བོད་པའི་གསར་བུ་ཞིག་གི་མིག་ཆུ་གླེང་བ།

                               ༡
  ང་རང་མིག་ཆུ་གླེང་རྒྱུར་དགའ་ལ་མིག་ཆུའི་ལོ་རྒྱུས་བཀླག་རྒྱུར་དེ་ལས་ཀྱང་དགའ།དེ་བས་དོ་དགོང་ཡང་མིག་ཆུ་མང་པོའི་རྒྱབ་ལྗོངས་བསློག་སྟེ།རང་ཉིད་དང་ཁ་ཐག་ཧ་ཅང་ཉེ་བའི་མིག་ཆུའི་འཚོ་བ་འགའ་ལ་ཕྱིར་དྲན་བྱེད་བཞིན་ཡོད།སྐབས་འདིར་ཏག་ཏག་ང་ཡི་འཇིག་རྟེན་ཡོད་ཚད་དཀར་གཙང་གཙང་རབ་དཀར་ཁ་བ་འདྲ་འདྲའི་བྱམས་བརྩེ་དང་ལྷག་བསམ་གྱིས་བཀང་ཡོང་ལ་སྔོ་ལྗང་ལྗང་མཐའ་ཡས་སྤང་ཐང་ལྟ་བུའི་རེ་བ་ཡོད་ཆེས་ཀྱིས་ཁྱབ་སོང་།དེ་ནི་ན་ནིང་དོ་ཚིགས་ཀྱི་ལོ་འདི་ཚོ་ལ་ང་དང་ལས་དབང་བཙན་པོས་གཅིག་ལ་བསྡུས་ཤིང་།བརྩེ་བ་ཟབ་མོས་དམ་དུ་སྦྲེལ་བ།འཕྱི་ཐག་རིང་མོས་གཏན་དུ་འཚོས་པའི་དག་ཞིང་དུ་གཤེགས་པའི་རྒྱང་བཞུད་པ་དེ་དག་དྲན་པ་ལོས་ཡིན། ཁོ་ཚོ་ནི་མཐོ་བ་གནམ་ དང་བཙན་པོ་ཐོག ཕྱུག་པོ་ཀླུ་དང་མཛེས་པ་ལྷ། འཕྱོར་པོ་འཇའ་ཚོན་ལྟ་བུ་གང་གིས་ཀྱང་ཚབ་བྱེད་མི་ཐུབ་པའི་ང་ཡི་ཁོག་གི་སྙིང་དང་དཔྲལ་བའི་མིག་ལྟ་བུ་ཡིན་མོད།ད་ནི་སྔོན་བསགས་ལས་ཀྱི་དབང་གིས་འཇིག་རྟེན་དཀར་ངོགས་གཉིས་སུ་བཏང་བས་རང་ནུས་ཀྱིས་དཀར་ཆོས་རེ་བསྒྲུབས་རྒྱུ་ལས་བྱ་ཐབས་གཞན་མ་བྱུང་།
                                ༢
  འདི་ལྟར་མིག་ཆུ་གླེང་ནས་ཡོང་ཚེ་མང་པོ་ཞིག་གིས་ངོ་མ་ཁོམ་སོང་ནི་ཞིག་ཡིན་ཚོད་རེད་མིག་ཆུ་ཙམ་ལ་ཅི་ཞིག་བཤད་རྒྱུ་ཡོད་དམ་མི་ཟེར་བའི་ངེས་པ་མེད་ལ་ལྷག་པར་དུ་མགོ་ན་གནམ་དང་རྐང་འོག་ན་ས།རང་ཉིད་དེ་གཉིས་བར་གྱི་ཡོད་ཚད་ཡིན་པར་རློམ་པའི་སྣང་བ་བར་སྣང་ཁམས་དང་རྟོགས་པ་དམའ་མོ་སར་གྱུར་པའི་རང་རེའི་བོད་ཀྱི་སློབ་ཆེན་པ་འགའ་རེས་དགོད་མ་ཤེས་རིག་མ་ཐག་ཁོང་འཛུམ་ཤོར་བ་དང་། ཉན་ཡོང་ཚེ་གློ་རྡེག་ཏུ་མིག་ཆུ་མི་ཤོར་བའི་གདེང་ཚོད་ང་ལ་གཏན་ནས་མེད་མོད།སྙན་ངག་པ་ཞིག་གིས་བཤད་དང་ན་ཚང་མ་མིག་ཆུ་རེད་ཟེར་བ་ནང་བཞིན་མིག་ཆུ་ནི་ཡིད་ཀྱི་འགྱུར་བ་དྲག་ཏུ་རྩེན་པའི་སྐབས་སུ་བརྗོད་འདོད་པའི་སྣང་བརྙན་ཡོངས་རྫོགས་མཚོན་ཐུབ་པའི་ཐ་སྙད་གསོར་མོ་ཞིག་ཡིན་ལ་རྒྱལ་ཁབ་མི་འདྲ་བ་དང་མི་རིགས་མ་འདྲ་ན་མིག་ཆུ་ལ་འཛིན་པའི་ལྟ་སྟངས་མི་གཅིག་པས་ཨ་མའི་བུ་ལ་ཡོན་ཏན་ཡོད་ན་མིག་ཆུའི་ཤེས་བྱ་ཚར་རྒྱུ་མེད་ཟེར་རུང་མི་ཆོག་རྒྱུ་མེད་པའི་སྣང་བ་ཞིག་འཆར་བྱུང་། དེ་ལ་ཡང་དབྱིན་ཇུའི་རྩོམ་རིག་པ་དང་ཟློས་གར་པ་གྲགས་ཅན་ཤིག་སེ་ཕེར་གྱིས་བྱེ་རྡོག་གཅིག་ལས་འཇིག་རྟེན་མཐོང་ཅེས་གསུངས་པ་ལྟར་དེ་རིང་ང་ལ་མ་བཤད་རུང་ཚང་མ་མིག་ཆུ་ཡིན་པའི་ཚོར་བ་ཞིག་གིས་ཁྱབ་འདུག
                                 ༣
   མིག་ཆུ་ནི་སྡུག་བསྔལ་གྱི་རྒྱ་མཚོར་ལྷུང་དུས་ནང་སེམས་ཀྱི་འགྱུར་བ་ཅི་ཞིག་ཕྱི་ལ་ཐོན་པའི་མཚོན་རྟགས་ཤིག་ཡིན་ལ་དགའ་དད་སྤྲོ་གསུམ་གང་གི་ངོ་བོར་སོང་དུས་ཡང་མིག་ཆུ་ཡི་རྣམ་པས་ཤེས་ཐུབ་པའི་དེ་འདྲའི་སྣང་ཚུལ་ཁྱད་པར་ཅན་ཞིག་ཀྱང་རེད།ཐ་ན་གང་ཟག་གང་དེ་ཁོང་ཁྲོ་དང་ཞེ་སྡང་གི་མེ་ལྕེ་དྲག་ཏུ་མཆེད་པའི་སྐབས་སུ་ཡང་མིག་ཆུ་ཤོར་བའི་གནས་ཚུལ་ཧ་ཅང་མང་བས་མིག་ཆུ་ནི་ཚོར་བ་བདེ་སྡུག་བཏང་སྙོམས་གང་གི་བསྐྱེད་འབྲས་སུ་བྱུང་བ་བྱེད་པོ་བྱེ་བྲག་པ་སྒེར་རེ་རེ་ལ་ཐུག་འདུག་པས་ང་ཚོས་གཅིག་གྱུར་གྱིས་ཁ་ཚོན་གཅོད་རྒྱུ་དཀའ་མོ་ཡིན་ལ་ཡང་གཅིག་བཤད་ན་གོང་ནས་བཤད་པ་འདི་དག་ནི་སྤྱིར་བཏང་བའི་དབང་དུ་སོང་ནས་བཤད་པ་ཙམ་ཡིན་པ་ལས་མིག་ཆུའི་ཁྱབ་བྱེད་ཀུན་པོར་འཇུག་པའི་ངེས་པ་ག་ལ་ཡོད།མེད་དེ་མིག་ཆུ་ནི་ངེས་པར་དུ་མིག་ནས་མཆི་མ་འདོན་དགོས་པ་ཞིག་ཀྱང་གཏན་ནས་མ་ཡིན་ལ་ཡིན་ཀྱང་མི་སྲིད།མི་ལ་ལར་མཚོན་ན་གླུ་དབྱངས་ཤིག་གི་ཕྱི་ནང་བར་གསུམ་ལ་སེམས་ཀྱིས་མྱོང་རྒྱུ་ནི་མིག་ཆུ་འདོན་སྟངས་ཤིག་ཡིན་ལ།མི་ལ་ལའི་མིག་ཆུ་ནི་རི་མོ་ཞིག་གི་མཚོན་རིས་སྒྱུ་རྩལ་བར་ན་ཡོད་ཀྱང་སྲིད།ཡང་ཁ་ཤས་ཀྱི་མགོ་ཐོག་ལ་དོན་དག་ཅི་ཞིག་བྱུང་ཡང་རྩོམ་རིག་བརྩམས་ཆོས་རེ་འབྲི་ཐུབ་སོང་ཚེ་ཡོད་ཚད་ལ་གདོང་གིས་བསུ་ཐུབ་པས་དེ་དག་གི་མིག་ཆུ་ནི་ཡི་གེ་རེ་རེའི་བླ་སྲོག་ལ་སིམ་ནས་མེད་པའི་ངེས་པ་ཡང་ཡེ་ནས་མེད་པས་མིག་ཆུ་ནི་ཅི་དགར་མཚོན་ཆོག་པའི་སྒྱུ་རྩལ་གྱི་བདེན་པ་རྨ་མེད་པ་དེའང་ཡིན་སྲིད།
                               ༤
   རྒྱའི་སྲོལ་རྒྱུན་གྱི་དབང་དུ་བཤད་ན་སྟག་ཤ་རས་མིག་ཆུ་མི་གཏོང་ཟེར་བའི་བཤད་སྲོལ་ཡོད་ལ་བོད་སྔ་མ་དག་གིས་ཀྱང་དོན་དག་ཆེ་ཆུང་ཐམས་ཅད་ལ་རང་དགར་མིག་ཆུ་གཏོང་བ་ནི་དེ་འདྲའི་ཡག་པོ་ཞིག་ལ་བརྩི་སྲོལ་གཏན་ནས་ཡོད་པ་མི་སྲིད་པས་མིག་ཆུའི་རྒྱབ་ལྗོངས་བསྙེག་ཡོང་ན་དེ་ནི་རིག་གནས་ཤིག་དང་འདུ་ཤེས་འཛིན་སྟངས་ཤིག་ལ་རག་ལས་པ་ཤོར་ནས་རྟོགས་ཐུབ་མོད། མི་ནི་སྐྱེས་ཁམས་ཀྱི་དབང་དུ་བཤད་ན་རང་བྱུང་གི་ཐོན་རྫས་དང་སྤྱི་ཚོགས་ཀྱི་སྟབས་ཀྱིས་བཤད་ན་རིག་གནས་ཀྱི་ཐོན་རྫས་ཡིན་པས་དུས་རབས་ཉེར་གཅིག་པའི་ལོ་རབས་བརྒྱད་ཅུའི་དུས་མཇུག་ལ་བོད་པའི་ལུང་པ་ནས་སྐྱེས་ཤིང་ལོ་རབས་དགུ་བཅུ་བའི་དཀྱིལ་ནས་བཟུང་སློབ་གྲྭར་ཞུགས་པའི་བོད་པ་ང་ལྟ་བུར་མཚོན་ན་སློབ་གསོ་མྱོང་བའི་བརྒྱུད་རིམ་དང་སློབ་སྦྱོང་བྱས་པའི་འཚོ་བའི་ཁྲོད་ནས་མིག་ཆུ་ནི་ཆེས་སྤྱིར་བཏང་བ་ཞིག་དང་ཡང་ན་རྣམ་པ་གཞན་ཞིག་གི་ངོ་བོར་ཆགས་ཡོད་དེ།སྐབས་འགར་བརྩམས་ཆོས་ཤིག་གིས་ཀྱང་ང་ལ་མིག་ཆུ་ཤམ་ཤམ་བཞུར་དུ་འཇུག་ཐུབ་ལ་ལན་རེར་དོན་དག་གནམ་རྡིབ་པ་ལྟ་བུ་འགའ་རེས་ཀྱང་ང་ལ་མིག་ཆུ་སློང་ཐབས་གཏན་ནས་མ་བྱུང་བར་དེ་ལས་ལྡོག་སྟེ་སྔར་ལས་ལྷག་པར་རང་ཉིད་ལ་ཡིད་ཆེས་དང་སྤོབས་པ་བསྐྱེད་རུ་བཅུག་མྱོང་།མཚམས་རེར་ང་ཡི་མིག་ཆུ་ནི་འདས་སོང་གི་དོན་དག་གང་མང་ཞིག་ལ་ཕྱིར་དྲན་བྱས་ཏེ་དེའི་ཁྲོད་ནས་བསུབ་ཏུ་མེད་པའི་བྱ་བ་ཕྲན་ཚེགས་རེ་རེ་ལ་སེམས་ཀྱིས་མྱོང་ནས་བརྩེ་བ་དང་ཕྲག་དོགསྡུག་ཡུས་དང་སྨོན་སེམས།སྙིང་རྗེ་དང་གདུག་རྩུབ་ལ་སོགས་པའི་ཡིད་ཀྱི་འགྱུར་བ་སྣ་ཚོགས་དང་ལུས་ཀྱི་སྤྱོད་སྟངས་ཐམས་ཅད་སླར་ཡང་མེ་ལོང་དུ་གཟུགས་བརྙན་འཆར་བ་བཞིན་དྲན་ངོགས་ནས་ཡང་ཡང་བསྟན་རྗེས་གོམས་ལོབས་ཤིག་གི་རྐྱེན་གྱིས་དེ་དག་ཡོད་ཚད་ཡི་གེའི་ཕྲེང་བར་བསྟར་རྒྱུ་དེ་ཡིན།
                               ༥
   དེ་བས་ང་དང་རིང་དུ་གྱེས་སོང་བའི་བཀའ་དྲིན་གཞལ་དུ་མེད་པ།བརྩེ་བ་བརྗོད་དུ་་མེད་པ། བྱམས་བརྩེའི་བདག་ཉིད་ཅན་དེ་དག་རེ་རེ་ནས་བུད་སོང་བ་ནི་ང་ལ་མཚོན་ན་ཆེས་དང་ལེན་མི་ཕོད་པའི་སྡུག་བསྔལ་ཞིག་ཡིན་མོད།ང་ཡིས་ཨམ་ཚུགས་བསྡམས།ངར་ཤུགས་སློང་ནས། ད་དུང་སང་ཉིན་རེ་རེ་འཛུམ་མདངས་ཤིག་ཤིག་གིས་བསུ་བ་ནི་རང་ཉིད་ཀྱི་ལས་དབང་ལ་ཅོ་འདྲི་བྱེད་པ་ཞེས་པའི་དབྱིན་ཇུ་རྒྱལ་ཁབ་ཆེན་མོའི་ཚན་རིག་གི་ཨ་ཕ་ཧོ་ཅིན་གྱི་ཡོད་ཚད་གདོང་གིས་བསུ་ཐུབ་པའི་རྣམ་ཐར་དེ་དང་དེ་འདྲ་བའི་བརྩམས་ཆོས་རིན་ཐང་བྲལ་བ་འགའ་རེ་བསམ་པའི་གསོས་སུ་སོང་བ་དང་།ནང་བསྟན་ལས་འདུས་བྱས་ཐམས་ཅད་མི་རྟག་པའི་རང་བཞིན་དུ་གསུངས་བའི་འཇིག་རྟེན་གྱི་ཆོས་ཉིད་རྗེན་པར་མཐོང་བའི་གསུང་དེ་དག་ལ་ལེགས་པར་བརྟག་ཅིང་དཔྱད་ན་དེ་དག་ནི་དངོས་གནས་བསླུ་བ་མེད་པ་ཞིག་ཏུ་འཁུམས་པས་ང་ཚོས་མང་པོ་ཞིག་ལ་ངེས་ཤེས་ཟབ་མོ་རྙེད་ཐུབ་པས་ཀྱང་ཡིན།།དེར་མ་ཟད་ང་རང་ཉིད་ཀྱི་བསམ་བློ་གཏོང་སྟངས་ལྟར་ཡིན་ན་ཡོད་ཚད་ལ་འཇིག་པ་ཡོད་པས་ད་གཟོད་རིན་ཐང་ཡོད་པ་དང་སེམས་ཅན་ལ་འཆི་བ་ཡོད་པས་ང་ཚོའི་འཇིག་རྟེན་ལ་བརྩེ་བ་དང་བདེན་པ།མཛེས་པ་ལ་སོགས་འཚོ་བའི་སྲོག་ཏུ་གྱུར་བའི་ཐ་སྙད་ཀྱི་གདགས་གཞི་ཡོད་པར་བསམ་པས་མིག་ཆུའི་ཐིགས་པ་རེ་རེ་འདི་ལྟར་ཡི་གེའི་གཟུགས་ལ་བསྒྱུར་ཏེ།སླར་ཡང་རེ་བའི་ཉི་ཟེར་རྒྱང་རིང་ལ་གཏད་པའི་སྤོབས་པ་བཅངས་ནས་རང་ཉིད་ཀྱི་ཟིན་བྲིས་བརྡ་ཁྱབ་ཏུ་འཆི་བ་ཡོད་པས་ང་ཚོས་རང་ཉིད་འོད་དུ་སྤར་ཆོག་ཅེས་པའི་སྐད་ཆ་འདི་བྲིས་རྗེས་རྩོམ་ཡིག་འདི་འབྲི་མཚམས་འཇོག་འགོ་བརྩམ་པ་ཡིན་ལ་འདི་ཡང་ང་ཡི་མིག་ཆུ་བཞུར་སྟངས་ཤིག་མིན་ཞེས་བཤད་པའི་གཏམ་དེ་སུ་ལའང་སྨྲ་མ་ཕོད།
                                                                        2011-9-15

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བོད་པའི་གསར་བུ་ཞིག་གི་མིག་ཆུ་གླེང་བ།

2011-09-18 གསོམ་བུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།