ང་ཚོས་དགེ་ཆོས་དང་རང་གྲོལ་ལས་མང་པོར་རྗེས་དྲན་མི་ཞུ།

བོད་ལ་མཁས་པ་མང་པོ་ཡོད་པ་རེད། སས་གནམ་གབ་པ་ལྟ་བུའི་མང་བོ་ཡོད་ནི་རེད། གྲངས་ཀ་ནས་རྩིས་ན་མཛུབ་མོ་རེ་ལ་གཅིག་རེ་འདང་ནི་རེད།དེ་ནི་ཙོང་བ་ཁ་དང་ས་སྐྱ་བ་སོགས་ཡོད་ནི་རེད།  ཁོང་ཚོ་དགོན་པ་ག་གེ་མོའི་ནང་ན་དགའ་ལྡན་ལྔ་མཆོད་དང་གདུང་མཆོད་སོགས་རྗེས་དྲན་དང་མྱ་ངན་འདུ་ཚོགས་ཆེ་མ་ཆུང་རིགས་ཡོད་པ་རེད། ཡིན་ནའང་ང་ཚོ་བོད་ཀྱི་སློབ་ཆེན་པ་ཡིན་པ་ལས་འཁོར་བ་བློས་བཏང་གི་རྣམ་འབྱོར་བ་དེ་མིན་པས།ང་ཚོའི་སེམས་ནང་གི་མི་དོན་བསམ་བློ་བ་མཁས་པ་དགེ་འདུན་ཆོས་འཕེལ་དང་དོན་གྲུབ་རྒྱལ་ལྟ་བུའི་གཅིག་ལ་གཅིག་སྣོན་ན་རྒྱ་ཁ་སྲང་ཁ་ན་ལྗིད་པོ་ཡོད་པ་དེ་ལ་རྗེས་དྲན་དང་མྱ་ངན་འདུ་ཚོགས་བསྡུ་བ་ནི་བསམ་བློ་གསར་བ་གཏོང་བཞིན་པའི་སློབ་ཆེན་སློབ་མ་ཚོའི་འགན་ཁུར་མ་ཡིན་གྲང་།
ང་ཚོ་ལ་དགོས་པ་ནི་འཚོ་བའི་ཁ་གཏད་ནས་སྐད་ཆ་བཤད་ཅིང་།འཚོ་བའི་གདོང་ཐད་ནས་རྔུལ་ཆུ་འཛར་མྱོང་བའི་དཔའ་བོ་དེ་འདྲ་ལས། འཁོར་བ་ལ་གཙོག་ལྟ་བའི་རང་ཕམ་གཞན་རྒྱལ་བྱེད་པར་སྐུལ་བའི་དགེ་སྤྱོང་མགོ་རེག་དེ་དག་མིན་ལ། འཁོར་བར་སྡུག་བསྔལ་གྱི་རྒྱ་མཚོར་ལྟ་བུའི་རྒྱང་བཀྱེད་པ་དེ་ཚོ་ལར་ནས་ཡིན་མི་སྲིད།སློབ་གྲྭ་ཆེན་མོ་བ་ནི་མ་འོངས་བའི་བདེ་སྐྱིད་བསུ་བའི་སྣ་འདྲེན་དང་བསམ་གཞིགས་རྣལ་དུ་གཏོང་བའི་ཀླད་ཤུགས་ངལ་རྩོལ་བ་ལས། མུན་ནག་ནང་དུ་ཐར་མོ་སྤྱོར་བའི་ལས་དབང་ཟེར་བར་ཤི་འཐམ་རོ་འཐམ་བྱེད་པའི་ཟབ་མོ་སྟོང་བ་ཉིད་སྒོམ་མཁན་དེ་རིགས་དང་གཏད་ནས་མི་འདྲ་བས་དེ་ཚོར་རྗེས་དྲན་དང་འདུ་ཚོགས་སྐོང་བ་ནི་ཉི་མ་གཏོང་བའི་རབ་བྱུང་བ་ཚོས་སྒྲུབ་བྱ་ཞིག་རེད་འདོད་དོ།
རང་ཉིད་བདེ་གྲོལ་གྱི་བོད་ན་མཁས་བ་མང་པོ་ཡོད་ཟེར་བའི་ལྷུག་རྩོམ་གྱི་ནང་ཁོག་ལ་མི་འཐད་ལ་མེ་ལྕེའི་གླེང་མི་ཚར་བའི་དགེ་ཆོས་ཟེར་བའི་ངོ་བསྟོད་དང་གླག་གི་སྐྱབས་ཆེན། ཁྱོད་ཀྱི་དགོངས་དག་ཞུ་རན་འདུག་ལྟ་བུའི་རང་གི་འཇོན་ཐང་ངོམ་སོ་དེའང་མི་འཐད། དེ་ན་སློབ་གྲྭ་ཆེན་མོ་བའི་མི་དོན་བསམ་བློ་བ་ཁོང་ལ་གདུང་འབོད་བྱེད་པ་ནི་ཧ་ཅང་འཐད་རྒྱུ་མཚན་མི་དོན་ཟེར་བའི་ཐ་སྙད་དེའི་སྲོག་ལ་འཐད། དགེ་ཆོས་ཁོང་གི་སྲོག་རྩར་བབས་ཡོད་པས་འཐད། མདོར་ན་ང་ཚོས་དགེ་ཆོས་དང་རང་གྲོལ་ལས་མང་བོར་རྗེས་དྲན་མི་ཞུ།                      
                                                                               2011.9.25  ཉིན་དྲ་ཁང་དུ་བྲིས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་ཚོས་དགེ་ཆོས་དང་རང་གྲོལ་ལས་མང་པོར་རྗེས་དྲན་མི་ཞུ།

2011-10-01 རྣོ་ཟུར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།