མེ་རི།

དབུས་ཕྲུག་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-03-23

    མེ་རི་ཞེས་པ་དེ་ཅི་ཞིག་ཡིན་པ་ཁྱེད་ཀྱིས་ཤེས་སམ། མེ་རིར་དམར་ཞིང་སྣུམ་པའི་ཁ་དོག་དང༌། ངམ་བརྗིད་ལྡན་ཞིང་དྲག་ཏུ་འཕྱུར་བའི་གསོན་ཤུགས་རྒྱས་ལ། རྣོ་ངར་དྲགས་ཤིང་ཡོད་ཚད་སྲེག་ནུས་པའི་སྟོབས་ཤུགས་ཀྱང་ལྡན། དེ་བས་ཁུ་སིམ་མེར་བཞུར་བའི་ཞི་འཇམ་གྱི་རང་གཤིས་ཀྱང་མཆིས། མེ་རི་ནི་ལོ་ངོ་ཁྲི་སྟོང་དུ་མར་འབར་འབར་ཞིང་གློ་བུར་གྱི་དོན་རྐྱེན་ཞིག་ལས་ས་འོག་ནས་འབུར་གྱིས་འཕྱུར་འོང་ཞིང་དྲག་ཏུ་བཞུར་བའི་མེ་ལྕེ་ངར་མ་ཞིག་ཡིན། མེ་རིས་ཧ་ཅང་མཐུག་པའི་ས་ཤུན་རྣམས་ཐོལ་གྱིས་བརྟོལ་ནས་ས་ཁམས་ཀྱི་ངོས་སུ་འཕར་འཚག་གིས་འཕྱུར་ཐེངས་རེར། ནགས་ཚལ་དང༌། གྲོང་སྡེ། གྲོང་ཁྱེར། དེང་རབས་ཀྱི་གློག་འཕྲུལ་གོ་མཚོན་སོགས་གང་གིས་ཀྱང་འགོག་མི་ནུས་ཤིང༌། གང་དུ་ཡང་འཛེམ་ཟོན་མེད་པར་དམར་ཉིལ་ལེར་བཞུར་ཞིང་གཏོར་བཅོམ་གྱི་བྱེད་ནུས་ཆེ་བའི་རང་བྱུང་གི་གནོད་འཚེ་ཞིག་དང༌། མེ་རི་ནི་འབྲས་སྐྲན་བཞིན་ཡུན་རིང་ནང་ཉེར་ལེན་གྱི་རྒྱུ་ཚོགས་སྣ་ཚོགས་ཀྱིས་གསོག་འཇོག་བྱས་པའིའབར་མདེལ་ངར་མ་ཞིག་ཡིན། ཇི་སྲིད་འབྲས་སྐྲན་ལ་རྣོ་ངར་གྱི་གཏར་བུས་གཤགས་བཅོས་བྱས་ཏེ་ཕྱིར་མ་བཏོན་བར་དེ་སྲིད་དུ་ཉེན་ཚབས་དང་དངངས་སྐྲག་གི་ར་བ་ལས་གྲོལ་མ་ཐུབ་པ་བཞིན། ས་ཤུན་གྱི་གློ་སྙིང་ལ་སྦྲུམ་ཞིང་འབར་ཆོག་ཆོག་གི་མེ་རི་ཡང་ཇི་སྲིད་བློ་ཡིད་ཚིམས་པའི་འབར་གས་ཐེངས་ཤིག་མ་བྱས་བར་དེ་སྲིད་དུ་འགྲོ་བ་རྣམས་འཇིགས་སྣང་དང༌། བློ་དོགས་ཀྱི་རྒྱ་ལས་ནམ་ཡང་གྲོལ་མི་ཐུབ། ས་སྒང་རིལ་པོ་འདི་ཉིད་ཀྱང་མེ་རི་ཡི་འབུར་ཤུགས་ལས་གླིང་ཆེན་ལྔ་དང་གླིང་ཕྲན་དུ་མར་ཕྱེ་ཡོད། ང་ཚོས་དུས་རབས་ཕྱེད་ལྷག་ཙམ་རིང་འབྲས་སྐྲན་གྱི་ན་ཟུག་ལས་ཀྱང་ལྕི་བའི་སྐྱོ་གདུང་དེ་ཁུར་ཏེ་གས་འཐོར་ཇི་ཙམ་བྱས་ཀྱང་སུ་ཞིག་གི་རྐང་པ་ཡང་ཚིག་མ་མྱོང་ལ། སུ་ཞིག་གིས་དོན་ངོ་མའི་སེམས་གསོ་ཡང་ཐོབ་མ་མྱོང༌། གས་འཐོར་བྱུང་བའི་མེ་རི་དེ་དག་ནི་ས་ཤུན་བརྟོལ་བའི་ནུས་པ་མེད་ཅིང་ན་ཟུག་ལྕི་བའི་མེ་རི་ཆེས་ཆུང་ཆུང་ཞིག་ཡིན་པས་རེད། འོན་ཀྱང་སྣ་མང་རང་བཞིན་གྱི་རླབས་ཆེ་བའི་མེ་རི་དེའི་གྲུབ་ཆར་ང་ཚོའི་ཕ་མེས་རྣམས་ཀྱི་རྔུལ་ཁྲག་ཀྱང་ཇི་ཙམ་འཐོར་ཡོད་པ་སྐྱེ་བོ་སུ་ཞིག་གིས་བགྲང་ག་ལ་ནུས། དེས་ན་རླབས་ཆེ་བའི་མེ་རི་ཞིག་གི་གས་འཐོར་གྱི་འཇུག་འབྲས་ལས་ཉིན་མཚན་ཁོར་མོ་ཡུག་ཏུ་མཁའ་དབྱིངས་ཀྱི་ཆུ་འཛིན་བཞིན་ལྡིང་བའི་ང་ཚོའི་སྙིང་དབུས་ན་ངལ་གསོ་ཅུང་ཟད་ཐོབ་ལོས་སྲིད། དེས་ན་ང་ཚོས་རྫས་སྒྱུར་བཞིན་ད་ཆ་འབར་ཆོག་ཆོག་གི་མེ་རི་དེའི་གྲུབ་རྫས་མཁོ་སྒྲུབ་བྱེད་དགོས་གཤིས། ང་ཚོར་ནམ་ཡང་ཁོམ་པ་མེད་ལ། ང་ཚོར་མི་ཡུལ་གྱི་བདེ་སྐྱིད་ཅིག་ཀྱང་མེད་ན། འདོད་ཆུང་ཆོག་ཤེས་དང་ཐར་ལམ་གྱི་ལམ་བུ་ནི་ང་ཚོ་དང་ཁ་ཐག་ཧ་ཅང་རིང༌། དེ་བས་མཐུན་སྒྲིལ་གྱི་གླུ་དབྱངས་ང་ཚོར་མཁོ། མེ་རི་ནི་དྲག་ཏུ་རྒྱུགས་པའི་ཆུ་ལོག་སྨྱོན་པ་ཞིག་ལས་ཀྱང་སྟོབས་ཤུགས་ཆེ་ན། སུས་ཞིག་གིས་འགོག་པར་ག་ལ་ནུས།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མེ་རི།

2009-03-23 དབུས་ཕྲུག་ཚེ་རིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།