ཨ་ཕ།༥

ཚེ་རིང་དོན་གྲུབ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-03-04

                                                           ལྔ། རུ་གཙོ།
             རྩོམ་རིག་བརྩམས་ཆོས་མང་ཤོས་ནང་དུ་མི་ངན་དེ་བྱད་གཟུགས་བཙོག་པའམ་ཡང་ན་ཕུང་པོར་ཆད་སྐྱོན་ཡོད་པར(དཔེར་ན་མིག་གཅིག་
ཅན་སོགས)བཞེངས་བསྐྲུན་བྱས་ཡོད། ངས་སྔོན་ཆད་དེ་ནི་སྒྱུ་རྩལ་པས་ཆེད་དུ་ཀློག་པ་པོར་མི་ངན་པར་སྡང་སེམས་སྐྱེད་ཕྱིར་ཡིན་བསམ།  འོན་ཀྱང་
དུས་ཡུན་རིང་པོར་མཐའ་འཁོར་གྱི་རྣམས་ལ་ལྟ་ཞིབ་བྱས་པ་བརྒྱུད་ནས་རིམ་བཞིན་སྒྱུ་རྩལ་པས་འདི་ལྟར་བྱེད་པར་གཞི་འཛིན་ས་མེད་པ་ཞིག་མིན་པ་
རྟོགས།
                    རྒྱང་བསྒྲགས་དང་བརྙན་འཕྲིན་ནང་དུ"རྒྱ་མཚོར་སྐྱོད་ན་དེད་དཔོན་ལ་བརྟེན་དགོས།   དངོས་མང་སྐྱེ་སྟོབས་ཉི་མར་བརྟེན་
དགོས……"ཞེས་པའི་གླུ་དབྱངས་རྙིང་བ་འདི་གཏོང་ ཐེངས་རེར་ངའི་སེམས་ལ་ང་ཚོའི་སྔོན་གྱི་ཏོས་ཀྲང་ངམ་རུ་གཙོ་དེ་དྲན་ཡོང༌། མི་དམངས་
ཀུང་ཧྲེའི་སྐབས་སུ་ད་ལྟའི་འགོ་ཁྲིད་ལས་བྱེད་བརྗེ་རེས་བྱེད་པ་དང་འདྲ་བར་མི་དམངས་ཀུང་ཧྲེ་དང་མི་དམངས་ཀུང་ཧྲེའི་བར་དང༌། ཐོན་སྐྱེད་རུ་
ཁག་དང་ཐོན་སྐྱེད་རུ་ཁག་བར་དུ་གཞི་རིམ་ལས་བྱེད་བརྗེ་རེས་བྱེད་སྲིད། ང་ཚོའི་རུ་ཁག་ཏུའང་རུ་གཙོ་ཞིག་མངགས་ཡོང་བ་དེ་ནི་མི་ཞིག་རེད་ཟེར་བ་
ལས་རྨེན་རྡོག་ཅིག་རེད་ཟེར་ན་འགྲིག་པས་ངའི་ཨ་ཕས་རུ་གཙོ་སླེབས་མ་ཐག"རྨེན་རྡོག"ཅེས་པའི་མཚང་མིང་ཞིག་བཏགས་པ་དང༌། དེ་ནས་བཟུང་
སྡེ་འབངས་རྣམས་ཀྱིས་ཀྱང་ལྐོག་ཏུ་དེ་ལྟར་འབོད། རུ་གཙོའི་གཟུགས་ཀྱི་རིང་ཚད་ལ་སྨིས་གཅིག་དང་ཕྱེད་ཀ་ལས་མེད་ལ། ནམ་ཡང་ཚི་ཁུས་སྦངས་པའི་
སྐྲ་ཉག་ཐར་ཐོར་འགའ་སྐྱེས་ཡོད་པའི་མགོ་ཆེན་པོ་དེ་ཐད་དཀར་ཕྲག་སྟེང་དུ་ཡོད་པའམ་གསལ་བོར་བཤད་ན་ཁོ་ལ་སྐེ་ཟེར་བ་ཤུལ་ཙམ་ཡང་བཙལ་རྒྱུ་
མེད། འདི་ད་ རུང་ཅི་ཡང་མིན་ལ། གལ་ཏེ་ཁྱོད་ཀྱིས་ཁོས་དབང་ཆ་སྤྱད་དེ་རུ་ཁག་གི་རྟ་ཕོ་ཡོངས་རྫོགས་ཁྲོད་ནས་བདམས་པའི་གཟུགས་སྟོབས་ཆེ་
བའི་རྨ་ཁུགས་ཀྱི་རྟ་དེའི་རྒྱབ་ཏུ་བླུགས། ("ཞོན"ཟེར་བའི་ཚིག་འདི་བཀོལ་ཐབས་མེད)ནས་འགྲོ་བ་མཐོང་ཚེ་ལྷག་པར་བྲོ་བ་ལྡན་ཏེ། རྒྱང་ནས་བལྟས་
ན་རྟ་རྒྱབ་ཀྱི་དངོས་པོ་དེ་ཅི་ཞིག་ཡིན་པ་གཏན་ནས་ཤེས་མི་ཐུབ་པ་དང༌། རིམ་བཞིན་ཉེ་སར་བཅར་ཚེ་ཐོག་མར་ཁྱོད་ཀྱི་མིག་ལམ་དུ་མངོན་པ་ནི་ཁོ་
རང་ཉིད་མ་ཡིན་པར་ཁོའི་བྲང་ཁའི་དཀར་ཡོལ་གྱི་ཁ་ལྟར་ཆེ་ཞིང་འོད་ཟེར་འཕྲོ་བའི་མའོ་ཙེ་ཏུང་གི་རྟགས་མ་དེ་ཡིན། སྐབས་འདིར་སྡེ་འབངས་རྣམས་
ཀྱིས་རང་དབང་མེད་པར"གནམ་རྒན་མ། རྨེན་རྡོག་རེད"ཅེས་ཁ་ནས་འཆོར་བ་དང་མཉམ་དུ་སྐྲག་འདར་ཞིག་རྒྱག་སྲིད། འདི་ཡང་ད་རུང་ཅི་ཡང་
མིན་ལ། གལ་ཏེ་ཁྱོད་ལ་མིག་བསོད་ལྡན་ནས་ཁོ་རང་གཟུགས་སྟོབས་ཆེ་ཞིང་རྐང་ལག་རིང་བའི་རྟ་རྒྱབ་ཏུ་བླུགས་ཤིང༌། ཁོའི་སྙིང་དང་འདྲ་བའི་རིང་
ཞིང་རྫོབ་པའི་མེ་མདའ་དེ་ཁུར་འགྲོ་བ་མཐོང་ཚེ་ཁྱོད་ཀྱི་སེམས་ལ"ཨ་ཁ། འདི་ནི་ཆེད་དུ་མི་ལ་དགོད་ཁ་སློང་བྱེད་དུ་བཟོས་པ་མིན་ནམ"སྙམ་སྲིད། ཁོ་
རང་རྟ་ལས་བབས་པ་ན་མེ་མདའི་རྐུབ་དེ་ས་ལ་དྲུད་ནས་འགྲོ་ཞིང༌། ཁོས་ཕྱོགས་གཅིག་ནས"རྒྱ་མཚོར་སྐྱོད་ན་དེད་དཔོན་ལ་བརྟེན་དགོས། དངོས་མང་
སྐྱེ་སྟོབས་ཉི་མར་བརྟེན་དགོས……"ཞེས་སྣ་གླུ་ལེན་པ་དང༌། ཕྱོགས་གཅིག་ནས་དབུགས་སྦོམ་པོ་ལྷེམ་ལྷེམ་གཏོང་བཞིན་འགྲོ་བའི་ཚུལ་དེས་མིའི་
སེམས་ལ"ཨ་ཁ།  མི་ཚེ་ཟེར་བ་ཇི་འདྲའི་སྡུག་བསྔལ་ཞིག་རེད་ཨང"སྙམ་པའི་འདུ་ཤེས་ཤིག་སྟེར།
             ཁོའི་བྱད་གཟུགས་བཙོག་པ་མ་ཟད་གཤིས་སྤྱོད་ཀྱང་བཙོག་སྟེ། ཁོས་ནམ་ཡང་ལག་པ་འགུལ་ ནས་ངལ་རྩོལ་མི་བྱེད་པ་དང༌། མཚམས་རེར་
ཞོར་ལས་སྒྲུབ་པར་ཁ་གཡར་ཏེ་བུ་མོ་ན་ཆུང་འགའ་ཁྲིད་ནས་ཕྱི་རོལ་ཏུ་སོང་རྗེས་ཆགས་པ་འཕེལ་བའི་གཅན་གཟན་དང་འདྲ་བར་ཉིན་གང་བོར་བུ་མོ་
ཞིག་གི་རྐུབ་ལ་མཆུ་བཞག་ནས་རྗེས་དེད་དེ་ཆགས་གཏམ་བཤད། གལ་ཏེ་སུས་ཁོའི་འདོད་པ་མ་བསྐང་ན་ཁོས་དེའི་ལས་ཀའི་སྐར་གྲངས་འཐེན་སྲིད་ལ།
དུས་བབ་ངོས་མི་ཟིན་པ་གང་དེས་ལྟོགས་སྐོམ་ཡང་མྱང་དགོས་པ་རེད། ཁོས"གྲུབ་ཆ་མི་བཟང་བའི"མི་རྣམས་ལ་སྟོན་རླུང་གིས་རྩྭ་ལྡུམ་འདེད་པ་ལྟར་
སྙིང་རྗེ་བྲལ་ཞིང༌། ཁོའི་གདུག་རྩུབ་མནར་གཅོད་མ་བཟོད་པར་སྐྱེས་པ་གཅིག་དང་བུད་མེད་གཅིག་གིས་སྔ་རྗེས་སུ་རང་ཚང་གི་སོག་གུར་གྱི་ཧཱ་ར་ཆེའི་
སྟེང་སུ་གནམ་ཐག་བརྒྱབ་ནས་རང་སྲོག་བཅད། ཁོས་ད་དུང་འདས་པོར"ཉེས་པར་སྐྲག་ནས་རང་སྲོག་བཅད"ཅེས་པའི་མིང་ངན་གཡོགས། ཡིན་
ནའང"ལངས་ཕྱོགས་བརྟན"པའི་དབང་གིས་འདི་འདྲའི་མི་མིན་འདྲེ་མིན་ཞིག་གིས་ང་ཚོའི་སྡེ་འབངས་ཉིས་བརྒྱ་ལྷག་ལ་ལོ་ངོ་བཅུའི་རིང་དབང་
བསྒྱུར་བྱས།
            མཚམས་འདིར་སླེབས་ཚེ་ཁྱོད་ཀྱིས་ང་ལ"ཡིན་ནའང་ཁོ་རང་ཁྱོད་ཀྱི་ཨ་ཕ་དང་འབྲེལ་བ་ཅི་ཡོད"ཅེས་འདྲི་སྲིད། ངོ་མ། ཁོ་རང་ངའི་ཨ་ཕ་
དང་ཐད་ཀར་གྱི་འབྲེལ་བ་མེད་པ་འདྲ་མོད། འོན་ཀྱང་དེ་དུས་ཨ་ཕས་ལོ་རེར་ཐུན་མོང་ལ་སྒོར་དྲུག་བརྒྱ་སྤྲོད་དགོས། འདི་ནི་སྐབས་དེར་མཚོན་ན་
གྲངས་ཀ་ཉུང་ཉུང་ཞིག་གཏན་ནས་མིན་པས་ཨ་ཕས་སྲོག་བསྡོས་ནས་ལས་ཀ་ལས་ན་ད་གཟོད་འགན་ཁུར་འགྲུབ་ཙམ་བྱེད་ཐུབ།
           ཉིན་རེའི་སྔ་མོར། ཨ་ཕ་སྤུའང་ཟད་འདུག་པའི་བེའུ་ཀོའི་སྟན་དེའི་སྟེང་དུ་བསྡད་པ་ནས་གཅིན་པ་རེ་གཏོང་དུས་མ་གཏོགས་ཉིན་གང་བོར་
ཡར་མི་ལངས། ཁོང་གིས་སྐབས་དེའི་འབྲོག་པའི་སྐྱེས་པ་མང་ཤོས་དང་འདྲ་བར་ཚི་ལེན་མི་གོན་ལ། རྗེས་སུ་ཆ་རྐྱེན་ཇེ་བཟང་དུ་ཡོང་དུས་ཀྱང་ཚི་ལེན་
གོན་དུས་ཧ་ཅང་ཉུང༌།  རྔུལ་ཆུས་སོལ་ཐལ་དང་ས་རྡུལ་ཁོང་གི་སྤྱི་གཙུག་ནས་ཡང་དང་ཡང་དུ་མ་ནེའི་མགོ་དང་བྲལ་ཁའི་བར་དུ་དེད་ཡོང༌། ཉིན་གུང་
སླེབས་ནའང་ཁོ་རང་སྔར་ བཞིན་གནས་དེར་བསྡད་དེ་ཟ་མ་ངན་ངོན་ཞིག་ཟ་ཙམ་བྱས་རྗེས་མུ་མཐུད་དུ་ལས་ཀ་ལས། གལ་ཏེ་ཁོ་ལ་ལས་ཀ་རྐྱང་རྐྱང་
ལས་སུ་བཅུག་ནའང་འཁང་ར་མེད་པར་ཚོགས་འདུ་ཆེ་ཆུང་འདྲ་མིན་དང"སྔ་དྲོར་བཀའ་འདྲི་དང་ཕྱི་དྲོར་སྙན་སེང་ཞུ་བ"སོགས་སུ་ཞུགས་དགོས།
སྤྱིར་ནའང་ཨ་ཕ་ངང་རྒྱུད་འཇམ་པའི་མི་དེའི་རིགས་མིན་ལ། ངལ་རྩོལ་ལྗིད་མོ་དང་ཚོགས་འདུ་མང་པོ་དེས་ཁོའི་གཤིས་ཀ་ལྷག་པར་ཇེ་རྩུབ་ཏུ་གྱུར་ཏེ་
གང་བྱུང་དུ་ཨ་མར་གཅར་རྡུང་བྱེད་པ་དང༌། མི་འགྱངས་པར་ང་རྫོང་མཁར་དུ་སློབ་གྲྭར་མངགས་རྒྱུ་བྱས་ཡོད་པ་དེ་ཡང་བློ་ལོག་སྟེ་ང་ནི་ཕལ་ཆེར་ཁོའི་
ལག་འོག་གི་བཟོ་ཕྲུག་ཅིག་ཏུ་གྱུར་ནས་བྱིས་པ་གཞན་དང་མཉམ་དུ་རྩེད་པའི་གོ་སྐབས་སྔར་ལས་བྲལ།  འདི་ལྟར་1974ལོར་ང་རང་རང་ལོ་བཅུ་གསུམ་
ལ་སླེབས་ཚེ་ཁྱིམ་ མི་གཞན་པའི་གནོན་ཤུགས་འོག་ཏུ་ཁོ་རང་གཞི་ནས་འཐད་པ་བྱུང་བས་ངས་ད་གཟོད་སློབ་ཆུང་འདོན་འགོ་བརྩམས།  ཕངས་པ་
ཞིག་ལ་དེ་དུས་སློབ་གྲྭའང་ཁ་ཐོར་དགུ་ཐོར་དུ་གྱུར་ཏེ་བསླབ་དེབ་མེད་ལ་ལས་བྱའང་མེད། དེ་བས་ཀྱང་རྒྱུགས་ལེན་རྒྱུ་མེད།
         བཟོད་ཐབས་བྲལ་བའི་གནས་ཚུལ་འོག་ཏུ་ངའི་ཨ་མས་གཞི་ནས་ཨ་ཕ་དང་ཁྱིམ་ཚང་གཉིས་སུ་དབྱེ་རྒྱུ་ཁྱབ་བསྒྲགས་བྱས་ཀྱང་ཨ་ཕ་ཅུང་ཙམ་
ཡང་དཔའ་མ་ཞུམ།   འོན་ཀྱང་ངས་ཁོ་ལ“གལ་ཏེ་ཁྱོད་ཀྱིས་ང་རང་བྱིས་པ་གཞན་དང་རྩེད་དུ་མི་འཇུག་ན་ངས་ཁྱོད་ཀྱིས་ལྐོག་ཏུ་མ་ཎི་འདོན་པའི་
དོན་དག་དེ་རྨེན་རྡོག་ལ་བཤད་རྒྱུ་ཡིན” ཞེས་ཐ་ཚིག་བསྒྲགས་པ་ན་ཁོ་རང་གཞི་ནས་ཁ་གདངས་ཤིང༌། ཡུན་རིང་བར་དུ་དབུགས་ཀྱང་གཏོང་མི་ནུས་
པར་གྱུར། འདི་ནི་སྐྲག་སྣང་སྐྱེས་པ་མ་ཡིན་པར་སེམས་གཏིང་ནས་ང་ལ་ཡིད་ཆད་པ་རེད། རྒྱུ་མཚན་ནི་ལོ་ཟླ་དེའི་ནང་ དུ་ཕ་མའི“ནག་ཉེས”ཐེར་
འདོན་བྱེད་མཁན་གྱི་གསར་བརྗེའི་རྗེས་སྐྱོང་བ་མང་དུ་ཡོད།
          དེ་ནས་བཟུང་ཨ་ཕས་དོན་དག་ཅི་ལའང་འདྲི་རྩད་མི་བྱེད་པར་སྔར་ལས་སྨྲ་བརྗོད་ཇེ་ཉུང་དུ་གྱུར་ཅིང་སྔར་ལས་སྲོག་བསྡོས་བཞིན་ལས་ཀ་
ལས།  མཚམས་རེར་ཁོང་ཁྲོ་ལངས་ཚེ་སྔར་ལས་ལྡབ་འགྱུར་གྱིས་འཇིགས་སུ་རུང་པས་ཕལ་ཆེར་སྡེ་འབངས་ཚང་མ་སྒོ་ལའང་འབུད་མི་ཕོད།
        “རིག་གསར”གཞི་ནས་མཇུག་རྫོགས་པ་དང༌།  རྨེན་རྡོག་ཀྱང་ཕྱིར་རང་གི་སྡེ་བར་བུད་སོང༌།  ལོ་ངོ་ཉི་ཤུ་ལྷག་གི་རྗེས་ཀྱི་དེང་གི་དུས་
འདིར་ཟིང་ཆའི་ལོ་ཟླའི་ནང་དུ་ཀླད་པར་ཚ་ བ་འཕེལ་དྲགས་པའི་མི་མང་ཤོས་དང་འདྲ་བར་རྨེན་རྡོག་གི་གནས་བབ་ཀྱང་དེ་འདྲའི་ཡིད་དུ་འོངས་པ་
ཞིག་མིན་པ་འདྲ་སྟེ།  རྒྱུ་མཚན་ནི་ཁོ་རང་ནམ་རྒྱུན་རྫོང་དམངས་སྲིད་ཅུའི་མུག་སྐྱོབ་ མཛོད་ཁང་གི་སྒོ་ཁར་འཁོར་གྱིན་འདུག
         ལོ་ན་རྒ་བའི་དུས་སུ། ཨ་ཕས་མཚམས་མི་ཆད་པར་སྒྲ་སྡུད་འཕྲུལ་འཁོར་ལ་ཉན་པ་དང༌།   རང་གིས་བཟོས་པའི་གྲི་དང་མེ་བོའུའི་ཁ་ནས་ཚེ་
སྲོག་ཤོར་བ་རྣམས་གཙོ་བྱས་པའི་འགྲོ་བ་རིགས་དྲུག་ལ་ཐར་བ་ཐོབ་ཆེད་མ་ཎི་འདོན་པ་ལས་གཞན་དོན་དག་ཆེ་ཆུང་གང་ལའང་དོ་སྣང་མི་བྱེད་པར་མ་
ཟད་ཐ་ན་ཐེངས་ཤིག་ངའི་བཟའ་ཟླས་ངས་ཉིན་གང་བོར་ཆང་འཐུང་བ་ལས་ཟས་མི་བཟའ་བའི་དོན་དག་དེ་ཁོང་ལ་གཏུག་བཤེར་བྱས་མོད།  འོན་
ཀྱང་ཁོང་གིས“ཟས་  ཞིམ་པོ་འདི་འདྲ་མི་བཟའ་བར་ཆང་བཙན་པོ་དེ་འདྲ་འཐུང༌།  ཞི་ལི་འདི་བླུན་པ་ལ།  ཁོ་རང་གང་འདོད་དུ་ཞོག”ཟེར་ནས་
ཆུང་མ་ནང་དོན་མེད་པ་བཟོས།
         ཨ་ཕས་མཚམས་རེར་ང་ལ“གཅེས་ཕྲུག  ངས་ཁྱོད་ཀྱིས་ཆོས་འདོན་པའི་ཚིག་གཅིག་ཀྱང་མི་ཐོས་པ་འདི་ཅི་ཡིན”ཟེར།
         ངས་ཁོང་གི་སེམས་པ་ཕམ་དུ་འཇུག་འདོད་མེད་པས“ཆོས་འདོན་པ་ལ་སྐད་སྒྲ་ཐོན་དགོས་པའི་ངེས་པ་མེད།  ངས་ཉིན་གང་བོར་དཔེ་ཆར་
བལྟ་བཞིན་པ་ཁྱེད་ཀྱིས་མི་མཐོང་ངམ། འདི་ཚང་མ་ཆོས་དཔེ་རེད”ཅེས་བཤད།
      “དེས་ན་བཟང་གི  དེས་ན་བཟང་གི”ཨ་ཕ་ཧ་ཅང་དགའ་བར་གྱུར།
        བོད་སྐད་ཀྱི་ཁ་སྐད་དང་ཡིག་སྐད་བར་ལ་ཁྱད་པར་ཆེ་བས་ཡི་གེ་མི་ཤེས་པའི་མིས《 གེ་སར་རྒྱལ་པོའི་སྒྲུང》སོགས་རིགས་རྩལ་ལེ་ཚན་འགའ་
རེ་མ་གཏོགས་གནམ་གཤིས་སྔོན་བརྡའང་དེ་འདྲ་ཕུ་ཐག་ཆོད་པ་གོ་མི་སྲིད།    དེའི་ཕྱིར་ཨ་ཕས་དེ་ལྟར་སུན་སྣང་མེད་པར་རྒྱང་བསྒྲགས་ལ་ཉན་པ་
དེར་ང་རང་དོགས་པ་མི་ཟ་ཀ་མེད་རེད། ཐེངས་ཤིག་ངས་ལྐོག་ཏུ་སྒྲ་སྡུད་འཕྲུལ་འཁོར་རྒྱ་སྐད་ཀྱི་སྟེང་ལ་བསྐོར་ཏེ་བརྟག་ནའང་ཨ་ཕས་མུ་མཐུད་དུ་
ཉན་འདུག  ངས་ཡང་བསྐྱར་སྐད་རིགས་གང་ཡིན་རང་གིས་ཀྱང་མི་ཤེས་པའི་བརྒྱུད་ལམ་ཞིག་གི་སྟེང་ལ་བཞག་སྟེ་བརྟག་པ་ན་ཨ་ཕས་སྔར་བཞིན་ཉན་
ནས་བསྒྲིམས་འདུག་པས་ངས་ད་གཟོད་ཁོང་གི་དབང་ཤེས་ཉམས་ནས་ཚད་ངེས་ཅན་ཞིག་ལ་སླེབས་ཡོད་པ་རྟོགས། དེ་ནས་བཟུང་ངས་ཨ་ཕའི་འགྱུར་
ལྡོག་རེ་རེར་ཞིབ་ཏུ་བརྟག  མ་གཞི་མི་རྒན་པས་རྒས་ཚད་དེ་བྱིས་པ་ནར་སོན་ཚད་ལས་ཀྱང་མགྱོགས། རྗེས་སུ་ཨ་ཕ་རང་གིས་ཀྱང་རང་ཉིད་ཀྱི་དུས་ཚོད་
མི་རིང་བ་ཚོར་བྱུང་བ་འདྲ་སྟེ། རྫོང་མཁར་དུ་འདུག་མི་འདོད་པར་ཡིན་གཅིག་མིན་གཉིས་ཀྱིས་ནོར་ལུག་གི་གམ་དུ་འགྲོ་བའམ། གསལ་བོར་བཤད་ན་
ཁང་པའི་ནང་དུ་ཤི་མི་འདོད་པར་སོག་གུར་ནང་དུ་འཆི་རྒྱུ་ཡིན་ཟེར་བས་ང་ཡང་ཐབས་ཟད་དེ་ཁོ་རང་རུ་ནང་དུ་བསྐྱལ།
        ཉིན་ཞིག་རུ་ནང་གི་གཉེན་ཉེ་ཞིག་ཡོང་སྟེ"ཕར་བལྟས་ན་ཁྱོད་ཀྱི་ཨ་ཕར་གནད་དོན་ཆེན་པོ་མེད་པ་འདྲ་མོད། འོན་ཀྱང་དེ་རིང་ཁོས་གློ་བུར་
ཁྱོད་ཀྱི་མིང་ནས་གླེང་སྟེ་མཚམས་མི་འཇོག"ཟེར་བས་ང་རང་རྐང་ཐང་དུ་རྫོང་མཁར་ལྟག་རྒྱབ་ཀྱི་རི་དེར་བརྒལ་ནས་ཡུལ་ལ་སོང༌།
       ཨ་ཕས་ང་ངོས་ཟིན་པས་མ་ཟད་ཁོ་རང་ལོ་དེའི་ནང་གི་དུས་ཚོད་ག་དུས་ལས་ཀྱང་ལུས་ཁམས་བདེ་ཞིང་རིག་པ་གསལ་བ་འདྲ་བས་ངས་ཀྱང་
སེམས་ལྷོད་ལ་ཕབ་སྟེ་ས་མ་རུབ་སྔོན་ལ་ཕྱིར་རྫོང་མཁར་དུ་ཡོང༌། འོན་ཀྱང་བློ་ཡུལ་ལས་འདས་པ་ནི་ཕྱི་ཉིན་ནམ་མ་ལངས་གོང་ལ་གཏམ་ངན་དེ་ངའི་
རྣ་བར་སླེབས།

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨ་ཕ།༥

2009-03-04 ཚེ་རིང་དོན་གྲུབ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།