དབྱེན་དཀྲུག་མཁན་དག་གི་སྙན་དུ།

                             ༡
   མེ་ལན་ཁོང་རྡུ་ར་ནི་ཇེ་ཁུ་ཟི་ལོ་ཧྥ་ཁུ་རྒྱལ་ཁབ་ཀྱི་ཆེས་རླབས་ཆེ་བའི་རྩོམ་པ་པོ་དག་གི་གྲས་ཀྱི་གཅིག་ཡིན་ལ།ཁོང་གིས་མཛད་པའི་༼ཚེ་སྲོག་གི་ཁྲོད་དུ་ཐེག་པར་དཀའ་བའི་ཡང་མོ་༽ཞེས་པའི་གླེགས་བམ་གྱི་ཁྲོད་དུ་གཏམ་རྒྱུད་འདི་འདྲ་ཞིག་བྱུང་།ཐོ་མ་ཟི་ཞེས་པའི་སྐྱེས་པ་ཞིག་གསར་འགོད་པ་ཤེས་ཡོན་ཅན་ཞིག་གིས་བོས་ཤིང་།ང་ཚོས་མཉམ་དུ་ཇེ་ཁུ་གཞུང་ཕྱོགས་ལ་རེ་ཞུ་བྱས་ཏེ།བཙོན་དུ་བཟུང་སོང་བའི་ཆབ་སྲིད་ཉེས་ཅན་པ་དག་ཕྱིར་གཏོང་དགོས་པའི་རེ་བ་འདོན་པའི་ཡིག་ཆ་ཞིག་གཏན་འབེབས་གནང་ཡོད།དེ་ལ་ཇེ་ཁུ་རྒྱལ་ཁོངས་ཀྱི་སྤྱི་ཚོགས་ལ་ཤུགས་རྐྱེན་ཆེ་བའི་ཤེས་ཡོན་པ་སྐོར་ཞིག་གདན་དྲངས་ནས་མིང་རྟགས་འགོད་པའི་རེ་བ་ཞུ་བཞིན་ཡོད་ཅེས་བཤད་པ་ན།ཐོ་མ་ཟི་ཞེས་པའི་སྐྱེས་པ་དེས།ང་ཚོས་དེ་ལྟར་རེ་ཞུ་ཡི་གེ་ཕུལ་ཀྱང་།དེ་ཡིས་ཆབ་སྲིད་ཉེས་ཅན་པ་དག་ལ་དངོས་གནས་རོགས་རམ་ཞིག་ནུས་སམ་ཞེས་དྲི་བ་བཏོན་པས།གསར་དགོད་པ་ཤེས་ཡོན་ཅན་དེས་ལན་དུ།ང་ཚོས་རེ་ཞུ་ཡི་གེ་ཕུལ་དོན་ནི་ཆབ་སྲིད་ཉེས་ཅན་པ་དག་གློད་གྲོལ་གཏོང་དགོས་པའི་རེ་བ་ཙམ་མ་ཡིན་པར།དེ་ནི་གཞུང་ཕྱོགས་ལ།འཇིག་རྟེན་འདིར་ད་དུང་ཡང་འཇིགས་ཞུམ་དང་བྲལ་བའི་མི་ནི་སྔར་བཞིན་འཚོ་འོ་ཞེས་རྣམ་འགྱུར་ཞིག་སྟོན་པ་ཡིན་ཞེས་བཤད།
གཏམ་རྒྱུད་འདི་ནི་ཁོ་བོས་ཉིན་འདི་གར་རྟག་ཏུ་སེམས་ལ་དྲན་ཞིང་།དགེ་ཆོས་དང་རང་གྲོལ་གྱི་རྩོད་ཉོག་ཇེ་ཆེར་འགྲོ་བའི་དུས་སུ།ལྷག་པར་ཡིད་ལ་དྲན་པ་ཞིག་འོངས།ལར་སྐྱབས་ཆེན་ནས་གླག་ལ་བསྐྱུར་བའི་དཔྱད་མཆན་དེ་ཡིས་ཁོ་བོའི་ཡིད་སེམས་རྨང་ནས་སྒུལ་ཞིང་།རང་ཉིད་སྐྱབས་ཆེན་ལ་གོ་བ་ཅུང་ཙམ་རེ་ལོག་འདུག་པའང་ཚོར།ངས་འདིར་དགོངས་དག་ཞུ་བ་ནི་མིན་ཏེ།ངས་དེ་ལས་མི་དྲང་མོ་ལ་འཁྱོག་པའི་ལམ་སྟོན་མཁན་དང་།སེམས་དཀར་པོ་ལ་དབྱེན་ནག་པོ་དཀྲུག་མཁན་གྱི་དྲ་འབུ་དག་དང་།ན་གཞོན་གསར་བའི་དྲ་བ་དང་དགེ་ཆོས་དྲ་བ་སོགས་ལ་མི་འཐད་པའི་རྣམ་འགྱུར་སྟོན་པ་ཡིན་ཏེ།ཁོ་ཚོས་ནི་འགལ་བ་གང་ཞིག་ཇེ་ཆེར་བཏང་ནས་མི་རྣམས་ལ་དཀྲོགས་གཏམ་བཟོས་ཤིང་།ལྷག་བསམ་ཅན་གྱི་མི་དག་གི་དབར་ལ་བསམ་ནས་འགལ་བ་བཟོ་བ་སྟེ།མཐར་ན་སུ་དང་གང་ཕན་ཚུན་ལ་མ་མཐུན་ཞིང་མི་རྟོན་པར་འགལ་བ་ལྟག་སྤྲོད་དུ་གྱུར་ནས་ཕན་ཚུན་ལ་ཞེ་སྡང་བ་དང་འཁོན་སེམས་པ་ཞིག་འོངས་ན་བསམ་བཞིན་ཡོད་མོད་ཁོ་བོ་ཅག་ནི་དེ་ལྟ་རང་མ་ཡིན་པར།ཕན་ཚུན་ལ་བརྩི་བཀུར་དང་མཛའ་བརྩེས་ཁེངས་ཡོད།
                                  ༢
    སྐྱབས་ཆེན་གྱིས་བོད་ཀྱི་སློབ་གསོ་ལ་ཕམ་ཁ་རྨང་ནས་ཉོས་འདུག་ཅེས་བཤད་པ་ནི་ཅི་འདྲའི་བདེན་ཨང་།ང་རང་ནི་ཕམ་ཁ་ཉོས་ཟིན་པའི་སློབ་གསོ་དེས་སྐྱེད་ཅིང་ཕྱིར་ཐོན་ལ་ཉེ་བའི་མི་དེ་ཡིན་ཞིང་།ང་དང་ངའི་འགྲམ་གྱི་མི་རྣམས་ནི་སྤྱི་ཚོགས་ལ་མཁོ་བའི་མི་སྣ་རུ་སྐྱེད་སྲིང་བྱ་དགོས་པར་བསྙད་བཏགས་ནས་ལོ་ངོ་བཅུ་དྲུག་གི་རིང་ལ་སློབ་གསོའི་འོ་མ་འཐུང་ཡང་།ད་ལྟ་མི་རེ་རེ་སྤྱི་ཚོགས་ལ་འཇིགས་ཤིང་དེར་ཞུགས་མི་སྤོབས་པའི་བློ་ཡིས་ཡང་ཡང་ཆང་ཁང་དུ་ར་བཟི་བ་མཐོང་ན།བོད་ཀྱི་མི་རབས་གསར་བའི་སློབ་གསོར་རྨང་ནས་ཕན་ཁ་ཉོས་འདུག་པའི་ཚོར་བ་དེ་ཡང་བསྐྱར་བདག་གི་ཡ་ཆུང་ལ་ལན་ཅིག་མ་ཡིན་པར་བྱུང་།ངས་ནམ་རྒྱུན་སློབ་གསོ་ནི་བདེ་ཐང་ཞིག་ཡིན་དགོས་བསམ་ཞིང་།སློབ་གསོ་གཏོང་མཁན་གྱི་དགེ་རྒན་དག་ནི་མིའི་རིགས་ཀྱི་ཆེས་བདེ་ཐང་གི་མི་དག་ཡིན་དགོས་ཏེ།དེ་ནི་གཙོ་བོ་ནང་སེམས་ནག་ནོག་གིས་མ་གོས་པར་མིའི་རིགས་ཀྱི་རྣམ་ཤེས་ལ་ཅིག་ཅར་དུ་ཡིད་མོས་ཤིང་གུས་པ་ཞིག་ཡིན་འོས་པར་འདོད་མོད།བོད་ཀྱི་དམའ་རིམ་སློབ་གསོའི་དགེ་རྒན་དག་ཕར་ཞོག།ཐ་ན་མཐོ་རིམ་སློབ་གསོ་རུ་ཁ་འཆམ་པའི་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དག་ཀྱང་སློབ་གསོ་ཞེས་པའི་བརྡ་དོན་འདི་ལ་ཆ་རྒྱུས་སྤུ་ཙམ་ཡང་མེད་པའི་མི་སེམས་ལ་དུག་གི་ཚེར་མ་སྐྱེས་ཡོད་པ་འགའ་ཞིག་ཡིན་ཏེ།ཁོ་ཚོ་རེ་རེ་ནི་གླ་ཕོག་དེ་ཙམ་དང་རྐུབ་སྟེགས་དེ་ཙམ་ལ་ཆགས་ནས་ངེས་པ་དོན་གྱི་ཤེས་ཡོན་པའི་སྙིང་སྟོབས་ཕྱིར་བསྐྱེད་པ་ལ་ནུས་པ་ཏིལ་གྱི་འབྲུ་ཙམ་ཡང་ཐོན་གྱིན་མེད་པས་ན།ང་རང་དེ་དག་ལ་ཞེ་ཤིན་ཏུ་སྡང་ཞིང་ཡིད་རབ་ཏུ་ཆད་ཡོད།
   ཉེ་སྔོན་གྲོགས་ཞོགས་ལྗང་གི་ཟིན་བྲིས་སུ་བརྙན་རིས་ཐུང་ངུ་ཞིག་མཐོང་།དེ་ནི་ལོ་བཅུ་གཉིས་ཅན་གྱི་བུ་མོ་ཞིག་གིས་མཉམ་འབྲེལ་རྒྱལ་ཚོགས་སུ་གཏམ་བཤད་གནང་བའི་སྐོར་ཡིན་འདུག་སྟེ།བརྙན་རིས་དེས་ང་ལ་ཡང་བསྐྱར་ནུབ་གླིང་ཞེས་པའི་རྒྱལ་ཁམས་འདི་ངོ་ཤེས་སུ་བཅུག་སོང་།དེ་ཡང་གཅིག་ན་བུ་མོ་ཆུང་ཆུང་དེ་ལྟ་བུ་ཞིག་གིས་གཏམ་བཤད་པའི་སྐབས་སུ་ངོ་གནོང་བ་དང་བག་འཁུམས་པ་སོགས་མི་འབྱུང་བར།རང་ཉིད་ཀྱིས་བརྗོད་ཀྱིན་པའི་སྐད་ཆ་རེ་རེར་ཡིད་ཆེས་དང་ཕོ་ཚོད་ཀྱིས་རབ་ཏུ་བརྟས་ཤིང་།ཚིག་འབྲི་རེ་རེ་གསལ་ཅིང་དོན་ལ་རྣོ་དབལ་དང་ལྡན་པ་དེས་ཞི་བདེ་རྒྱ་མཚོའི་ཕ་རོལ་གྱི་ས་ཆེན་དེའི་པང་དུ་སྤེལ་གྱིན་པའི་སློབ་གསོ་ནི་ཞི་བདེ་རྒྱ་མཚོའི་ཚུར་རོལ་གྱི་རང་ཅག་གིས་མྱོང་གིན་པའི་སློབ་གསོ་དང་རྨང་ནས་མི་འདྲ་བ་ཧ་གོ་ལ།དེ་བཞིན་དུ་མི་རྒན་དག་གིས་ནི་བུ་མོ་ཆུང་ཆུང་དེ་འདྲ་བ་ལའང་གཏམ་བཤད་ཀྱི་སྟེགས་བུ་གཡར་ཞིང་།ཧ་ཅང་གཟབ་ནན་གྱིས་ཉན་ཚུལ་གྱིས།ངས་དེ་ནི་རང་ཅག་གི་མི་རྒན་དག་དང་ལྡབ་འགྱུར་གྱིས་འཕགས་པའི་མི་རྒན་ཤེས་རབ་ཅན་སྐོར་ཞིག་ཡིན་པ་གསལ་བོར་རྟོགས།
   བོད་ཀྱི་རྒན་པ་དག་གིས་ནི་བུ་མོ་ཆུང་ཆུང་ལོ་བཅུ་གཉིས་ཅན་ཞིག་གི་སྨྲ་བརྗོད་ལ་རྣ་བ་གཡར་རྒྱུ་ནི་ཕར་ཞོག།ཐ་ན་ལང་ཚོ་དར་ལ་བབས་པའི་ན་གཞོན་གྱི་སྡེའང་གྲགས་མེད་འགུལ་མེད་དུ་གཏོང་འདོད་ཀྱི་ཕུགས་བསམ་རླབས་པོ་ཆེ་དེ་ཡིས།ནུབ་བྱང་མི་རིགས་སློབ་ཆེན་དུ་རང་མོས་གླེང་སྟེགས་བཀག་ནས་ལོ་ངོ་གསུམ་ལྷག་འགོར་བ་དང་།དེའི་རིང་ལ་འཆད་ཁྲིད་ཡང་གཞུང་ཕྱོགས་དང་འབྲེལ་བ་རེ་གཉིས་ཤིག་མ་གཏོགས་སྤེལ་མ་བཅུག་པར་ལོ་ཟླ་འཁོར་མོ་འགོར།ཡིན་ནའང་དེ་ལ་སེམས་ཁུར་དང་དོ་ཁུར་བྱེད་མཁན་གྱི་མི་ག་ཚོད་ཅིག་བྱུང་མྱོང་།དེ་ལ་ངོ་རྒོལ་དང་མི་འཁུར་བའི་རྣམ་འགྱུར་སྟོན་མྱོང་མཁན་ཡང་ག་ཚོད་ཅིག་བྱུང་མྱོང་།ཐ་ན་བོད་ཀྱི་མཁས་པ་ཆེན་པོར་མཚན་གསོལ་བའི་སྐུ་ཞབས་དོར་ཞི་ལགས་ཀྱིས་ཀྱང་།བོད་ཀྱི་མི་རབས་གསར་བ་འདིའི་བསམ་བློའི་འཕེལ་འགྲིབ་དང་གོལ་ཉེས་ལ་དོ་ཁུར་དང་ག་འདྲ་ཞིག་གནང་མྱོང་།
སྐབས་འདིར་ངས་པེ་ཅིན་མཁར་གྲོང་དུ་སྡོད་པའི་ཁེར་རྐྱང་གི་བསམ་བློའི་འགྲུལ་བཞུད་པ་དེ་དྲན་ཡོང་།ཁོའི་མིང་ལ་ཆེན་ལི་ཆོན་ཟེར།ཁོ་པེ་ཅིན་སློབ་ཆེན་ནས་ལས་འཁྱུར་ངལ་གསོ་བྱས་ཏེ་ལོ་འགའ་ཞིག་འགོར་ནའང་།ནམ་རྒྱུན་ཕྱོགས་ཡར་མར་གྱི་སློབ་གྲྭ་སོ་སོར་རྒྱུ་ཞིང་།གང་དུ་སོང་བ་དེ་ནས་དགེ་སློབ་ཀུན་ལ་མཆད་ཁྲིད་དང་བསམ་བློ་བརྗེ་རེས་གནང་།དེའི་སྐོར་གྱི་རྩོམ་ཡིག་ནི་ཚགས་ཤོག་དང་དུས་དེབ་ཏུ་སྤེལ།དཔེ་དེབ་ཏུ་བཅས་ནས་པར་དུ་བསྐྲུན།རང་གིས་བསྐྱངས་ཟིན་པའི་སློབ་བུ་དག་ཀྱང་སྔར་བཞིན་གྲོགས་པོ་དང་འདྲ་བར་ཐིགས་ལ་ཉེ་བར་བཟུང་།ཁོ་ཚོའི་མུ་མཐུད་ཀྱི་ནར་སོན་ལ་རབ་འདེགས་དང་རོགས་སྐུལ་བྱས།
བོད་དུ་སློབ་གསོ་བ་དེ་འདྲ་ག་ཙམ་ཞིག་ཡོད་དམ།
                             ༣
   ངས་སྐྱབས་ཆེན་ལགས་ནས་བཤད་པའི་སྐད་ཆ་གང་ཞིག་སེམས་ལ་ཡང་ཡང་དྲན་ཞིང་།དེ་ལས་སྐུ་ཞབས་མེ་ལྕེ་ལགས་ཀྱིས་དགེ་ཆོས་དུས་དྲན་གྱི་ཉིན་དེར་བཤད་པའི་སྐད་ཆ་ཞིག་ཀྱང་ཡང་དང་ཡང་དུ་དྲན་བྱུང་།དེ་ཡང་སྐྱབས་ཆེན་གྱིས་ངས་ནི་རང་ཉིས་དུས་གཏན་དུ་ཁེར་རྐྱང་གི་བསམ་བློའི་འགྲུལ་བཞུད་པ་ཞིག་ཡིན་པར་འདོད་ཡོད་ཅེས་བཤད་པ་དེ་ཡིན་ལ།སྐད་ཆ་དེས་ནི་ང་རང་སྐུ་ཞབས་སྐྱབས་ཆེན་ལགས་དང་སེམས་པ་ཐག་ཚད་ཅིག་གིས་ཉེ་བར་བཅར་སོང་།དེ་ཡང་སྐུ་ཞབས་མེ་ལྕེ་ལགས་ཀྱིས་བཤད་མྱོང་དེ།བོད་དུ་ངེས་པ་དོན་གྱི་ང་རྒྱལ་ཅན་ཡོད་མྱོང་ལ།ང་རྒྱལ་དེ་མ་གསང་མ་སྦས་པར་ཕྱི་ལ་མངོན་མྱོང་བའི་བོད་ཀྱི་མཁས་པ་ནི་གསུམ་སྟེ།དང་པོ་ནི་ས་པན་སྟེ།ཁོང་གི་ང་བརྒྱད་མ་དང་།གཉིས་པ་ནི་དགེ་ཆོས་སྟེ།ཁོང་གིས།རོ་དང་མཚུངས་པའི་ལུས་པོ་འདི།།ག་དུས་ཤི་ཡང་མི་འགྱོད་སྟེ།གསེར་དང་མཚུངས་པའི་རྣམ་དཔྱོད་འདི།།མཉམ་དུ་ཤི་ན་ཤིན་ཏུ་ཕངས།།ལ་སོགས་པ་དང་།གསུམ་པ་ནི་རང་གྲོལ་ཡིན་པར་བཤད།ཡིན་ནའང་སྐུ་ཞབས་མེ་ལྕེ་ལགས་ཀྱིས་ནོར་སོང་བ་ནི།ད་དུང་སྐུ་ཞབས་སྐྱབས་ཆེན་མ་མཐོང་བ་ཡིན་ཏེ།ཁོང་ནི་རང་གི་རིག་པ་ལ་ཡིད་ཆེས་པའི་མི་རབས་བཞི་བ་སྟེ།རང་གི་དཔྱོད་ཤེས་ཀྱིས་འཇིག་རྟེན་གནས་ལུགས་འཚོལ་བ་ལ་སེམས་དཔའ་ཞིང་ཕོ་ཚོད་ཀྱི་གདེང་བ་དེ་ནི་ཁོང་གི་མི་གཤིས་ཀྱི་མཛེས་པ་དེ་ཡང་ཡིན་པར་གདོན་མི་ཟ།༼ངས་བཤད་པའི་སྐད་ཆ་འདི་དག་ལ་ཟུར་ཟའི་དོན་སྙིང་ནི་བ་སྤུའི་རྩེ་མོ་ཙམ་ཡང་མེད་དེ།རིག་པ་ཤིན་ཏུ་རྣོ་བ་དག་གིས་གོ་བ་ལོག་ཏུ་མི་ལེན་པར་གྱིས༽
    སྐབས་ལ་ལར་སྐྱབས་ཆེན་གྱི་ཁ་ཕོ་དང་ཁྲེལ་དགོད་ལ་ཡིད་མི་དགའ་བ་འབྱུང་ནའང་།སེམས་རྣལ་ལ་ཕབ་ནས་བསམ་གཞིགས་བཏང་ཚེ།སྐྱབས་ཆེན་ཡང་ཉམ་ཆུང་དང་ཁེར་རྐྱང་གི་རིགས་དེ་ཡིན་ལ།ངག་མི་སྨྲ་བ་མང་ཤས་ཀྱི་ནང་གསེས་ཡིན་པའང་རྟོགས།མ་ཟད་ཁོ་དང་ང་ཚོ་རེ་རེ་ཉེས་མེད་ཀྱི་རིགས་དེ་ཡིན་པ་ཧ་གོ་ལ།ལུང་གསུམ་གྱི་མདོ་ནས་རྐང་ཐང་གིས་གཙང་བོ་བརྒལ་མཁན་གྱི་ཨ་སྐྱོ་བ་ཆེས་མཐའ་མ་དག་ཡིན་པའང་རྟོགས།
                                         ༤
   དེ་ལྟ་ནའང་།སྐྱབས་ཆེན་ལགས་ཀྱིས་གསར་རྙིང་ཞེས་གསལ་བོ་ཞིག་བཤད་པ་དེར་བདག་ནི་སྔར་བཞིན་འཐད་པ་མ་བྱུང་།དེ་ཡང་མི་རེ་རེ་ལ་བསམ་ཕྱོགས་རེ་རེ་ཡོད་སྲིད་པ་ནི་གདོན་མི་ཟ་སྟེ།སྐུ་ཞབས་ཞོགས་དུང་དང་མེ་ལྕེ་སོགས་ཀྱིས་འཁོར་བ་བོ་ཞིག་དང་འཇིག་རྟེན་པ་ཞིག་གི་མིག་ཟུང་གིས་འཇིག་རྟེན་འདིར་བསམ་བློས་དཔུང་འདེགས་པ་ཡིན་ཏེ།སྐུ་ཞབས་སྐྱབས་ཆེན་གྱིས་ནི་སྒྱུ་རྩལ་པ་ཞིག་དང་ཆོས་ལུགས་སྣང་སྟོང་བ་ཞིག་གི་མིག་ཟུང་གཡར་ནས་འཇིག་རྟེན་གྱི་མྱ་ངན་ཐང་ལ་འཁྱམ་ཉུལ་གྱི་གོམ་པ་འདེགས་པ་ཡིན་ཏེ།དེ་ནི་དོན་གྱིས་གཏན་ནས་འདྲ་མི་སྲིད་པའི་མིག་ཟུང་གཉིས་རེད།
    ང་ནི་མིག་ཟུང་སྔ་མ་དེའི་རྗེས་སུ་འགྲེང་མཁན་ཡིན་ལ།ཡང་ན་མིག་ཟུང་དེ་གཉིས་ཀྱི་གང་གི་རྗེས་ལ་ཡང་མི་འགྲེང་བར།རང་ཉིད་ཀྱི་ཤའི་མིག་ཟུང་འདི་ཙམ་གྱི་རྗེས་སུ་འགྲེང་ནས་ལམ་དུ་ཞུགས་མཁན་ཞིག་ཡིན་ཏེ།མདུན་ཕྱོགས་ནི་མཐའ་མི་མངོན་པའི་རྒྱ་མཚོ་ཆེན་པོའམ་ནམ་མཁའ་ལྟ་བུར་སོང་རུང་།ང་རང་སྔར་བཞིན་མགོ་སྒུར་ནས་རྩྭ་རྡུལ་གྱི་གསེབ་ཏུ་ཙོག་ཏེ་བསམ་བློ་གཏོང་བར་མོས་ཏེ།ཚེ་སྲོག་གི་ཆེས་མཐའ་མའི་དབུགས་རྒྱུ་དེ་རླུང་གིས་སྒུལ་དུས་ཀྱང་།འཁོར་བ་བོ་ཞིག་གི་ཤའི་མིག་ཟུང་གིས་རང་གི་འདས་ཟིན་པའི་མི་ཚེ་ཧྲིལ་བོར་བྱིལ་བྱིལ་གཏོང་བར་མོས།
སྤྱིར་ན་འདི་ལ་སྐད་ཆ་མང་པོ་ཞིག་བཤད་དགོས་པ་ལྟ་བུར་སྣང་མོད།དེ་སྔོན་གྱི་མཁས་པ་གཞན་དག་གི་དེབ་དང་གླེགས་བམ་ལས་བཤད་ཟིན་པས།ངས་འདིར་ཡིག་ཚོགས་ཀྱི་ངལ་བ་བསྟེན་པར་མི་འདོད་དེ།ལར་ན་ཡོད་ཚད་སྤྱི་ཚོགས་གཞི་གྲུབ་ཀྱི་སྟེང་ནས་བསམ་བློ་གཏོང་དགོས་པ་དང་།མིག་མདུན་དུ་ལྷག་པའི་གནད་དོན་དག་ལ་གདོང་གཏད་ནས།དེ་སེལ་ཐབས་ལ་འབད་པ་ནི་དོན་གྱི་ཤེས་ཡོན་ཅན་དང་འཁོར་བ་བོའི་རྒྱུ་འབྲས་བློ་མིག་གིས་བསླངས་པའི་སྙིང་སྟོབས་སྟེ།དཔེར་ན་སྐུ་ཞབས་སྐྱབས་ཆེན་གྱིས་ཀྱང་བོད་ཀྱི་སློབ་གསོར་ཕམ་ཁ་རེག་ཟིན་པའི་ཆོ་ངེ་འདོན་པ་དང་ཤུགས་རིང་འབྱིན་པ་ཙམ་མ་ཡིན་པར།གནད་དོན་གང་ཞིག་གཞི་གྲུབ་པ་རྟོགས་པ་ནས་དེ་ཇི་ལྟར་ཐག་གཅོད་པ་ལ་བསམ་གཞིགས་གཏོང་བ་དང་དཀའ་ལས་རྒྱག་པ་ནི་ཤིན་ཏུ་རབ་ཏུ་མཆོག་ཏུ་འདོད་དེ།དེ་ནི་ཁྱོད་ཚོ་མི་རབས་སྔ་མ་དག་གིས་སྒྲུབ་ནུས་པ་དེ་ཡིན་ལ།ང་ཚོ་མི་རབས་རྗེས་མ་དག་གིས་མཐོང་འདོད་པ་དེ་ཡང་ཡིན།
                           ༥
   ངས་འདི་རུ་ལྷག་བསམ་རྣམ་དག་གིས་བོད་ཀྱི་དྲ་བའི་རིག་གནས་ཀྱི་སྟེགས་བུ་ལ་ཁ་དབུགས་གཙང་མ་ཞིག་ཆགས་ཐུབ་པའི་རེ་བ་ཆེན་པོར་བཅིངས་ཤིང་།དྲ་འབུ་དག་གིས་མི་གཞི་དམའ་འབེབ་ཀྱི་ཚིག་རྩུབ་དག་དོར་ནས་གནས་ལུགས་ཀྱི་སྐད་ཆ་རེ་གཉིས་བཤད་ཨེ་ཡོང་ལ་རེ་བ་མི་དམན་པ་བཅིངས་ཡོད།ལར་ན་མི་རྣམས་བག་འཁུམས་འཁུམས་དང་གཉའ་ལྷེམ་ལྷེམ་གྱིས་བྲན་གཡོག་གི་རྟུལ་ཞུགས་ཀྱིས་སུ་དང་གང་ལའང་ལེགས་སོ་ཞེས་འཛུམ་དང་སོ་དཀར་ཁོ་ན་སྟོན་པ་ལ་སྐུལ་བ་ཡང་མིན་ཏེ།དོན་གྱི་གནས་ལུགས་དང་བདེན་པའི་སྙིང་སྟོབས་ཀྱིས་ཕྱུག་པའི་བརྩམས་ཆོས་དག་ནི་ཚ་དབལ་གྱི་མེ་དང་རྣོ་དབལ་གྱི་ལྕགས་ལྟར་ང་ཚོའི་མིག་མདུན་དུ་བསྟར་རྒྱུ་བྱུང་ཐུབ་པའི་རེ་བ་ཡང་གོང་གི་རེ་བ་དང་འདྲ་བར་ཤིན་ཏུ་མི་ཆུང་བ་ཡིན།
                                                                                          2011-9-25
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དབྱེན་དཀྲུག་མཁན་དག་གི་སྙན་དུ།

2011-09-25 ཁ་བ་སྙིང་ལྕགས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།