དཀོན་མཆོག་མི་གྲལ་དུ་འཚོལ།

ཚེར་མ་ཁེར་སྐྱེས།༼ལན་ཀྲུ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-09-27

  སྐྱབས་བརྟེན་དང་བྲན་གཤིས་ལ་གོམས་པའི་འགྲོ་བ་མིའི་རིགས་ཀྱི་ཆེས་ཐོག་མའི་འདུ་ཤེས་འཛིན་སྟངས་འདིས་ང་ཚོའི་གདོད་མའི་མི་གཤིས་ལ་གཞི་ནས་ལྷད་ཞུགས་པའི་རྨང་བཏིངས་པ་དང་།རང་སྟོབས་རང་སྤེལ་གྱིས་འཇུག་པའི་ནུས་པ་ཐད་དུ་བཀག་རྒྱ་ཆེན་པོ་ཞིག་བཟོས་ཟིན་པས་ཁེར་ཚུགས་ཀྱི་མི་གཞི་དང་དོགས་སློང་གི་སྙིང་སྟོབས།དཔྱོད་ཤེས་ཀྱི་མིག་དབང་སྤྱོད་ཐུབ་མཁན་དང་།སྒེར་གཤིས་ཀྱི་སྤྱོད་སྟངས་འཛིན་མཁན་ཧ་ཅང་གིས་ཉུང་ཉུང་རེད།རྒྱུ་མཚན་ནི་འུ་ཚོའི་མི་བུ་བྱེ་བྲག་པ་རེ་རེར་རང་ཉིད་ལ་ལྡན་དགོས་ངེས་ཀྱི་མི་གཤིས་ཚད་ལྡན་ཞིག་མ་ཆགས་པའི་རྐྱེན་གྱིས་རེད།ཡིན་ཙང་།ད་དུང་ཁོ་ཚོས་དེ་ལྟར་དུ་གཏན་ནས་འདོད་ཀྱིན་མེད་དེ།ཡོད་ཚད་གཞན་ལ་བསྟུན་པ་དང་རེ་བཅོལ་ཞུ་དགོས་པའི་བག་འཁུམ་གྱི་བསམ་བློ་འདི།གཞི་ནས་ཁོ་ཚོའི་འདུ་ཤེས་ཀྱི་གཏིང་རིམ་དུ་ཞུགས་ཚར་ཞིང་།བག་ཆགས་ཀྱི་ས་བོན་མཐུག་པོ་དེའང་ས་ཁྱབ་རྡོ་འཁྱབ་ཏུ་གྱུར་འདུག་ཡང་གཅིག་བཤད་ན།རང་ཉིད་ཀྱི་མི་གཤིས་བཅིངས་འགྲོལ་དང་བག་ཆགས་གཏོར་བཤིག་གི་ཕྱོགས་ལ་ཁོ་ཚོས་ནམ་ཡང་བསམ་བློ་འཁོར་སྲིད་པ་མ་རེད་དེ།དེ་ནི་ཁོ་ཚོའི་སྲོལ་རྒྱུན་ཡག་པོ་ཞིག་ཏུ་བརྩི་བ་ལས་ཉེན་ཚབས་རང་བཞིན་ཅན་གྱི་བརྡ་རྟགས་ཤིག་ཏུ་རྦད་དེ་འདོད་ཀྱིན་མེད་པས་དོགས་སློང་འཛིན་མཁན་ལ་མནོན་མི་ཚུགས་པའི་དམོད་མོ་དང་ཁ་རྡུང་དྲག་པོ་བཏང་ནས་ཁོར་ཡུག་ནས་རྒྱང་འཕུད་གཏོང་ངེས་ཡིན།འདི་ནི་འུ་ཚོའི་སྤྱི་ཚོགས་དང་རིག་གནས་ཁོར་ཡུག་ནས་འགྲོ་བ་མི་ལ་བསམ་གཞིག་གཏོང་སྟངས་ཐད་ལས་བགོས་ཙམ་བཞག་པའི་འབྲས་རྟགས་ཤིག་ཏུ་ངོས་འཛིན་མི་བྱེད་ཐབས་མེད་རེད་ཨང་།
  དེ་ལྟར་ཁོ་ཚོའི་འདུ་ཤེས་ཀྱི་སྒྲོམ་གཞིའི་ནང་དུ་གཟུགས་མེད་དུ་གྲུབ་པའི་ཤེས་པ་ཐ་དག་གཟུགས་ཅན་དུ་འཛིན་པའི་གོ་འཛོལ་ཅན་གྱི་བྱིས་བློ་དགོད་བྲོ་བ་ཐ་དག་གིས་རང་བརྟེན་བསམ་བློའི་ཚད་ཤིང་རྨང་ནས་འཐོར་ཆག་ཏུ་བཏང་ཟིན།ཤུལ་དུ་ལུས་པའི་བག་ཆགས་ཀྱི་གཏིང་རིམ་དུ་སད་རྟོགས་མ་བྱུང་བའི་ལྷ་ཡོད་སྨྲ་བའི་བཤད་རྒྱུན་ཏེ།ཐོག་མ་ཉིད་ནས་རང་ཉིད་ཀྱི་མགོན་དུ་གྱུར་ཞིང་གཙུག་གིས་མཆོད་དགོས་པའི་ལྷ་དང་དཀོན་མཆོག་ཅེས་བ་དེ་རེད།དེ་དག་ནི་གནམ་ནས་བབས་པའི་ཕོ་ཉ་དང་མི་ཡུལ་གྱི་བདག་པོ་ཞིག་ཏུ་ངོས་འཛིན་བྱས་ལ།དབང་ཤུགས་གནམ་ནས་སྤྲད་པ་དང་ནུས་པའང་་གནམ་གྱིས་བསྩལ་བར་འདོད་དེ།གདོད་མའི་སྤྱི་ཚོགས་ལས་བརྒྱུད་ཅིང་རང་བྱུང་གི་མི་ལ་བཞག་པའི་བག་ཆགས་ཀྱི་ནད་ཡམས་ཚ་བོ་དེ་ང་ཚོའི་ཁོར་ཡུག་ནས་ད་ལྟའང་དག་སེལ་བྱ་མ་ཐུབ་པར་ལུས་འདུག་པ་ནི་ཇི་འདྲའི་ངོ་ཚ་བའི་གནས་ཤིག་མ་ཡིན་ནམ།ང་ཚོ་འདི་ལྟར་དགོད་བྲོ་བའི་ངག་རྒྱུན་ཐན་ཐན་རེ་དང་ལྷ་སྒྲུང་གི་མངག་བཅོལ་ཙམ་ལ་བློ་གཏད་དང་ཡིད་ཆེས་བྱ་སྲིད་པ་ནི་འོ་སྐོལ་མི་རིགས་འདིས་ཕམ་ཁའི་གཞི་རྐྱེན་དང་རྗེས་ལུས་ཟེར་བའི་ཐ་སྙད་འདིས་དབང་ཤུགས་ལོས་ཡིན་སྙམ།མ་གཞི་རང་ཉིད་རང་ལ་ཡིད་ཆེས་དང་སྤོབས་པས་འཇུག་ནུས་པའི་བསམ་བློ་ངེས་གཏན་ཞིག་ཆགས་མེད་པས་ལན་པ་རེད་ཟེར་རྒྱུ་ཡིན།ཏག་ཏག་འུ་ཚོའི་མི་རབས་ཤིག་འདི་ལྟར་ལྐོག་གྱུར་ལ་གཞོལ་ཆེ་བ་དང་གཞན་ལ་ཡིད་ཆེས་གཏིང་ཟབ་ཏུ་འཇོག་སྲིད་པའི་བྱ་སྤྱོད་འདིས་སྟེང་ནས།སྔར་བཞིན་ཁོ་ཚོས་ལྷ་དང་དཀོན་མཆོག་ཅེས་པ་དེ་ཚོར་མགོ་འབུལ་ཞུ་འབུལ་བྱས་ཏེ་མི་ཚེ་ཟད་དུ་འཇུག་སྲིད་པར་ཐེ་ཚོམ་སྐྱེ་མི་དགོས་པའི་སྣང་ཚུལ་འཇིགས་ཡེར་བ་ཞིག་མ་ཡིན་པའི་ངེས་པ་གཏན་ནས་མེད།
  ལྷ་དང་དཀོན་མཆོག་ཅེས་པའི་མིང་དེ་ཡང་མིའི་སྤྱི་ཚོགས་ནས་ཐོན་ཏེ་མིའི་འཇིག་རྟེན་དུ་གྲགས་པའོ།དེ་ལྟར་དུ་བསམ་བློ་རེ་བཏང་ན།གཞི་ནས་མིའི་སྤྱི་ཚོགས་དང་མིའི་ཁོར་ཡུག་ནས་བྲལ་ཐབས་མེད་པའི་མི་བུ་ཚད་ལྡན་རེ་ལ་དཀོན་མཆོག་གིས་མིང་ནས་བོས་ཀྱང་འགལ་ཆ་ཅི་ལ་ཡོད།གཞན་གྱི་མིག་དཔེར་འོས་པའི་མི་བུ་ཁྱད་པར་རེའང་ཁོ་བོས་དཀོན་མཆོག་ཏུ་བརྩི་གིན་ཡོད།ཡིན་ནའང་།འུ་ཚོའི་ཁོར་ཡུག་གིས་བསྐྲུན་པའི་བག་ཆགས་ཀྱི་ནད་རྙིང་དེ་དག་གིས་ལྟ་ཚུལ་གསར་བ་ཞིག་གི་མགོ་བོ་རྨང་ནས་བཅོམ་སྟེ་འགྲོ་ལ།ཐ་ན་བསམ་གཞིག་བསྐྱེད་སྟངས་ཤིག་ལ་སྨྱོན་བཤད་རྒྱག་གིན་འདུག་ཟེར་བའི་ཁ་ཚོད་གཅོད་པར་ལྷག་ཏུ་དགའ།མ་གཞི་ཁོ་ཚོའི་སྣང་ངོར་གྲུབ་པའི་འདུ་ཤེས་དེ་ནི་བྱ་བ་ཐ་དག་སྔོན་ཆད་དང་ཆ་ཡོངས་སུ་འདྲ་ཚེ་ད་གཟོད་ཡིད་ཆེས་ཀྱིས་ངང་ནས་དང་ལེན་དང་དགའ་བསུ་ཞུ་ངེས་རེད།དེ་ནི་ནམ་རྒྱུན་ཁོ་ཚོས་ལྷ་དང་དཀོན་མཆོག་ཅེས་པར་ངོས་འཛིན་བྱས་སྟངས་ཐད་ཀྱི་གཤིས་ཀ་དེ་རེད་པས།མི་རབས་སྔོན་མ་ནས་མན་ངག་ཏུ་རྒྱུན་དུ་འདྲེས་པའི་བཤད་རྒྱུན་དེའི་འོག་ནས་འཚར་ལོངས་བྱུང་ཞིང་།ཁོ་ཚོར་གཞི་ནས་མགོ་བསྐོར་བཏང་སོང་།བསླུ་བྲིད་ཐེབས་སོང་།ད་ལྟ་ཞིབ་ཏུ་བསམ་ན།ཁྱོད་ཚོའི་དྲན་ངོར་བཞག་པའི་དཀོན་མཆོག་དང་ལྷ་ཚོགས་དེ་ཚོའི་ལྐོག་གྱུར་གྱི་སྣང་བརྙན་དེ་དག་རིམ་ཅན་བཞིན་མི་གྲལ་དུ་འཕུད་དེ་མི་སྐད་གསོན་པོ་ཞིག་བརྒྱབ་ན་དེ་དག་ནི་མི་གྲལ་ན་ཡོད་པའི་མི་བུ་དེ་དག་ལས་གཞན་གང་ཡང་ངོས་འཛིན་བྱ་རྒྱུ་ཡོད་པ་མ་རེད་དེ།ཁྱོད་ཚོས་ད་དུང་ཡང་དཀོན་མཆོག་ཅེས་པ་ཞིག་གླེང་གིན་འདུག་ཅིང་དཀོན་མཆོག་ངོ་མ་ཞིག་བཙལ་འདོད་ན།བདེན་པའི་དཀོན་མཆོག་ང་ཚོའི་མི་གྲལ་དུ་ཡོད་ལ།དེ་ལྟར་ང་ཚོ་མི་བུ་ངོ་མ་ཡིན་ལ་དཀོན་མཆོག་གསོན་པོའང་འགྱུར་ངེས།དེ་ལྟར་ཁྱོད་ཚོས་གླེང་བཞིན་པའི་དཀོན་མཆོག་གི་བྱིན་མཐུ་དང་ནུས་པ་དེའང་མདོར་ན་མིའི་བསྐྲུན་པ་རེད་ཟེར་རྒྱུ་ཡིན།རྒྱུ་མཚན་ནི་མིའི་ཕར་ལ་བཏགས་པ་ཡིན་པའི་རྐྱེན་གྱིས་རེད།གང་ལྟར་ཁྱོད་ཚོའི་སེམས་ནང་གི་དཀོན་མཆོག་ཟེར་བ་དེ་ལྟ་བུ་ཞིག་གཏན་ནས་ཡོད་སྲིད་པ་མ་རེད་དེ།དེ་ལྟར་ཡོད་སྲིད་ན་དཀོན་མཆོག་གིས་རྫུན་ལབ་ཀྱིན་འདུག་ཅེས་པའི་སྐད་ཆ་དེ་ལ་ངེས་ཤེས་རྟོགས་ན་གཞི་ནས་ཧ་གོ་ནི་རེད།ཡིན་ཡང་ཁོ་བོས་འདི་ཙམ་ལས་བརྗོད་ཐབས་མ་བྱུང་ལ།ཁྱོད་རང་ཚོས་འདི་ལ་སྐྲག་སྣང་དང་མཚར་སྣང་འཛིན་དོན་གཏན་ནས་མེད་ཅིང་།ཧ་ལས་ཤིང་ཧོན་འཐོར་དོན་དེ་བས་ཀྱང་ཡོད་སྲིད་པ་མ་རེད་དོ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཀོན་མཆོག་མི་གྲལ་དུ་འཚོལ།

2011-09-27 ཚེར་མ་ཁེར་སྐྱེས།༼ལན་ཀྲུ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།