ཁྱི།

དབུས་ཕྲུག་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-03-23

          ལ་ལ་ནི་རལ་བ་མཐུག་ཅིང་ཉོབ་སྣང་དོད། རེ་འགའ་ནི་སྤུ་ཁ་གཙང་ཞིང་གྲུང་ཤ་ལྡན་ལ་མཇུག་མ་གཡོ་བར་མཁས། འགའ་ཞིག་ནི་རྫིག་ཉམས་དོད་ཅིང་གཟི་བརྗིད་ཆེ། སྒོ་ཁ་དང་གྲོང་འདབ། ནགས་ཚལ་སོགས་སུ་མཇུག་མ་ཡོད་མེད་ཀྱི་ཁྱི་ཡི་རིགས་འདྲ་མིན་སྣ་ཚོགས་ཡོད། ཁྱི་ནི་མེད་དུ་མི་རུང་བའི་སྲོག་ཆགས་ཤིག་ཡིན་ལ། ནད་ཉམས་འདྲ་མིན་གྱི་འབྱུང་རྩ་ཡང་ཡིན། ཁྱི་ལ་དུག་སྦྱར་ཏེ་བཙན་པོ་དཀྲོངས་པའི་ལོ་རྒྱུས་ཡོད་ལ། དགྲ་ཇག་བཅོམ་པའི་ལོ་རྒྱུས་ཀྱང་མང༌། འོན་ཀྱང་ཁྱི་ནི་ཞིམ་ཟས་སུས་སྤྲད་ཀྱང་དེ་དང་འགྲོགས་པའི་དུད་འགྲོ་ཞིག་ཡིན་ལ། ས་ཕྱོགས་གང་ནས་སྒྲ་བསྒྲགས་ཀྱང་དེར་ཟུག་པའི་གཤིས་ཀ་ཡང་ལྡན། ཁྱད་ཆོས་དམིགས་བསལ་བ་ནི་གང་དུ་ཤ་ཡོད་པ་དེ་ཉིད་ཚོར་བའི་རྫི་ཡིན། ང་ཚོ་ནི་ཁྱི་ཡི་སྦྱིན་བདག་ཡིན་ལ་གཡོག་པོ་ཡང་ཡིན། གལ་ཏེ་ཁྱེད་ཀྱིས་ཁ་ཆེ་དབང་ཐང་ལྡན་པའི་ཁྱི་ཐུ་མོ་ཞིག་བྱེད་འདོད་ན་ལས་སླ་པོ་རྩ་བ་ནས་མེད། མ་མཐར་ཡང་སྦྱིན་བདག་གི་ལྷམ་སྣེར་ལྕེ་རྩེ་ཡིས་ལྡག་དགོས་ལ། སྦྱིན་བདག་ཡོང་རེ་བཞིན་སྐབས་དང་དུས་སུ་མདུན་བསུ་བྱེད་པ་དང༌། མཇུག་མ་གཡུག་པར་གོམས་དགོས། འདི་འདྲའི་ཡིག་རྒྱུག་ལོན་སོང་ན། ཁྱེད་ཉིད་སྦྱིན་བདག་གི་སྒོ་ཁར་འདུག་ཆོག་ལ། ནང་དུ་ཡང་འཛུལ་ཆོག །དེ་མིན་ཟ་བ་དང་འཐུང་དགོས་པ་རྣམས་རྒྱག་ཚད་ལོངས་སུ་སྤྱད་ནས་སྣ་ཁ་མཇུག་འོག་ཏུ་བསྐུམས་ཏེ་སྐྱིད་ཉལ་བརྒྱབ་ན་
ཆོག
འོན་ཀྱང་ཕ་རོལ་པའི་ནུས་སྟོབས་ལ་བརྟགས་ཏེ་ངེས་པར་དུ་མཆོངས་དགོས་པ་དང༌། འཇབ་མྱུལ་རྒྱག་དགོས་པ་ཞིག་སྟེ་སྦྱིན་བདག་དང་རང་ཉིད་ཀྱི་ཁ་གཏད་ཡིན། དུས་ཚོད་མང་དག་ནི་གྲིབ་གཟུགས་ལ་ཡིབ་སྟེ་འཇབ་རྒོལ་རྒྱག་དགོས་ཤིང༌། འཇུག་ལྡོག་གི་སྤྱང་གྲུང་དོད་པོ་དགོས། དེ་མིན་ཁྱེད་ཀྱིས་རང་གི་སྒོ་ཁར་འཛུལ་འོང་བའི་རིགས་མཐུན་གྱི་ཁྱི་འཁྱམས་སོགས་ལ་རྨུག་ནའང་འགྲིགས། དེ་ལས་ཀྱང་དབང་ཚད་ཆེས་ཆེ་བ་ནི། རླུང་རྟ་རྒྱུག་མིན་བཞིན་ལྷ་ལྕམ་ཀྱི་པང་ཁུག་ན་ཉལ་རྒྱུ་དེ་རེད། གལ་ཏེ་ཁོང་མོས་ཁྱེད་ཀྱི་སྒལ་པར་བྱིལ་བྱིལ་བྱེད་ཀྱི་འདུག་ན། ད་གཟོད་ཁྱེད་ཉིད་དོན་དུ་སྦྱིན་བདག་ལས་ཀྱང་དབང་ཚད་མཐོ་བར་སླེབས་ཡོད། འོན་ཀྱང་སྐབས་དེ་དུས་སྦྱིན་བདག་གིས་མ་ཚོར་བར་ཁྱེད་ཀྱི་ཀྱང་རང་ཉིད་སྲུང་སྐྱོབ་ཀྱི་ཁྱི་ལྡོམ་འགའ་ཟུར་ཉར་བྱེད་དགོས། གང་དུ་ཚག་སྒྲ་ཡོད་པ་ཤེས་དགོས་ཀྱང་ཚག་སྒྲ་ཡོད་ཚད་ལ་རང་ཉིད་ཀྱིས་རྒྱུག་མི་རུང༌། རང་ཉིད་ཀྱི་སྒོ་ཁར་ཁྱི་གང་བྱུང་དེ་བས་ཀྱང་གཏོང་མི་ཉན། དེ་སྐབས་ཁྱི་ཞིག་གི་ངོས་ནས་ལས་རྒྱུ་འབྲས་དང་སྐྱེ་བ་སྔ་ཕྱིར་བསམ་བློ་གཏོང་སྲིད་དམ། འོན་ཀྱང་རང་ཉིད་འདོད་ཡོན་ལ་གཡེང་བ་དང༌། འཁྱམས་མྱུལ་རྒྱག་པའི་སྐབས་དང་བསྟུན་སྦྱིན་བདག་གིས་ཚོར་ཡང་སྲིད་ལ།ཁྱི་ལྟོར་རྔམ་པའི་ཁྱི་འཁྱམས་འགས་སྒོ་སྐབས་འཕྲོག་ཀྱང་སྲིད།ཁྱི།མི་སྡེའི་སྤྱི་ཚོགས་ཀྱི་ཁྱི།དོན་དམ་ཁྱོད་ཀྱིས་རང་ཉིད་ཁྱི་ཞིག་བྱེད་འདོད་དམ།ཡང་ན་རང་ཉིད་ཁྱི་ཞིག་ཡིན་མིན་མནོ་བསམ་ལེགས་པོ་ཞིག་གྱིས་དང༌།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱི།

2009-03-23 དབུས་ཕྲུག་ཚེ་རིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།