫོང་འདི་གཏོར་བཤིག་དང་གསར་སྒྱུར་བྱ་ཕྱིར།ཡུལ་དུས་ཀྱི་གཟུར་མེད་དུ་བསྐུལ་པའི་ང་རོ་ཆེན་པོ་ཞིག་གིས་ཐོག་དྲངས་པའི་འཕག་འཚག་སྟོབས་ཅན་ཞིག་ཡུན་ནས་ཡུན་དུ་བྱ་དགོས་བྱུང་བ་ཡིན་ནོ།།

                 ཕྱི་ཤུན་བཤུས་པའི་ལས་དབང་།

འུ་ཚོར་མཚོན་ན།ལོ་རྒྱུས་ཀྱིས་རྩེད་མཚར་རབ་དང་རིམ་པ་བྱས་མཐར།གཏད་སོ་གང་ཡང་མེད་པའི་ངང་ལ་དུས་རབས་ཉི་ཤུ་པའི་དུས་མཇུག་ལ་སླེབས།དེང་འདིར།ང་ཚོས་ཕམ་ཁའི་ཁུར་བོ་གྲངས་མེད་བརྩེགས་པའི་ལོ་རྒྱུས་ཀྱི་བཤུལ་ལམ་རིང་མོར་ཕྱི་བལྟས་ཀྱི་ཤི་སྐེ་ཅི་ལྟར་སྲིང་ཞིང་ཤི་སྦར་ཅི་ལྟར་འཐམ་ནའང་།ཡིད་སྐྱོ་ཞིང་ཞེ་མུག་པའི་རྗེས་ལུས་ཀྱི་མཐའ་འབྲས་སུས་ཀྱང་སྒྱུར་ཐབས་མེད་པས་ན།རང་གིས་རང་ལའང་སྙིང་རྗེ་བའི་དངོས་བབ་ཡ་ང་བ་འདི་མ་འདོད་བཞིན་དུ་དང་ལེན་མི་བྱེད་རང་བྱེད་རེད།མི་ལོ་སྟོང་ཕྲག་འགའི་རིང་ལ་དར་བའི་རི་བོ་གངས་ཅན་པའི་རིག་གནས་ཀྱིས་བསྐྱེད་པའི་བག་ཆགས་རྙིང་པ་དེས་འུ་ཚོའི་ལུས་ངག་ཡིད་གསུམ་གྱི་སྒོ་ཀུན་ལ་ལྕགས་ཟྭ་སྲ་མོ་རེ་རེ་ཨ་འཐས་སུ་བརྒྱབ་ཅིང་།རྟེན་འབྲེལ་དེའི་དབང་གིས་ལོ་རྒྱུས་དང་དུས་རབས་ཀྱིས་ཀྱང་འུ་ཚོ་ལ་བགོ་སྐལ་ཕྲན་བུ་ཙམ་ཡང་བྱིན་མ་མྱོང་།འུ་ཚོས་ཡིད་ཆེས་དང་ཐབས་བཀོད་གང་ཡང་མ་རྙེད་པར་བསམ་བརྗོད་ལས་འདས་པའི་ལས་དབང་གི་སྟོབས་ཤུགས་ལ་མགོ་བོ་སྒུར་ཏེ་ད་རེག་བར་དུ་བསྡད།
         
ལས་དབང་ནི་བློ་རིག་ལ་ཕམ་ཁ་ཐེངས་དང་པོ་ཐེབས་པའི་དུས་ནས་བྱུང་ཞིང་།གནོད་འཚེ་དང་བར་འགེགས་ཀྱི་བདུད་མོས་ཆོ་འཕྲུལ་བསྟན་པའི་དུས་ནས་བྱུང་།ཆོས་ཉིད་ཀྱིས་གོ་ལ་ཟླུམ་པོ་འདིར་ལས་དབང་ཟེར་བའི་ས་བོན་ཧྲིལ་གྱིས་བཏབ་ཡོད་ནའང་།བདེན་འཛིན་གྱི་ཡིད་ཆེས་མཉེན་མོ་ཞིག་གི་ཉེར་ལེན་ལས།འཁྱུག་གྲང་བཟོད་པར་དཀའ་བའི་རི་བོ་གངས་ཅན་གྱི་ཁོར་ཡུག་ནས་རྩ་བ་རྒྱས་ཤིང་འབྲས་བུ་སྨིན།ལས་དབང་གི་འབྱུང་ཁུངས་ནི་ཆོས་ཉིད་དང་རྟོག་པའི་བར་གྱི་འགལ་འདུ་ཡིན་ཞིང་།རྟོག་པའི་དགོས་འདོད་དེ་དངོས་པོའི་ཆོས་ཉིད་ཀྱིས་ཇི་བཞིན་སྐོང་མ་ཐུབ་པའམ།བློ་ལས་འགོངས་པའི་དངོས་པོའི་གསང་སྟོབས་ཀྱི་ཆོས་ཉིད་དེ་ཚོད་འཛིན་དཀའ་བའི་སེམས་པའི་དྲན་འཆར་ལས་དབང་བཙན་པ་ན་ལས་དབང་ཞེས་པ་བྱུང་།ཉི་ཟླ་སྒྲ་གཅན་གྱིས་བཟུང་།རི་གཡོམ།ས་གཡོས།འབྲོང་ཙག་གིས་བསྡམས།སྟག་མུ་གེས་མནར།སེམས་ཅན་གློ་བུར་ནད་ཡམས་ཀྱིས་ཁྱེར་བ་རྣམས་རྒྱུ་རྐྱེན་ཁྱད་པར་བའི་དབང་ཡིན་པ་ཤེས་བཞིན་དུ་ལས་དབང་ཞེས་པའི་སྟོབས་ཤུགས་ལ་ཡིད་ཆེས་རྙེད་པ་ནི་ཞིབ་ཏུ་བསམ་ན་འཁོས་ཆུང་དག་གི་སེམས་ཀྱི་སྟོང་ཆ་སྐོང་ཕྱིར་རེད།ལས་དབང་གི་མངོན་སྟངས་ཁྱད་པར་བ་ནི་ཉམས་རྒུད་དང་།ལྷོད་ཞུམ།སྡ་མའི་ཆོས་མཐའ་དག་རེད།ཡེ་ཤུའི་ཆོས་ལུགས་ཀྱི་སྐྱབས་མགོན་ལས་ཀྱང་ནུས་སྟོབས་ཆེ་བའི་ལས་དབང་ནི།དར་རྒུད་དང་།དབུལ་ཕྱུགབཙན་གཉོམ་སོགས་ཀྱི་མཐའ་གཉིས་འགལ་མེད་དུ་མཐོང་ཞིང་རང་སེམས་ཁད་ཀྱིས་གསོ་བྱེད་ཀྱི་འཕྲུལ་འཁོར་བློས་མི་དཔོག་པ་ཞིག་རེད།ནམ་མཁས་གར་ཁྱབ་དེ་སྲིད་དུ་ཁྱབ་ཅིང་སྨྲ་བསམ་བརྗོད་དུ་མེད་པའི་ཆོས་ཅན་གྱི་ལས་དབང་འདི་མཆོད་གནས་སུ་བཀུར་མཁན་ནི་ཕམ་ཁའི་རྨ་ཁ་གྲངས་མེད་བརྩེགས་པའི་གཉོམ་ཆུང་གི་སེམས་པ་དེ་དག་རེད།

འབྲས་བུ་སྐྱིད་སྡུག་གང་ཡང་ལས་དབང་གི་རྗེས་སུ་འགྲོ་ལྡོག་བྱེད་ཡིན་ན།ང་ཚོའི་དེ་ཉིད་རྒྱུ་རྐྱེན་གྱི་བདག་ཉིད་ཅན་དུ་ཁས་འཆེས་དགོས།གལ་ཏེ་དེ་ཉིད་རྒྱུ་རྐྱེན་གྱི་བདག་ཉིད་ཅན་ཡིན་ན།རྐྱེན་བསྒྱུར་བཅོས་ཡོད་པ་དེ་བཞིན་དུ་རྒྱུ་ཡང་བཟོ་སྐྲུན་རུང་བ་མིའི་རིགས་ཀྱི་བློ་གྲོས་ནུས་རྩལ་གྱིས་ཐག་ཆོད་ཡོད་པས།ལས་དབང་ཞེས་པ་ཅི་་འདྲའི་ཡིད་དུ་མི་འོང་བ་ཞིག་ཡིན་ནའང་དེ་ལ་ཟློག་ཐབས་ཡོད་ངེས་པ་ཡིན།ཁྱོད་ཚོས་རང་གི་ཀླད་ཞོ་སྲིན་འབུས་ཟ་བ་དང་གློ་སྙིང་སྐྲན་གྱིས་བཏབ་པ་ཡོད་ཚད་ལས་དབང་རེད་ཅེས་བསྐྱུར་བཟོད་ནའང་།འདི་ན་གསོས་སྨན་བསྟེན་ཏེ་ན་ཟུག་གཅོག་པའི་སྦྱོར་བ་རྩོམ་པ་མཐའ་དག་ནི་ལས་དབང་ལ་རྒོལ་བ་རྩོམ་ཕྱིར་མ་ཡིན་ནམ།

ན་བ་རྒྱུ་མཚན་དུ་བྱས་ཏེ་ལས་དབང་བྱུང་ཞིང་།ལས་དབང་གི་རྐྱེན་པས་ནད་ཡམས་འདིའི་སྡུག་བསྔལ་གྱི་ཆེ་མཐའ་ནི་ལུས་པོའི་ན་ཟུག་ཡུན་རིང་དུ་བསྲན་པ་དེ་ཡིན་ལ།དེ་ལས་ཀྱང་བཟོད་པར་དཀའ་བ་ནི་སེམས་པ་ནད་བདག་གིས་བཅིངས་པ་དེ་རེད།ནད་ཡམས་དང་ན་ཟུག་གསོ་ཕྱིར་འུ་ཚོས་ལོ་ངོ་བརྒྱ་ཕྲག་དུ་མའི་སྔོན་ནས་བདུད་རྩི་བསྟེན་དགོས་བྱུང་ཡོད་ནའང་།བག་ཆགས་རྙིང་པས་ད་ལྟའི་བར་དུ་གོ་སྐབས་སྐར་ཆ་ཙམ་ཡང་མ་བྱིན།གལ་སྲིད།ཐམས་ཅད་ལས་དབང་གིས་བསྐོས་ཤིང་ཐམས་ཅད་ལས་དབང་ལ་ཐུག་ཡོད་པ་ཡིན་ན།ང་ཚོས་ད་ལྟ་ལས་དབང་གི་ཕྱི་ཤུན་བཤུ་ཞིང་ལས་དབང་ལ་གཤག་བཅོས་བྱེད།

ལས་དབང་ལ་གློ་བ་ཉིལ་ཆེ་བའི་རྐྱེན་གྱིས་འུ་ཚོས་དུས་ནམ་ཡང་ལྷ་ཀླུ་གཉན་བཙན་ལ་རྒྱལ་ཁ་ཕུལ་ཞིང་རྫུ་འཕྲུལ་དང་རྫུས་མ་ཡོད་ཚད་ལ་རེ་ལྟོས་བཅས།ཡིན་ཀྱང་།སྤྱན་རས་གཟིགས་ཀྱི་དམ་བཅའ་ཡང་འཇིག་པར་བྱས་མྱོང་བའི་འུ་ཚོ།ལས་དབང་དང་ལྷ་ཚོགས་ཀྱིས་ནམ་ཡང་བདེན་ཁ་བྱིན་མ་མྱོང་བར་མ་ཟད་ཀུ་རེ་རབ་དང་རིམ་པ་རྩེས།ལས་དབང་དང་ལྷ་ཚོགས་ཀྱིས་འུ་ཚོར་ངན་རྒུ་བསླབས་ཤིང་འུ་ཚོའི་འཇིག་རྟེན་ཕུན་ཚོགས་ཀྱི་བདག་རྐྱེན་འབུར་འཇོམས་རྐྱང་རྐྱང་བཟོས་པ་མ་གཏོགས།སྐྱབས་དང་དཔུང་གཉེན་གཞར་ཡང་མཛད་མ་མྱོང་ལ་ཕྱིས་ཀྱང་མཛད་མི་སྲིད།འཚོ་གནས་ཀྱི་ཕྱིར་དུ་སྐྱབས་སུ་འགྲོ་ཡུལ་ཇི་ལྟར་མང་ན་དེ་ལྟར་བྲན་འབངས་ཀྱི་འདུ་ཤེས་ཆེ་ཞིང་།ཇི་ལྟར་བྲན་འབངས་ཀྱི་འདུ་ཤེས་ཆེ་ན་དེ་ལྟར་མི་ཚེ་འདིར་སྡུལ་བསྔལ་བ་ཡིན།འུ་ཚོ་སུས་ཀྱང་སྐྱབས་མ་མྱོང་ལ་སྐྱོབ་ཀྱང་མི་སྲིད།འཚོ་གནས་ལ་མཁོ་བའི་ཟུངས་ཁྲག་གསར་པའི་ཆེད་དུ།ང་ཚོས་ཐོག་མར་རང་སེམས་ཀྱི་རྟོག་པ་ནས་བརྩམས་ཏེ་བག་ཆགས་དང་བཅས་པ་གཏོར་བཤིག་དང་གསར་སྒྱུར་བྱ་དགོས་པ་ཡིན།

རྣོ་སྲབ་ཀྱིས་མ་ཐུལ་བའི་བདག

རྣམ་པ་ཐམས་ཅད་ནས་རྩ་ལག་མི་གཅིག་པའི་རིག་གནས་གཉིས་ཏེ། མི་ཆོས་རིག་གནས་དང་ལྷ་ཆོས་རིག་གནས་གཉིས་མ་འདྲེས་སོ་སོར་ཕྱེས་ཏེ་དང་ལེན་དང་བཀོལ་སྤྱོད་བྱེད་དགོས་ཞེས་པ་ནི་ང་ཚོའི་རྩ་ཚིག་གམ་ཁ་གཡང་ཡིན།ང་ཚོས་ལྷ་ཆོས་རིག་གནས་དང་མི་ཆོས་རིག་གནས་གཉིས་དང་།འཇིག་རྟེན་རིག་གནས་དང་འཇིག་རྟེན་ལས་འདས་པའི་རིག་གནས་གཉིས།སྲིད་པའི་རིག་གནས་དང་ཞི་བའི་རིག་གནས་གཉིས།མངོན་གྱུར་རིག་གནས་དང་ལྐོག་གྱུར་རིག་གནས་གཉིས།དགེ་འདུན་པའི་རིག་གནས་དང་ཁྱིམ་པའི་རིག་གནས་གཉིས།དགོན་པའི་རིག་གནས་དང་སློབ་གྲྭའི་རིག་གནས་གཉིས།ལྷ་མོ་རྩིས་གསུམ་གྱི་ལུང་བསྟན་རིག་གནས་དང་འདི་སྣང་མངོན་གྱུར་གྱི་དངོས་སྟོབས་རིག་གནས་གཉིས་སོགས་རྩ་ལག་མི་གཅིག་པའི་རིག་གནས་གཉིས་རྐྱ་འཐབ་པ་སོ་སོ་ཡང་དག་པར་བཀར་དགོས།འདི་ལྟར་བཀར་དགོས་པའི་རྒྱུ་མཚན་ནི།ལྷ་ཆོས་རིག་གནས་ཀྱིས་བསྡུས་པའི་རིག་གནས་རྣམ་གྲངས་དེ་དག་གིས་འུ་ཚོའི་འཚོ་གནས་ཀྱི་སྲོག་ལ་རྒོལ་གྱི་ཡོད་པའི་རྐྱེན་ཡིན།སེམས་ཅན་རྣམས་སྐྱེ་གནས་འཇིག་གསུམ་དང་དགའ་སྐྱོ་ཆགས་སྡང་གི་འདུ་བྱེད་གཏོང་བའི་གནས་ཡུལ་འདིར།ནམ་ཞིག་འཚོ་གནས་ལ་ཉེན་ཁ་བྱུང་བ་ཡིན་ན།འབུ་སྲིན་ཕྲ་མོ་ཚུན་ཆད་ཀྱི་སྲོག་ཆགས་གང་ཡིན་ཀྱང་འཕག་འཚག་དང་སྲོག་བསྡོས་མི་བྱེད་མཁན་གཅིག་ཀྱང་མེད་ཙ་ན།ལོ་ངོ་སྟོང་ཕྲག་དུ་མའི་རུས་རྐང་མ་ཉམས་པའི་འུ་ཚོས་ཅིའི་ཕྱིར་འཚོ་གནས་ཀྱི་རྒྱལ་ཕམ་ལ་བསམ་གཞིག་མི་གཏོང་བ་ཡིན།

དོན་དམ་དུ།འདི་ནི་འདམ་ག་ཞིག་གི་ཁྱད་པར་རེད།འདམ་ག་ནི་གལ་ཆེ་ཞིང་གནད་ཀྱི་དམ་པ་ཡིན།མཐར་གཏུགས་ན་ཤི་གསོན་གཉིས་དང་གནས་འཇིག་གཉིས་གང་རུང་ལ་འདམ་ག་གཏོང་བ་རེད།འུ་ཚོ་མྱུར་དུ་རྩ་མེད་དུ་འགྲོ་དགོས་པའི་ལུང་བསྟན་དང་རྒྱུ་མཚན་གང་ཡང་མེད་པས་ན།ཤི་འཇིག་ཉམས་པའི་འདམ་ག་གཏོང་དོན་ཅི་ཡིན།འུ་ཚོས་ད་རེག་བར་དུ་ལྷ་བདམས་པ་མིན་ན་འདྲེ་བདམས།འདྲེ་བདམས་པ་མིན་ན་ལྷ་བདམས།ལྷ་འདྲེའི་ཁྱུ་ཚོགས་ཁ་དར་བའི་འཇིག་རྟེན་འདིར།ཁོ་ཚོས་འུ་ཚོ་ཞབས་འདྲེན་ཁོ་ན་བྱས་པ་ལས་གཏོད་ཕུད་ཅུང་ཙམ་ཡང་བྱས་མེད།ད་ལྟ།ང་ཚོས་འདི་ལྟར་འདམ་ག་བྱ་སྟེ།ང་ཚོའི་གཞི་ལམ་འབྲས་གསུམ་དང་།ཕྱི་ནང་གསང་གསུམ།ལུས་ངག་ཡིད་གསུམ་སོགས་ཀྱི་འཕེལ་རྒྱས་དགོས་མཁོ་ལ་ཕན་པ་ཡིན་ན།ལྷ་འདྲེ་ཕར་ཞོག་སྟེ་གདོན་འདྲེ་ཡིན་ཀྱང་བདམས་ཆོག་པ་ཡིན།རྒྱུ་མཚན་ནི།ང་ཚོས་ལྷ་འདྲེ་གདོན་གསུམ་གང་ཡིན་ཀྱང་འདམ་ག་མི་བྱེད་པས་སོ།

དེས་ན།ང་ཚོས་གཙོ་ཆེར་བསམ་བློའི་ཐད་ཀྱི་དོན་འདི་ལ་དམིགས་ནས་འོས་ལངས་ཞེས་པའི་བརྡ་གསར་པ་འདིའང་སྦྱོར་བ་ཡིན་ཏེ།འོས་ལངས་ཞེས་པའི་ཐ་སྙད་འདི་འུ་ཚོའི་ལྷ་ཆོས་རིག་གནས་དང་སྲོལ་རྒྱུན་རིག་གནས་ལ་མཚོན་ན་བརྡ་གསར་པ་ཞིག་རེད།གནའ་དུས་རྒྱལ་པོ་འུ་དུམ་བཙན་པོ་རྗེས།དོན་འདི་དང་ཆ་མཐུན་གྱི་བརྡ་ཞིག་བྱུང་བ་ནི་“འབངས་གྱེན་ལོག”ཅེས་པ་དེ་རེད།སྐབས་དེའི་འབངས་གྱེན་ལོག་གི་གཞི་རྩ་ཆབ་སྲིད་དང་འབྲེལ་བ་ཡོད་མེད་ད་དུང་ལོ་རྒྱུས་སྨྲ་པས་དཔྱོད་པའི་གནས་ཡིན་པ་གཞིར་བྱས།“འོས་ལངས”ཞེས་པ་ནི་ལོག་སྤྱོད་དབང་སྒྱུར་ལ་རྒོལ་བའི་ཆེད་དུ་དྲག་ཆས་ཀྱི་གསར་བརྗེ་སློང་བ།སྐབས་རེར་ལོག་སྤྱོད་ཚོགས་ཁག་གི་དྲག་པོའི་སྟོབས་ཤུགས་ཀྱིས་རང་ཉིད་ཀྱི་ཚོགས་ཁག་དེ་ལ་ངོ་ལོག་བྱས་ནས་གསར་བརྗེའི་ཕྱོགས་སུ་ལངས་པར་ཡང་ཟེར”ཞེས་<<བོད་རྒྱ་ཚིག་མཛོད་ཆེན་མོར>>གསལ་བ་ནི་མཚོན་ཆའི་བདག་ཉིད་ཅན་གྱི་ཆབ་སྲིད་བརྡ་ཆད་ཅིག་ཏུ་མངོན།ཡིན་ཀྱང་།ང་ཚོས་སྨྲ་བའི་འོས་ལངས་ནི་མཚོན་ཆའི་བདག་ཉིད་ཅན་གྱི་ཆབ་སྲིད་ཀྱི་གོ་ཚོད་ལས་རབ་ཏུ་འགོངས་པ་སྟེ།སྐྱབས་འཚོལ་བ་དང་།བསྙེན་བཀུར་བ།རེ་ལྟོས་འཆའ་བ།སྨོན་པ་གཏོང་བ་སོགས་སྒྱིད་ལུགས་དང་གུ་དོག་གི་ཤེས་པས་གཞི་ནས་མིའི་རང་གཤིས་དང་།སྤྱི་ཚོགས་འཚོ་བ།རིན་ཐང་གི་ལྟ་བ་རྣམས་མིང་གི་ལྷག་མར་བཟོས་ཤིང་།ཅི་ཞིག་གི་སྐྱབས་དང་དཔུང་གཉེན།བྱིན་རླབས་དང་དངོས་གྲུབ་ལ་བསྐལ་པའི་བར་དུ་སྒུག་སྟེ།མིག་མེད་རྣ་མེད་ཚོར་མེད་དུ་སྡོད་པའི་བག་ཆགས་རྙིང་པའི་ངོས་ཀྱི་ཡ་མ་བརླ་ཡོད་ཚད་ལ་ངོ་རྒོལ་ལམ་འོས་ལངས་བྱ་བ་དེ་ཡིན།

ང་ཚོས་བསམ་བློའི་ཆ་ལ་འོས་ལངས་ཞེས་པའི་བརྡ་འཇུག་མིན་རྩོད་པ་མིན།“ལོག་སྤྱོད་དབང་སྒྱུར་ལ་རྒོལ་བའི་ཆེད་དུ་དྲག་ཆས་ཀྱི་གསར་བརྗེ་སློང་བ”དང་འདྲ་བར་ལྷ་འདྲེ་དང་བདག་མེད་སོགས་ཀྱི་དབང་སྒྱུར་ལ་རྒོལ་ཕྱིར།བློ་རིག་གསར་པའི་གསར་བརྗེ་སློང་བ་ཡིན་པས་མིང་དེ་ལྟར་བཏགས་ཤིང་ཐོགས་པ་ཡིན།འོས་ལངས་སྨྲ་པས།ཀུན་ཀྱང་འཁོར་བའམ་འཇིག་རྟེན་འདིར་ཉེ་བར་འཚོ་དགོས་པ་སྒྱུར་དུ་མི་བཏུབ་པའི་གཏན་སྲོལ་ཞིག་ཡིན་པ་ཤེས་ནས། འཚོ་བའི་བདག་དུས་གསུམ་དུ་རྟོགས་ཤིང་། བདག་མཚན་ཉིད། བདག་བདེན་པ།བདག་གཞི་གྲུབ།བདག་གམ་རང་གི་ངོ་ཤེས་པ་ཚད་མར་འཛིན་པ་ཡིན།འགྲོ་བའི་རིགས་འདི་དང་པོའི་རང་རང་གི་འོད་ཀྱིས་རྒྱུ་ན་ཡང་རིམ་བཞིན་བསམ་གཏན་གྱི་ཟས་དང་། སའི་ཞག མ་རྨོངས་པའི་ལོ་ཏོག མཇུག་མར་འབྲུ་དྲུག་སྙེ་མའི་འབྲས་བུ་ཟ་དགོས་བྱུང་བའི་གཏམ་རྒྱུད་དང་།འགྲོ་བའི་ཐོག་མ་ཨ་ཏམ་དང་ཧ་ཝས་ཟ་སྐལ་མ་ཡིན་པའི་སིལ་ཏོག་ཟོས་པའི་གནའ་གཏམ།དེ་དག་ལ་སོགས་པའི་འགྲོ་བ་སེམས་ཅན་རྣམས་ཀྱི་ལོ་རྒྱུས་དང་བྱུང་བ་གང་ཡིན་ཀྱང་རྩ་བ་ནི་འཚོ་བའི་བདག་གི་སྒུལ་ཤུགས་་ཡིན་ལ་འཚོ་བའི་བདག་གཞི་གྲུབ་ཏུ་ཡོད་པས་རེད།དེ་བཞིན་དུ།འབྲོང་ལ་རུ་ཐུར་བསྐོན་ཞིང་ཕུ་ཆུང་མདའ་ལ་དྲངས་པས་མཚོན་པའི་ཞིང་ལས་གསར་བརྗེ་དང་།རྡོ་ལ་སྣུམ་ཞག་བཙགས་ཤིང་ལྕགས་ལ་གཤོག་པ་བཏགས་ཏེ་འཕུར་ཤེས་སུ་བསྒྱུར་བས་མཚོན་པའི་བཟོ་ལས་གསར་བརྗེ།རྡུལ་ཕྲན་ཚན་ཁ་བསྒྱུར་ཅིང་རྫས་ནུས་རྩལ་དུ་བཏོན་པའི་ཚན་རྩལ་གསར་བརྗེ་སོགས་རང་བྱུང་ཁམས་རབ་དང་རིམ་པར་བཏུལ་ཅིང་བེད་སྤྱད་པའི་དོན་དངོས་ལོ་རྒྱུས་ཡོད་པ་མཐའ་དག་ཀྱང་འཚོ་བའི་བདག་མངོན་འགྱུར་རམ་འཚོ་བའི་བདག་གི་བདེན་པ་སྟོན་ཕྱིར་མ་ཡིན་ནམ།གཞན་ཡང་།འཚོ་བའི་བདག་གི་རྐྱེན་ལས་བཙན་པོའི་བང་སོ་དང་མཁས་པའི་གསུང་རབ་མཇལ་རྒྱུ་ཡོད་ཅིང་།འཚོ་བའི་བདག་གི་ཕྱིར་དུ་འཐབ་རྩོད་དང་དམག་འཁྲུག་གི་གསང་བ་ལྐོག་གྱུར་ཡང་མཐོང་རྒྱུ་ཡོད།མ་འོངས་པའི་དུས་ན་ཟླ་བའི་གོ་ལ་གདུལ་བ་ནས་སྐར་མའི་རྒྱུ་ལམ་བཟློག་པའི་བར་དང་།ཛམྦྷ་ལའི་བར་མཛོད་འཕྲོག་པ་ནས་ཤམྦྷ་ལའི་བདེ་སྐྱིད་འདྲེན་པའི་འཕྲིན་ལས་གང་ལའང་འཚོ་བའི་བདག་གི་དཔུང་ཤེད་མ་རྒྱས་པ་གཅིག་ཀྱང་མེད།བདག་ཚད་མ། བདག་བདེན་པ། བདག་གཞི་གྲུབ་ལས་ཕྱི་སྣོད་ཀྱི་འཇིག་རྟེན་གྱི་ཕུན་ཚོགས་ཡོད་རྒུ་འདིའི་རྗེས་སུ་མ་འབྲངས་པ་མེད།བདེ་སོགས་ཚོར་བ་མཐའ་དག་གིས་འཚོ་བའི་བདག་ལ་ཞབས་ཞུ་སྒྲུབ་ཅིང་ཕན་གནོད་སྟོན།ཐོར་ཞིག་དང་གྱེས་བྲལ།མུན་འཐོམས་དང་རྗེས་ལུས་སྣ་ཚོགས་ནི་འཚོ་བའི་བདག་གཙིགས་འཛིན་མ་བྱས་པས་ལན།འཚོ་བའི་བདག་མེད་ཀྱི་ཡུལ་ནི་ལྷ་འདྲེ་འབུམ་ཕྲག་གིས་ཁ་ལོ་བསྒྱུར་པའི་བརྣག་དཀའི་མྱ་ངན་ཐང་ངམ་དུར་ཐང་ཡིན་ལ།འཚོ་བའི་བདག་མེད་ཀྱི་མི་ནི་དབུགས་ཀྱི་རྒྱུ་བ་མ་འགགས་པའི་ཤ་གཟུགས་ཙམ་མམ་གཞན་དབང་དུ་གྱུར་པའི་འཕྲུལ་ཆས་ཀྱི་མི་ཡིན།ཐམས་ཅད་དཔལ་འབྱོར་གྱིས་ཁ་ལོ་སྒྱུར་བའི་དུས་འདིར།བདག་མེད་སྨྲ་མཁན་ཡོད་ཀྱང་ཉམས་སུ་ལེན་མཁན་དཀོན།འཚོ་བའི་བདག་མེད་སྒོམ་པ་ནི་ཤི་མ་གསོན་གྱི་ཡུལ་དུ་འཁྲིད་པའི་འཐེན་ཤུགས་ཡིན།འཚོ་བའི་བདག་ནི་ཉེར་འཚོའི་མཐར་ཐུག་མཚོན་བྱེད་ཀྱི་སྒྱུ་མའི་ཕྲ་ཕུང་ཆེས་ཆུང་བ་ཡིན་པས།ང་ཚོའི་བརྗོད་བྱའི་དྭངས་མ་ཡིན་ལ་སྲོག་ཀྱང་ཡིན།

འོས་ལངས་སྨྲ་པས་དུས་ནམ་དུ་ཡང་འདི་སྣང་ཤེས་བྱ་དོན་དུ་གཉེར་ལ།སྤྱི་ཚོགས་དང་།དངོས་བབ།མི་ཆོས་ལ་ལྟ་སྒོམ་སྤྱོད།འཇིག་རྟེན་ཞབས་ཀྱིས་བཅགས་ཤིང་།མི་གཤིས་ཚུལ་བཞིན་གནས་ལ།ཉེར་འཚོ་དང་ཐོབ་ཐང་གི་དབང་ཆ་མངོན་དུ་འགྱུར་ཕྱིར།འཕྲལ་ཕུགས་བདེ་སྡུག་གང་དུ་གྱུར་ཀྱང་རང་སེམས་མགོ་རྟིང་བླ་ནས་བསྒྱུར་ཏེ་འཚོ་གནས་བསམ་སྦྱོར་སྟོབས་སུ་རྫོགས་པའི་ཁྱད་མཚར་འཕྲིན་ལས་ཀྱི་དབུ་རྩོམ་པ་ཡིན་ནོ།།  

“བར་དོའི”འཇིགས་པ་ལས་ཐར་བའི་རྣམ་ཤེས།

རྣམ་ཤེས་གསར་པའི་རུ་དཔུང་འདིས་དགེ་བ་བཅུ་དང་མི་དགེ་བ་བཅུའི་སྤང་བླང་གི་དབྱེ་བ་སྔར་སོ་སོར་མ་ཕྱེས་ཀྱང་མིན།ཁོ་ཚོས་སྔོན་གྱི་“དམ་པ”ཁ་ཅིག་ལྟར་རང་ཉིད་ཀྱི་བླ་སྲོག་བཙོང་ཞིང་གཞི་ཁྱིམ་དཀྲུགས་པའི་སྡིག་པ་བསགས་མ་མྱོང་བས།འཇིགས་རུང་རྔམ་པའི་དམྱལ་བ་ལྟ་བུར་ལྷུང་ཡང་དངངས་སྐྲག་གི་ཤ་འདར་མི་རྒྱུག་ལ། སྔོན་གྱི་“སེམས་དཔའ”ཆེན་པོ་ལྟར་ཐམས་ཅད་མ་རུ་སྒོམ་པའི་དགེ་བའང་མི་བསྒྲུབ་པས།མཐོང་ཆོས་བདེར་གནས་ལྷ་ཡུལ་ལྟ་བུར་སོན་ཀྱང་དགའ་བའི་སྤུ་ལོང་ལྡང་བ་མིན།གཞུང་ལུགས་གང་རུང་སྔས་སུ་བཅས་ཏེ་རང་སེམས་གྱོང་བོ་འདུལ་བའང་མིན་པས།འདི་ལ་བསྟན་པ་དང་སྟོན་པ་འགའ་ཡང་མེད།དགེ་སྡིག་གང་ཡང་རང་གི་འཚོ་གནས་ལ་ཕན་ན་ལག་ཏུ་བསྟར་བ་ཉིད་དང་།སྣང་ཚད་མི་གཤིས་ཀྱི་ཆོས་དང་མཐུན་ན་ཉེར་ལེན་གྱི་ཕུང་པོ་རེ་རེ་ནས་སྒོ་འཕར་ཡངས་པོར་ཕྱེ་ལ།འདུལ་ཁྲིམས་ཀྱི་བཅའ་ཡིག་མེད།སྲོལ་རྒྱུན་གྱི་ཞགས་པས་ཀུན་ནས་སྟོངས་པའི་བསམ་པའི་མཛེས་སྡུག་དང་རང་དབང་གི་གཏམ་རྒྱུད་དྲི་མས་མ་གོས་པ་རྩོམ།གངས་རིའི་ཁོང་ལས་འཁྱག་པའི་ལྟ་སྒོམ་དང་།རྟ་གདོང་མེ་རི་འཕྱུར་བའི་རང་གཤིས།རྡུལ་ཕྲན་མཚོན་ཆ་འགད་པའི་རྣོ་ངར་གྱི་ཁྲག་ཤེད་རྒྱས་པས།དཔེ་ལུགས་ཀྱི་ལྕགས་སྒྲོག་སྤྱི་ནས་རང་སེམས་ཀྱི་སྲོལ་རྒྱུན་བར་ལ་མེ་ལས་ཚ་བའི་སྲེག་ཟ་དང་།མདའ་ལས་རྣོ་བའི་རྨ་ཁ་བཙན་གྱིས་བཟོས་ཏེ།ཁ་ལྕེ་ནག་པོའི་སྡིག་གདུག་གཏམ་ངན་དང་།ལྟ་བྱེད་དམར་པོའི་ལོག་ལྟ་ཟུར་མཐོང་།དྲག་སྔགས་ངན་དམོད་ཀྱི་མཐུ་གང་ལའང་རྣ་བ་རྒྱབ་ཀྱིས་ཕྱོགས་བཞིན།ལོ་རྒྱུས་དང་དུས་རབས་འདིའི་སྤྲོ་གར་དང་སྐྱོ་གར་འདྲེས་མའི་འཁྲབ་ཚན་ཞིག་གམ་རྣམ་ཤེས་གསར་པ་ཞིག་གི་སྔོན་འགྲོ་རྩོམ་པ་ཡིན།འདི་ནི་རོ་ལངས་དང་རྫུ་འཕྲུལ་གྱི་བྱེད་ལས་གང་ཡང་མ་ཡིན་པས་གསང་བའི་མན་ངག་དང་དབང་ལུང་གི་བྱིན་རླབས་སོགས་ལ་སྐྱབས་རེ་ས་ཡེ་ནས་མེད།

འདིའི་རྩ་དོན་གཅིག་པུ་ནི་གསོན་པའི་ཕྱིར་དུ་ཤི་བ་ཉིད་དོ།།

གང་ཞིག་གསར་གཏོད་ཀྱི་མཁན་པོ་ནི་མོས་གུས་ཀྱི་ཡུལ་དང་།གང་ན་གསར་གཏོད་ཀྱི་ལམ་ཡོད་ན་དེ་ནི་རབ་ཏུ་འཇུག་པའི་ཡུལ།ཤེས་རིག་དང་བགྲོད་ལམ་གསར་དུ་གཏོད་མཁན་གྱི་སྐྱེས་བུའི་བློ་གྲོས་ཀྱི་ཉིང་བཅུད་ལ་རྗེས་སུ་ཡི་རང་གིས་མིག་དཔེ་ལྟ་བ་ལས་ཁོང་ཚོའི་ཞབས་རྗེས་ཡང་བཅགས་པའི་ལམ་བུ་ལ་རྨོངས་ཚོ་ཀྱིས་མཆོད་བཀུར་དང་ཡང་ཡང་རྐང་པ་འཇོག་པ་མིན།ང་ཚོས་རིག་གནས་དང་ལོ་རྒྱུས་ཀྱི་འཕེལ་འགྲོས་ལ་ལྟ་ཞིང་དེའི་བཤུལ་ལམ་གྱི་རི་མོ་གླེང་།འདི་ལྟར་དགའ་བའི་སེམས་ཀྱིས་གླེང་བ་ནི་རིག་གནས་དང་ལོ་རྒྱུས་རང་ངོས་ཀྱི་ཕྱིར་དུ་མ་ཡིན་པར་ཉམས་མྱོང་དང་བསླབ་བྱ་འཚོལ་བ་ཡིན།གང་ན་འཇིག་རྟེན་པའི་ལུས་ངག་ཡིད་གསུམ་ལ་སྨན་པའི་རིག་གནས་སམ་རིག་པ་ཡོད་ན་དེ་ནི“ཕྱགས་དར”ཡིན་ཀྱང་དང་དུ་བླང་བྱ་ཉིད།

འུ་ཚོའི་མི་ལོ་སྟོང་ཕྲག་མང་པོའི་མི་ཚེའི་ལོ་རྒྱུས་ཀྱི་ལམ་བུར་ཕྱི་མིག་སློག་དུས།རྒས་གཉེར་དང་ཡམས་ནད་ཀྱི་རི་མོ་འབུད་དུ་ཐོན་པའི་བླ་སྲོག་གི་ཕུང་པོ་ཙམ་ལས་མཐོང་རྒྱུ་མི་འདུག ཡུལ་དུས་དང་ལོ་རྒྱུས་ཀྱི་བྲན་དུ་བཀོལ་བའི་འཆལ་བོའི་རྣམ་ཐར་དང་རང་སེམས་རང་གིས་གསོས་པའི་ཤེས་རྟོགས་ཀྱི་རྣམ་གྲངས་དག་ལ་བལྟས་ཏེ།ང་ཚོས་རྣམ་རྟོག་ཡོད་ཚད་ཀྱི་སྒོ་མོ་ཅིག་ཅར་ཕྱེས་ནས་ཐམས་ཅད་དོགས་གཞི་དང་ཐེ་ཚོམ་ཟ་ཡུལ་དུ་བསྒོམས་ཏེ་རྟོག་དཔྱོད་ཀྱི་དྲི་བ་ཁྲི་འབུམ་འདོན།དེའི་མཚུངས་སུ་རང་ལའང་ཉམས་སད་དང་གསལ་འདེབས་བྱ་ཕྱིར།སོ་སོའི་བྲང་ཁོང་ཚལ་བར་གཤགས་ཏེ་དོན་སྙིང་ལྡན་མིན་ལ་ལག་སྙོབ་ཡང་ཡང་བྱེད་པ་ལས་སྤྱི་ཁྱབ་ཀྱི་སྡོམ་ཚིག་གང་ཡང་མི་འཇོག

རྣམ་ཤེས་གསར་པའི་གོ་རྟོགས་ཀྱི་བཙན་ཚུགས་འདིས།རྨོངས་རྟུལ་དག་ལ་ལམ་རིམ་སྟོན་པ་མིན་ཞིང་།གླེན་ལྐུགས་རྣམས་ལ་བླང་དོར་སློབ་པའང་མིན།སྡར་མའི་ཚོགས་ལ་རལ་གྲི་སྦྱིན་པ་དེ་བས་ཀྱངམིན།འདིར་ཁྱབ་འཇུག་མིའུ་ཐུང་དུ་སྤྲུལ་བའི་གོམ་པའི་འཕར་སྟོབས་དང་།རཱ་མ་ཎའི་དམ་བཅའ་གསུམ་ལྡན་གྱི་མདའ་མོའི་བྱིན་རླབས་གང་ཡང་མི་མངའ།མཐར་ཐུག་མི་རབས་ནས་མི་རབས་དང་ལོ་རབས་ནས་ལོ་རབས་བར་དུ་བསགས་པའི་བག་ཆགས་རྙིང་པ་ལ་གསོད་གཏུབ་ལན་བརྒྱར་བགྱི་ཐུབ་ན།དེས་ནི་ཡོད་ཚད་ཀྱི་ཡོད་ཚད་ལ་བདེན་དཔང་བྱས་པ་ཡིན་ནོ།།

གསོག་གསོབ་སྤངས་པའི་རང་གཤིས།

མི་འགྱངས་པའི་སྔོན་ལ།འུ་ཚོའི་རིག་གནས་གསར་པའི་དར་ཆ་ཆེན་པོ་སྐུ་ཞབས་དོན་གྲུབ་རྒྱལ་གྱིས་“གྲལ་བསྒྲིགས་པའི་རུ་དཔུང”ཞིག་འཚར་ལོངས་འབྱུང་གི་ཡོད་པ་མཐོང་བ་ནི་ཁོང་ལ་ཤེས་རབ་ཀྱི་སྤྱན་གསར་པ་ལྡན་པས་རེད།དེར“ལེ་ལོ།རྨོངས་རྟུལ།རྙིང་ཞེན།བག་འཁུམས།སྒྱིད་ལུག་རྣམས་འཇུག་ས་ཡེ་ནས་མེད”ཅེས་པའི་གསར་བཤད་འདིས་འུ་ཚོར་ལོ་རྒྱུས་ཀྱི་ཆ་དང་།དུས་རབས་ཀྱི་ཆ།བསམ་པའི་ཆ་ཀུན་ནས་སྤྱི་བསྡོམས་ཐེངས་དང་པོ་བྱས།གྲལ་བསྒྲིགས་པའི་རུ་དཔུང་དེ་ད་ལྟ་མཚར་ལོངས་བྱུང་ནས་རྣམ་ཤེས་གསར་པའི་རྐང་འཛིན་དུ་གྱུར་ཡོད། རུ་དཔུང་དེར་ཐོག་མ་ཡོད་ཀྱང་མཐའ་མ་མེད། རྣམ་ཤེས་གསར་པའི་རུ་དཔུང་འདི་མངོན་ལྐོག་གང་དུའང་སྐྱེད་མཁན་ཕ་དང་སྦྲུམ་མཁན་མ་མ་མཆིས་པས་ཁུངས་ལུང་དང་གཞུང་ལུགས་ཀྱི་གཏད་སོ་རྡུལ་ཕྲ་རབ་ཀྱི་ཆ་ཙམ་ཡང་མེད།གང་ཞིག་གཞུང་ལུགས་ལ་སྐྱབས་འཚོལ་བ་དང་།གང་ན་ཁུངས་ལུང་གི་བཀག་རྒྱ་ཆེ་ན་དེ་ནི་མཆིལ་ཞགས་འཕེན་སའི་ཡུལ་ཡིན།རུ་དཔུང་འདི་བློ་རིག་དང་སྤོབས་པ་རབ་ཏུ་མཐོ་བས།ཤིན་ཏུ་བརྗིད་པའི་བྲག་རིའི་བཙན་རྫོང་གི་བཅད་ཤུགས་དང་།ཐེགས་པར་དཀའ་བའི་ལྕི་ཁུར་འབུམ་ཕྲག་ལ་ཁ་གཏོད་ཐུབ་ཅིང་།བར་ཆད་ཡོད་ཚད་འགོམས་ཤིང་ཐོད་བརྒལ་ཕོད་པའི་ཤ་ཁྲག་རྒྱས།

ང་ཚོའི་དབུགས་ཀྱི་རྒྱུ་བ་རེ་རེ་ཉམས་མྱོང་དང་བསམ་གཞིག་ཤེས་པའི་ཆེད་དུ་གཏོང་ལེན་བྱེད་ཅིང་། དོན་དངོས་དང་ལག་ལེན་ཁོ་ནས་མི་ཚེའི་ལམ་བུར་བདེན་དོན་འཚོལ་བར་བརྩོན།རུ་དཔུང་འདིའི་བླང་བྱ་ནི་མི་ཆོས་རྩ་བས་བཟུང་བའི་འཇིག་རྟེན་གྱི་ཆོས་དང་། འཇིག་རྟེན་གྱི་རིག་པ།འཇིག་རྟེན་གྱི་བདེ་སྡུག་སོགས་ཡིན་ལ། མི་ཚེ་ལམ་བུའི་འགག་ཕྲེང་རེ་རེ་རྒལ་དུས།ང་ཚོའི་ལམ་སྟོན་ནམ་སྐྱབས་ནི་རྟོག་དཔྱོད་ཀྱི་ལང་ཚོ་ཆེས་ཆེར་བརྟས་པའི་བདག་ཤེས་པའམ་བདག་གཅེས་འཛིན་གྱི་རང་སེམས་ཡིན་པ་ལས་དུས་གསུམ་གྱི་སངས་རྒྱས་དང་འཁོར་འདས་ཕྱི་ནང་གི་ལྷ་གང་ཡང་མིན།རྣམ་པ་ཀུན་ཏུ་དངོས་ཡོད་དང་རང་བྱུང་གི་དེ་ཉིད་ཟོས་པ་ཡིན་པས།ཁོ་ཚོར་ཉི་མ་དང་དེའི་འོད་ཟེར།ཟླ་བ་དང་དེའི་བསིལ་ཟེར།མཁའ་དབུགས་དང་དེའི་དྲོད་གྲང་།ས་ཆུའི་མཚན་ཉིད་དང་དེའི་འཛིན་ཅིང་སྡུད་པའི་བྱེད་ལས་སོགས་ཀྱིས་གསོས་པའི་རྩྭ་ལྗང་མེ་ཏོག་གི་མཛེས་སྡུག་དང་།སྟོན་སྤྲིན་གྱི་འགྱུར་བ།སྐར་མའི་རྟག་པ།ནེའུ་གསིང་གི་ལྡེམ་ཤུགས་ལྟ་བུའི་མ་བཅོས་རང་བཞིན་དུ་གནས་པའི་མི་གཤིས་ཁྱད་ཆོས་ཀྱི་ཕྲ་ཕུང་ཡས་ནས་བདོ།དེ་བས་ཀྱང་།བྲག་རི་རྦད་ཀྱིས་ཉིལ་བའི་རྔམ་བརྗིད་དང་།འབྲུག་སྟོང་ཅིག་ཅར་ལྡིར་བའི་ཟིལ་ཤུགས།རྦབ་ཆུ་དྲག་ཏུ་རྒྱུག་པའི་འཁྱོམ་སྒྲ།རིམ་པ་དགུ་རུ་གཡོ་བའི་ས་འགུལ་ལ་ཡང་སྐྱེངས་པ་སྟེར་བའི་ཁོ་ཚོའི་མིའི་རང་གཤིས་ཀྱི་འདུ་བྱེད་དག་གིས་དབང་པོ་གཞན་དང་གཞན་ལ་ཡ་ང་དང་འཇིགས་སྐྲག་མངོན་སུམ་དུ་སྟེར་ཕོད་པས་མི་ཡུལ་མཛེས་སྡུག་ཀུན་གྱི་དྭངས་མ་ཉིད་དུ་ངེས།

བདེན་པའི་རང་བཞིན་གྱི་ཕྱིར་དུ།རང་ཉིད་ཀྱི་ཟག་བཅས་ལུས་པོ་ནས་བརྩམས་ཏེ་བསམ་བློའི་གྲུ་ཟུར་ན་ལུས་པའི་མཆོག་དམན་བར་མིའི་མཆོད་ཡུལ་ཐམས་ཅད་“སྲེག་གསོད་འཕྲོག་བཅོམ”བྱེད་ཅིང་དུམ་ཆ་སིལ་མར་འགད་པས།ཁོ་ཚོ་ནི་བདུད་ལས་ཁ་ཚ་ཞིང་གདུག་རྩུབ་ཆེ་བ་ཡིན།འགལ་རྐྱེན་བར་ཆད་དང་གནོད་པའི་འཚེ་བ་ཀུན་ལ་ཅི་མི་སྙམ་པར་མཐར་ཐུག་རང་སེམས་ཀྱི་བག་ཆགས་འཛེམ་པ་མེད་པར་གསོད་ཕྱིར།འདི་ནི་“ཐར་པ”ཡིན་ལ་མཛེས་སྡུག་ཀྱང་ཡིན་ནོ།།ཤེས་རིག་དང་དྲན་རྟོག་གསར་པའི་རྐྱེན་གྱིས་ང་ཚོའི་ཀླད་ཞོ་དང་། ཁུ་ཁྲག རྐང་འགྲོས། དབྱངས་རྟ་ཐམས་ཅད་བསླད་པ་མེད་ཅིང་།རང་གཞན་ཀུན་ལ་རྡུལ་གྱི་དྲི་མས་མ་གོས་པའི་མེ་ལོང་ལྟར་སྣང་།བཙན་པོར་ཁ་གསག་དང་ཕྱུག་པོར་ངོ་སྲུང་གཉེར་བའི་འདུ་ཤེས་བྲལ་ཕྱིར།རང་ཚོའི་རྗོད་བྱེད་ཀྱང་ཕྱི་ནང་གསང་གསུམ་མ་ཕྱེས་པར་དྲང་བ་དྲང་རྐྱང་ཉིད་དུ་ངེས།“སྔོན་ཆད་མ་བྱུང་བ་ཡང་འདིར་བརྗོད”པས་སྲེག་བཅད་བརྡར་བློས་སྟོངས་པའི་བླུན་དད་དང་།གསུངས་ཚད་ཚད་མར་འཛིན་པའི་རྨོངས་ཞེན་པ་དག་གི་སྙིང་ཁོང་ལ་བཟོད་དཀའི་དུག་མདའ་རྣོན་པོའི་ཟུག་གཟེར་ཕོག་སྟེ།སྦྲུལ་གདུག་གདེངས་ཀའི་ཞེ་སྡང་དང་ལེགས་སྐར་ལས་ཆེ་བའི་ཕྲག་དོག་གི་ཁུར་བོ་རི་ལྟར་བསྐྱེད་སྲིད་ནའང་།དེ་ཚོའི་ཆེད་དུ་སྙིང་རྗེ་དང་འགྱོད་བཤགས་སྐར་ཆ་ཙམ་ཡང་མི་བྱེད།དེ་བས་ན།ནམ་དུ་ཡང་ཁ་ཁོག་མེད་པའི་ངག་ཚིག་གཙང་ཞིང་གསར་པ་དང་ལེན་བྱེད་དོ།།

དགུན་དུས་སུ་བཏབ་པའི་ས་བོན།

ལོ་རྒྱུས་ཀྱིས་འུ་ཚོར་ཡང་བསྐྱར་འདི་ལྟར་རྩེད་མོ་ཡང་སྲིད་དེ།རང་རིགས་ཤིན་ཏུ་མང་པོ་ཞིག་གི་གོ་རྟོགས་དང་འཆར་སོ་ད་དུང་གདོད་མའི་བླུན་དད་ཀྱི་དུས་སྐབས་ན་ལུས་ཡོད་པས།ང་ཚོ་གཤོག་རྩལ་མ་རྒྱས་གོང་ལ་མེ་སྟག་ཕུ་རུང་ནས་གསོད་རྩིས་བྱེད་ཅིང་།ས་བཅུ་ལམ་ལྔ་ཟིན་པའི་འཕགས་པའི་ཚོགས་ཀྱིས་ང་ཚོའི་གསར་བཤད་འདི་དག་ཕྲ་མེན་མ་ཡི་ཆོ་འཕྲུལ་དུ་བསམས་ནས་དྲུག་ཅུ་པའི་གཏོར་ཆེན་འཕེན་པའམ།ཡང་ངན་སྔགས་མཐུ་གཏད་ལ་གོམས་པའི་གྲུབ་ཐོབ་དག་གིས་ང་ཚོ་བདུད་དམ་འདྲེ་རུ་མཐོང་སྟེ་བགེགས་བཟློག་ཟོར་རྒྱག་བྱེད་བཞིན་གསལ་ཤིང་གི་རྩེ་མོ་རུ་བསྐྱོན་གྲབས་བྱེད་ཀྱང་སྲིད།གང་ལྟར་བགྲང་ལས་འདས་པའི་བགེགས་ཀྱི་དཔུང་ཚོགས་རི་རབ་ཇི་བཞིན་ང་ཚོའི་མདུན་སྐྱོད་ཀྱི་གོམ་པའི་འདེགས་འཇོག་ལ་གནོན་ཤུགས་སྟེར་ཞིང་འཆིང་ཞགས་འཕེན་ལས་ཆེ་བར་མ་ཟད།མ་ཤི་དུར་མཇུག་གི་བསམ་ངན་སྦྱོར་རྩུབ་དེ་དག་ངེས་པར་འབྱུང་འགྱུར་དང་ནུས་ཤུགས་ཆེ་རུ་འགྲོ་སྲིད་ནའང་།དུས་རབས་ཀྱི་དངོས་སྟོབས་དང་མ་འོངས་ལོ་རྒྱུས་ཀྱི་གདེང་འཇོག་དག་གི་དྲང་ཤེད་ཀྱིས་ང་ཚོར་ནམ་ཡང་མི་བསླུ་བའི་བདེན་ཁ་སྟེར་བ་ཡིན།

གང་ཞིག་དུས་རབས་དང་མཐུན་པའི་གཟུ་གཏམ་འདི་དག་བདུད་ཀྱི་གཡབ་མོ་དང་བསྟན་བཤིག་ཐན་ལྟས་སུ་བསྒོམས་ཏེ་སྡིག་གདུག་གཏམ་ངན་སྨྲ་མཁན་གྱི་“ཤེས་ལྡན”དེ་དག་ནི།མིའི་རིགས་ཀྱི་ཤེས་རིག་འཕེལ་རྒྱས་དང་འུ་ཚོའི་མདུན་སྐྱོད་ཀྱི་ཞབས་འདྲེན་གཙོ་བོ་དང་ང་ཚོའི་བསམ་བློའི་དགྲ་ཟླ་ཤ་སྟག་ཡིན།གང་ཞིག་ང་ཚོའི་བསམ་བློ་གསར་པ་འདི་བདེན་པ་ཉིད་དུ་མཐོང་སྟེ་རྗེས་སུ་ཡི་རང་གིས་དགའ་བའི་ཐལ་མོ་རྡེབ་མཁན་དེ་དག་ནི།ནམ་ཡང་ང་ཚོ་དང་རིག་གནས་གསར་སྒྱུར་འཕེལ་རྒྱས་གཏོང་མཁན་རྣམས་ཀྱི་གྲོགས་དམ་པ་ཡིན།མདོར་ན།གངས་རིའི་རང་མདངས་འཕྲོག་པའི་ཀུན་སློང་དཀར་པོ་འདི་སུས་ཀྱང་ཟློག་ཐབས་བྲལ་བས།སྙིང་ཐག་པ་ནས་ཐམས་ཅད་ལ་གསལ་བཤད་བྱ་རྒྱུ་ནི།འུ་ཚོའི་རང་ཉིད་ལ་ཡིད་མ་ཆད་པར་ལུས་ལ་གོ་ཁྲབ་གསར་པ་གྱོན།ངག་གིས་“གཟུངས་སྔགས”གསར་པ་བཟླས།ཡིད་ཀྱིས་བསམ་གཞིག་གསར་པ་བྱས་པ་ཡིན་ན།སྟོབས་ཆེན་ལས་དབང་ངན་པའི་རྡོ་རྗེའི་དམ་བཅའ་ཡང་རང་ཤིགས་སུ་སོང་སྟེ།ལོ་རྒྱུས་ཀྱིས་མ་དོར་བ་ཞིག་དང་།འཛམ་གླིང་གིས་མ་བསྐྱུར་བ་ཞིག འཇིག་རྟེན་གྱིས་མ་གཙེས་པའི་ངང་ལ་སྒང་འདིར་དཔལ་ཡོན་ལྡན་པའི་མི་རིགས་གཞན་དག་དང་འདྲ་བར་བསྐལ་པའི་བར་དུ་གནས་ཐུབ་པ་ཡིན་ནོ།།   

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཕག་འཚག་གི་ང་རོ།

2009-04-17 ཞོགས་དུང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།