ཨ་ཕ།༤

ཚེ་རིང་དོན་གྲུབ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-03-04

                                                  བཞི། ཨ་ལགས།
           ཐོ་བ་ཆེ་ཆུང་གཉིས་དང་སྐམ་པ་རིང་ཐུང་གཉིས། སེག་རྡར་འཇམ་རྩུབ་གཉིས་ལས་གཞན་རང་གིས་བཟོས་པའི་ལག་ཆ་ཐབས་ཆག་འགའ་
བཀོད་དེ། རྨིག་ལྕགས་རྙིང་བ་ཞིག་དང་ནོར་རྭ་ཞིག་གིས་ཞིབ་ཚགས་ལྡན་ཞིང་རྣོ་དབལ་ཅན་གྱི་གྲི་ཞིག་བཟོ་ཐུབ་པ། གྲི་རིང་རྙིང་བ་ཞིག་དང་མདུང་སྣེ་
ཆག་པོ་ཞིག  ཡོབ་ཆེན་ཟད་པོ་ཞིག་སོགས་མཉམ་དུ་བསགས་ཏེ་ཕལ་ཆེར་སྤྱི་རྒྱ་གསུམ་ལ་འདང་སྐབས་བརྒྱབ་ཚད་ཕོག་པ་དང་འོད་ལམ་ལམ་གྱི་མེ་བོའུ་
ཞིག་བཟོ་ཐུབ་པ་འདི་ནི་ཨ་ཕའི་ལག་རྩལ་ཡིན། དེའི་མི་ཚད་སུ་ཚང་གི་རྟ་སྒ་ས་ལ་བརྡབས་ནས་རལ་བ་དང༌། སུ་ཚང་གི་བཞོ་ཟོའུ་རྨིག་པས་བརྒྱབ་ནས་
ཐོར་བ་སོགས་ལའང་ངའི་ཨ་ཕར་སོ་མ་ནང་བཞིན་ཞིག་གསོ་བྱེད་པའི་ཐབས་ཤེས་ཡོད།
          ལོ་ན་རྒ་བའི་སྐབས་སུ་ཨ་ཕས་རྣོ་སྦུག་སྦོམ་ཕྲ་དང་སྔོན་ཐོན་ལག་ཆ་དེ་དག་ལ་ལྟ་བཞིན་ཕངས་སེམས་སྐྱེ་བའི་ངང“ཅ་ལག་འདི་དག་ཡོད་ན་
མེ་མདའ་དང་དཀྲུམ་མདའ་བཟོ་བར་དཀའ་ཚེགས་ཅི་ཡོད”ཟེར།
          ཆིན་ཝང་གིས་སྲིད་དབང་སྐྱོང་བའི་དུས་སུ་ངའི་ཨ་ཕས་བཟོས་པའི་མེ་བོའུ་ཞིག་རྒོད་མ་ཡ་མེད་ཅིག་དང་བརྗེ་ཐུབ་པར་མ་ཟད་ད་དུང་ཚང་
མས་འཕྲོག་རྩོད་རྒྱག་སྲིད། གནད་དོན་ནི་སྐབས་དེར་རྣོ་ལྕགས་རྒྱུ་ཆ་ཧ་ཅང་དཀོན་པས་ལོ་གཅིག་གི་ནང་ལ་མེ་བོའུ་གཉིས་གསུམ་ཙམ་བཟོ་བྱེད་ཀྱི་རྒྱུ་
ཆ་མ་གཏོགས་རྙེད་མི་ཐུབ། དེ་འདྲ་ཡིན་ཡང་ཨ་ཕའི་སྐད་གྲགས་ཡར་ངོའི་ཟླ་བཞིན་རྒྱས་ཏེ་ཁོའི་གམ་ནས་ལག་རྩལ་སློབ་མཁན་ཡང་ཇེ་མང་དུ་སོང༌།
 དེའི་ནང་གི་གཅིག་ནི་ངས་བཤད་ན་ཁྱོད་རང་ཧ་ལས་སྲིད་དེ་ཨ་ལགས་ཤིག་ཡིན། དེ་བས་ཀྱང་ཧ་ལས་དགོས་པ་ནི་ཨ་ལགས་དེ་མེ་མདའ་ལ་རང་གི་
སྲོག་བཞིན་འཐད་པ་དང༌། ཁོང་ལ་མེ་མདའ་རིང་པོ་གཉིས་དང་ཐུང་པ་གཉིས་ཡོད། ཡིན་ནའང་སྐབས་དེའི་མེ་མདའ་མང་ཤོས་འབེན་ལ་རྩིག་ཚད་
དམའ་བ་དང་རྒྱུན་དུ་ཆག་སྐྱོན་འབྱུང་སླ་བས་དུས་དང་རྣམ་པ་ཀུན་ཏུ་སོ་ཁ་དྲང་བཅོས་དང་ཞིག་གསོ་སྣ་ཚོགས་བྱེད་དགོས། ངས་བལྟས་ན་འདི་ནི་ཚད་
ངེས་ཅན་ཞིག་གི་སྟེང་ནས་ཨ་ལགས་ཀྱིས་བདག་ཅག་གི་སྟོན་པའི་བཀའ་ཆོས་དྲི་མ་མེད་པ་དེ་མི་འདོན་པར་ངལ་ཞིང་རྫོབ་པའི་མགར་ལས་བྱེད་པའི་རྒྱུ་
རྐྱེན་ཡིན་སྲིད་བསམ།
           ཨ་ལགས་ཀྱི་འཚོ་བ་བཟང་ཞིང་ཆ་རྐྱེན་འཛོམས་ལ། མི་གཤིས་འཇམ་ཞིང་གཏོང་ཕོད་ཆེ།   སྐབས་དེར་བླ་བྲང་ན་བཙོང་རྒྱུ་ཡོད་པའི་མགར་
བའི་ལག་ཆ་ཚང་མ་ཁོ་ལ་ཡོད། ཁོ་རང་གིས་ཟ་ཐུབ་པའི་ཟས་གང་ཞིམ་དེ་ངའི་ཨ་ཕ་ལའང་ཆད་མི་སྲིད། ཁོང་གཉིས་ཀྱིས་འདི་ལྟར་མཉམ་དུ་ཟ་མ་
བཟའ་བ་དང་མཉམ་དུ་ངལ་རྩོལ་བྱེད་ལ། ཡོང་སྒོ་ཚངམ་ངའི་ཨ་ཕར་དབང་བ་བཤད་ཅི་དགོས།
           ཐེངས་ཤིག་ཨ་ཕས་ཨ་ལགས་ལ་འདི་ལྟར་དྲིས“སྐུ་གཅེས་ལགས། ང་ནི་མེད་མུག་གིས་དེད་ ནས་ད་གཟོད་ལས་ཀ་རྫོབ་པོ་འདི་མི་གཉེར་
ཐབས་མེད་བྱུང༌། ཡིན་ནའང་ཁྱེད་ཀྱི་འདི……”
           ཨ་ལགས་ལྷུག་ལྷུག་དགོད་བཞིན“མགར་ལས་འདི་ཡང་བཟོ་རིག་པའི་ནང་དུ་གཏོགས་ལ། བཟོ་རིག་པ་ནི་རིག་གནས་ཆེ་བ་ལྔའི་ཡ་གྱལ་
ཡིན། ཨོ། འདི་དག་ཁྱོད་ཀྱིས་ཕལ་ཆེར་ཧ་གོ་རྒྱུ་མ་རེད། གང་ལྟར་མི་ཞིག་ཡིན་ཚེ་ལས་ཀ་གང་ཡིན་ཤེས་དགོས་ལ། ཡང་གཅིག་བཤད་ན་དུས་ནམ་ཞིག་ང་
རང་ཨ་ལགས་བྱེད་མ་ཐུབ་ཚེ་ལག་ཤེས་འདི་ལ་བརྟེན་ནས་འཚོ་བ་རོལ་དགོས”ཟེར།
           སྐབས་དེར་ཨ་ཕའི་སེམས་ལ་ཨ་ལགས་ཀྱིས་ཀུ་རེ་རྩེད་ཀྱིན་འདུག་བསམ་མོད། འོན་ཀྱང་རྗེས་སུ་ཨ་ལགས་དངོས་གནས་ཨ་ལགས་བྱེད་མ་
ཐུབ་པར་མ་ཟད་ཉིན་ལྟར“འཐབ་རྩོད་བྱས་ནས་ལངས་རྒྱུ་མེད་པ་དང༌། དྲི་ངན་འཐུལ་བ་བཟོ”སྐབས་ཨ་ཕས་ལྐོག་ཏུ་ལག་ཟུང་ཐལ་མོ་སྦྱར་ཞིང་མིག་
ཟུང་དམ་དུ་བཙུམ་སྟེ“བླ་མ་མངོན་མཁྱེན་ཅན་ཟེར་བ་ཁོང་ཚང་རེད”ཟེར་ནས་སྔར་ལས་ཀྱང་དད་པ་བླ་ལྷག་ཏུ་འཕེལ།
           ནམ་རྒྱུན་ཨ་ལགས་དང་སོ་སྐྱེས་ཕལ་བར་ཁྱད་པར་ཅི་ཡང་མེད་པར་མ་ཟད་ཐེངས་ཤིག་ཨ་ལགས་ཀྱིས་ཅུང་ཙམ་མིན་ན་དཔེ་ཁ་བ་ཅན་ལ་
བཞག་སོང་སྟེ། དེ་དུས་ཁྱིའི་སྨྱོ་ནད་ཀྱིས་ས་སྟེང་ཁྱབ་ནས་ལོ་རེའི་དགུན་དཔྱིད་དུས་ཚིགས་སུ་ཁྱི་སྨྱོན་གཅིག་གཉིས་རེ་ངོ་ཚ་མེད་པར་རུ་ནང་ལ་སླེབས་
སྲིད། ཨ་ལགས་དང་ཨ་ཕ་གཉིས་ལས་ཀའི་ནང་ལ་རྦད་དེ་སྒྲིམ་སྡོད་སྐབས་ཕྱི་རོལ་ནས་གློ་བུར་དུ“ཁྱི་སྨྱོན་ཐོན་ཐལ། ཁྱི་སྨྱོན་ཐོན་ཐལ”ཅེས་འུར་བརྒྱབ་
སོང༌། སྐད་ཅིག་དེ་ཉིད་ལ་ངུ་སྐད་དང་འུར་སྐད། བོའུ་སྐད། ད་རུང་ཁྱིའི་ཟུག་སྐད་སོགས་གྲགས་ཏེ་སྡེ་བ་ཡོངས་རྫོགས་མེ་འབར་བ་དང་ཆུ་རྡོལ་བ་
བཞིན་དུ་གྱུར། ཨ་ལགས་ཀྱིས་རང་གི་ཐོབ་ཐང་རྩ་བ་ནས་བརྗེད་དེ་ཡར་ལངས་པ་དང་མཉམ་དུ་སོག་གུར་གྱི་ཐེར་མེའི་མགོར་བཀལ་ཡོད་པའི་མེ་མདར་
འཇུས། ཨ་ལགས་ཀྱི“མཛད་པ”ཁྱད་པར་ཅན་འདིས་ཨ་ཕ་ཧོན་ཐོར་དུ་བཅུག་མོད། སྟབས་ལེགས་པ་ནི་ཨ་ལགས་སྒོ་ཐེམ་ལས་མཆོངས་ལ་ཉེ་དུས་ཨ་
ཕས་དབང་མེད་དུ“ཁྱེད་ཚང་སྨྱོས་པ་མིན་ནམ”ཞེས་ངར་སྐད་ཅིག་འབྱིན་བྱུང༌།
           ཨ་ལགས་ཀྱི་རྐང་པ་ཡ་གཅིག་སྒོ་ཐེམ་ཀླད་ན་མཐོ་རུ་བཏེགས་འདུག་པ་དང༌། ངོ་མདོག་དམར་པོ་ཁྲག་ལ་བྲན་པ་ལྟར་གྱུར། གདོང་གི་ཤ་
གནད་ཕར་འཐེན་ཚུར་འཐེན་བྱས། མཐར་གཏུགས་ན་ངུ་འདོད་ཡོད་དམ་དགོད་འདོད་ཡོད་པ་སུས་ཀྱང་བཤད་དཀའ། གང་ལྟར་མཇུག་མཐར་ཁོ་རང་
ཧ་ཅང་རང་བྱུང་མིན་པའི་ངང་གླེན་དགོད་ཅིག་བྱས་རྗེས་ཕྱིར་རང་གནས་སུ་བསྡད།
          འོན་ཀྱང་འདི་ཙམ་གྱིས་ཨ་ཕས་ཨ་ལགས་ལ་བཟུང་བའི་དད་པར་གཡོ་འགུལ་སྤུ་ཙམ་ཡང་བཟོ་མི་ཐུབ། རྗེས་སུ་ཨ་ལགས་འདི་ལ་འཐད་རྩོད་
བྱེད་ཐེངས་རེར་ཨ་ཕས་བྱེད་ཐབས་སྣ་ཚོགས་བཀོལ་ནས་ཚོགས་འདུར་གཡོལ་ཐབས་བྱེད་པ་དང༌། ཁོང་གིས་ད་རུང་ལྐོག་ཏུ་ཁྱིམ་མི་ཚོར“འུ་ཚོས་ཚེ་ཕྱི་
མ་མི་བཤད། ངས་ཨ་ལགས་ཚང་ནས་ཟ་འཐུང་བྱས་པ་དེ་དག་ཀྱང་སྐྱེ་བ་དུ་མར་འཇལ་མི་ཚར། མི་ཞིག་ཡིན་ཚེ་མ་མཐའ་ཡང་དྲིན་ཆེན་ལ་དྲིན་ལོག་
བྱེད་མི་རུང་ཡ”ཟེར། ཡིན་ནའང་ཉིན་ཞིག་ཞང་ནང་ནས་བརྡ་སྦྱོར་ནན་མོ་ཞིག་བཀྲམ་བྱུང༌། དེ་ལ་བརྡ་སྦྱོར་ཟེར་བ་ལས་བཀའ་ཤོག་ཟེར་ན་འགྲིག་སྟེ།
ཉིན་ག་གེ་མོར་ཞང་ཡོངས་ཀྱིས་ལྷ་འདྲེ་གདོན་བགེགས་ལ་འཐབ་རྩོད་བྱེད་པའི་ཚོགས་ཆེན་རྒྱུ་ཡིན་པས་མི་དར་མ་ཡོད་ཚད་ཀྱིས་གནང་བ་ཞུས་མི་
ཆོག   གལ་ཏེ་ཚོགས་འདུར་ཆད་མཁན་ཡོད་ན་ཆབ་སྲིད་ཀྱི་འགན་འཁྲི་རྩད་གཅོད་བྱེད་རྒྱུ་ཡིན་ཟེར།
           ཨ་ཕས་ཚོགས་འདུར་ཅི་ལྟར་གཡོལ་བར་བསམ་བློ་སྣ་ཚོགས་བཏང་ནས་སྡོད་སྐབས་ཨ་ལགས་དེ་གློ་བུར་དུ་ཚེ་ལས་འདས་པའི་གཏམ་ཐོས་
བྱུང༌། ཨ་ཕ་སྐྱོ་གདུང་དྲག་པོས་མནར་བའི་དུས་མཚུངས་སུ་ཁུར་བོ་ཆེན་པོ་ས་ལ་ཕོག་པའི་ཚོར་སྣང་ཞིག་ཀྱང་ཡོད་སྲིད། ཡང་གཅིག་བཤད་ན་དེ་འདྲའི་
ལོ་རབས་ནང་དུ་མི་ལ་ལ་དངོས་གནས་གསོན་པ་ལས་ཤི་ན་དགའ་བ་མིན་ནམ།

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨ་ཕ།༤

2009-03-04 ཚེ་རིང་དོན་གྲུབ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།