འབྲོང་རྭ་སྐམ་པོ།

སེང་མགུལ་མ་ཎི་དོན་གྲུབ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-09-12

    སུ་ཚང་གི་མཚེར་ཤུལ་ལམ་གཙང་འགྲམ་གང་རུང་ན་ལུས་པའི་བེམ་ཤེས་ཟུང་འཇུག་གམ་འདུས་བྱས་ཀྱི་སྙིང་བོ།འབྲོང་ཁྱུ་དང་བྲལ་བའི་མི་ལོ་དུ་མའི་སྔོན་གྱི་བུ་ཡུག་འཚུབ་པའི་མཚན་མོ་དེར།ཁྱོད་ཀྱིས་མཐའ་འཇུག་གི་བྱང་ཐང་དེ་བསྐྱུར་ནས་ཅེ་སྤྱང་གི་ངུ་ཟུག་འཆའ་བའི་རི་ཚོགས་ནས་ག་ལེར་བཞུད།བྱང་ཐང་དང་གངས་ཁྲོད་ཀྱི་གནམ་ས་ཁྲག་གིས་སྦགས་ཤུལ་ན་ཁྱོད་ཀྱིས་མིག་ཟུང་ཀླད་ལ་འཁོར་ནས་དགུ་ཚིགས་ཀྱི་གཙང་བོ་དེ་སང་ནངས་མོ་འབྲོང་བརྒྱ་བཤར་སའི་རྫ་སྐེད་ཀྱི་རྒྱུ་ལམ་དེ་ཨེ་ཡིན་ལ་ཡང་ཡང་ཞིབ་ཏུ་བལྟས།
     ཡ་ཐོག་འཚོ་བའི་གཉའ་ཁྲི་མིང་ཅན་གྱི་དམུ་རྒོད་དེས་ཁྱོད་ཀྱི་ལས་དབང་དེ་རྫ་རི་དང་གངས་ཁྲོད་ཀྱི་བགོ་བསྐལ་དུ་བསྩལ་རྗེས།ཁྱོད་ཀྱི་རྨུག་པས་གོར་མ་རྡོ་ཡི་བཟོད་ལྟ་བཅོམ་སྟེ་གངས་ཁྲོད་ཀྱི་སེམས་ཅན་དེ་དག་གི་བདེ་སྡུག་རྭ་རྩེ་ནས་ཉར།གངས་རི་ཉིལ་བ་མ་ཡིན་ལ།སྤངས་ཐང་ཟད་པ་མ་ཡིན།གཙང་བོ་སྐམ་པ་དེ་བས་ཀྱང་མ་ཡིན་མོད།ཁྱོད་ཀྱི་ལས་དང་བསོད་ནམས་ཀྱི་མཐའ་ཟད་དེ་ཞགས་ནག་གི་གཤེད་མ་མངོན་དུ་གྱུར་བ་ནས་ཁྱོད་རང་ཚེ་འདི་དང་ཕྱི་མ་གང་རུང་གི་ལྷ་སྒྲུང་གི་ཚུལ་གྱིས་ངེད་ཅག་གི་སེམས་སུ་འཛུམ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འབྲོང་རྭ་སྐམ་པོ།

2011-09-12 སེང་མགུལ་མ་ཎི་དོན་གྲུབ། ཀློག་གྲངས། མཆན ཡོད།

    སུ་ཚང་གི་མཚེར་ཤུལ་ལམ་གཙང་འགྲམ་གང་རུང་ན་ལུས་པའི་བེམ་ཤེས་ཟུང་འཇུག་གམ་འདུས་བྱས་ཀྱི་སྙིང་བོ།འབྲོང་ཁྱུ་དང་བྲལ་བའི་མི་ལོ་དུ་མའི་སྔོན་གྱི་བུ་ཡུག་འཚུབ་པའི་མཚན་མོ་དེར།ཁྱོད་ཀྱིས་མཐའ་འཇུག་གི་བྱང་ཐང་དེ་བསྐྱུར་ནས་ཅེ་སྤྱང་གི་ངུ་ཟུག་འཆའ་བའི་རི་ཚོགས་ནས་ག་ལེར་བཞུད།བྱང་ཐང་དང་གངས་ཁྲོད་ཀྱི་གནམ་ས་ཁྲག་གིས་སྦགས་ཤུལ་ན་ཁྱོད་ཀྱིས་མིག་ཟུང་ཀླད་ལ་འཁོར་ནས་དགུ་ཚིགས་ཀྱི་གཙང་བོ་དེ་སང་ནངས་མོ་འབྲོང་བརྒྱ་བཤར་སའི་རྫ་སྐེད་ཀྱི་རྒྱུ་ལམ་དེ་ཨེ་ཡིན་ལ་ཡང་ཡང་ཞིབ་ཏུ་བལྟས།
     ཡ་ཐོག་འཚོ་བའི་གཉའ་ཁྲི་མིང་ཅན་གྱི་དམུ་རྒོད་དེས་ཁྱོད་ཀྱི་ལས་དབང་དེ་རྫ་རི་དང་གངས་ཁྲོད་ཀྱི་བགོ་བསྐལ་དུ་བསྩལ་རྗེས།ཁྱོད་ཀྱི་རྨུག་པས་གོར་མ་རྡོ་ཡི་བཟོད་ལྟ་བཅོམ་སྟེ་གངས་ཁྲོད་ཀྱི་སེམས་ཅན་དེ་དག་གི་བདེ་སྡུག་རྭ་རྩེ་ནས་ཉར།གངས་རི་ཉིལ་བ་མ་ཡིན་ལ།སྤངས་ཐང་ཟད་པ་མ་ཡིན།གཙང་བོ་སྐམ་པ་དེ་བས་ཀྱང་མ་ཡིན་མོད།ཁྱོད་ཀྱི་ལས་དང་བསོད་ནམས་ཀྱི་མཐའ་ཟད་དེ་ཞགས་ནག་གི་གཤེད་མ་མངོན་དུ་གྱུར་བ་ནས་ཁྱོད་རང་ཚེ་འདི་དང་ཕྱི་མ་གང་རུང་གི་ལྷ་སྒྲུང་གི་ཚུལ་གྱིས་ངེད་ཅག་གི་སེམས་སུ་འཛུམ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།