སྲོང་བཙན་སྒམ་པོ།

                     སྐར་མ་སྨེ་བདུན་ལས་ཁྱེད་ཉིད་བཞུར་དུས་མངར་སྐྱུར་ཁ་གསུམ་གྱི་སྐར་མདའ་རེ་རེ་མཁའ་དབྱིངས་ལས་ཐོན་ཞིང་།ཕྱིར་མཁའ་དབྱིངས་ལ་ཐིམ་འགྲོ།
                                                                                                                                                           
____སྔོན་འགྲོའི་རོལ་དབྱངས།
                                               ༡
  ཕོ་བྲང་བྱམས་པ་མི་འགྱུར་གླིང་གི་སྒེའུ་ཁུང་ལས་མཆེད་པའི་ཁྱེད་ཀྱི་ངུ་ངག་གི་དབྱངས་རྟ་གསར་བ།ཡར་ཀླུང་གཙང་བོའི་བཞུར་སྒྲ་དང་བསྡོངས་ཏེ་མཐོ་སྒང་འདིར་ཆེས་ཐོག་མར་ཡིད་ཆེས་དང་སྤོབས་པས་འཕྱོ་དུས།བོད་རྒན་དར་གཞོན་གསུམ་གྱིས་སྤྲོ་དགའི་འཛུམ་མདངས་བཅོས་མིན་དུ་མངོན་བཞིན།ལེགས་སྐྱེས་དང་བསྟོད་ཚིག་གི་མེ་ཏོག་མང་བོ་ཁྱོད་ལ་གཏོར།འདི་ནི་ཡབ་གནམ་རི་སྲོང་བཙན་དང་ཡུམ་འབྲི་བཟའ་ཐོད་དཀར་གཉིས་ཀྱི་རྟོག་ལྗོངས་ལ་རེ་འདུན་གྱི་མྱུ་གུ་འབུས་པའི་ཉིན་མོ་རེད་ཅེས་ཀྱང་བརྗོད་ཆོག་གོ།
                                              ༢
   རིམ་བཞིན་ལང་ཚོའི་མེ་ཏོག་ལ་གསོན་ཤུགས་རྒྱས་དུས།རྟོགས་སད་ཀྱི་ཀི་སྒྲ་དང་།རྟ་ཕོའི་རྨིག་སྒྲས།སྟོད་ཞང་ཞུང་།བར་དབུས་གཙང་།སྨད་སུམ་པ།ད་དུང་བལ་བོ་དང་རྒྱ་ནག་སོགས་ཨེ་ཤ་ཡའི་ས་ཆེན་ཡོམ་ཡོམ་དུ་བསྒུལ་ཏེ།ཁྱེད་ཀྱིས་འཇིག་རྟེན་གྱི་ཡུལ་གྲུ་རེ་རེར་བཀའ་གསུང་གསེར་ནག་གི་ཅོད་པན་གྱིས་ཁྱབ་པར་བྱས་ཤིང་།ལྷིང་འཇགས་ཀྱི་ཉི་ཟླ་སྐར་གསུམ་ལ་སྙན་འཇེབས་ཀྱི་རོལ་མོ་དཀྲོལ།འཚོལ་སྙེགས་དང་ཕུགས་འདུན་རིང་མོའི་གོམ་སྟབས་ཡར་ཀླུང་ནས་ཆས་ཏེ།དམར་བོའི་རི་ལ་མཛེས་སྡུག་གི་ཕོ་བྲང་བསྐྲུན་ཅིང་།རྒྱལ་ས་ལྷ་སར་སྤོས་པའི་དགའ་བ་བརྒྱད་ལྡན་གྱི་རྫོགས་ལྡན་བསུ་བའི་ཉིན་མོ་ནས་བཟུང་།?ོད་ཆེན་པོའི་སྲིད་དབང་དངོས་སུ་གོ་ལའི་སྒལ་གཞུང་དུ་བརྟན་བརླིང་གིས་འགྱིང་སྐད།
                                               ༣
   ཁྲི་སྲོང་བཙན་ཏེ་སྲོང་བཙན་སྒམ་པོ། ཁྱེད་ཀྱིས་སྟག་ཤར་གཞོན་ནུའི་རྩལ་དྲུག་ལུས་ལ་ཚང་ཞིང་།དྲང་བདེན་དང་སྤོབས་པ་སྙིང་ཁོང་ན་འཕྱུར་བའི་གདོང་དམར་བའི་བུ་རྒོད་ཚོ།དབུ་རུ་དང་གཡོ་རུ།གཡས་རུ་དང་རུ་ལགསུམ་པའི་རུ་བཅས་སྔར་མེད་དམག་ཁག་ལྔའི་སྒྲིག་གཞི་ཕུན་སུམ་ཚོགས་པོ།ས་ཆེན་པོའི་བྲང་གཞུང་དུ་བཀོད་པ་ནི་སྤྲིན་ནག་སྟུག་པོས་ས་ཆེན་བཀབ་འདྲའི་ཟིལ་ཤུགས་ལྡན།ད་དུང་དམག་ཁག་རེ་རེར་དམག་དཔོན་ཆེ་འབྲིང་ཆུང་གསུམ།ཁྲི་དཔོན།སྟོང་དཔོན།བརྒྱ་དཔོན་སོགས་རྗེ་ལ་བློ་དཀར་ཞིང་།གཏན་དུ་གློ་བ་རིངས་པར་མི་བྱེད་པའི་བློན་ཚོགས།ཡུལ་གྱི་དབང་རིས་བཅོ་བརྒྱད།སྟོང་སྡེ་དྲུག་ཅུ་རེ་གཅ?གདཔའ་བའི་སྡེ་གསུམ།རྩེ་བཅུ་གསུམ་སོགས་ཀྱི་སྟག་ཤར་གཞོན་ནུའི་སྲ་མཁྲེགས་ཀྱི་ཀི་སྒྲའི་གསེབ་ནས།གཏུམ་དྲག་དཔའ་བོའི་སྙིང་རྩ་འདར་བྱེད་པའི།གདོང་དམར་དམག་གི་ཀི་སྒྲ་གསན་པ་ན།གནམ་གྱིས་བསྐོས་པའི་ས་ཡི་ཚངས་པ་ཡང་།གཡོ་མེད་གསེར་གྱི་ཁྲི་ལས་བཤོལ་ཏེ་བྲོས།ཞེས་པའི་ཚིག་རྐང་འདི་དག་དེ་རིང་ཡང་ངའི་རྟོག་ལྗོངས་ཡངས་པོར།ཆེས་གསོན་ཉམས་དང་རིན་ཐང་ལྡན་པའི་མེ་ལྕེ་བཞིན་མཆེད་འོང་།
                                                   ༤
   ཁྲི་ལྡེ་སྲོང་བཙན་ཏེ་སྲོང་བཙན་སྒམ་པོ།བཟོ་རིག་གི་སྒྱུ་རྩལ་སྟོང་ལས་གྲུབ་པའི་ཕོ་བྲང་དམར་བོའི་རྒྱ་ཕིབས་དང་རྩིག་ངོས་ཐེམ་སྐས་གང་ཞིག་ན།དགུང་བློན་དང་།ནང་བློན།བཀའ་བློན།ཁབ་ཀྱི་དཔོན་བདུན་སོགས་ཞི་དྲག་བློན་པོ་རབ་འབྲིང་ཐ་གསུམ་ངེད་ཚང་གི་སྲིད་འབྱོར་རིག་གསུམ་གྱི་ཆེད་དུ།དཔའ་ངར་དང་སྙིང་སྟོབས།རིགས་ཞེན་དང་ལ་རྒྱས་འཕྱོ་བཞིན་པའི་རྦ་རླབས་དེའོ།མཆོད་སྟེགས་དང་གསེར་འོད་འཁྱིལ་བའི་འགྱུར་མེད་སྲ་བརྟན་གྱི་ཕ་བོང་ཚོའི་སྟེང་གི་ཡིག་ཚང་དང་།གསེར་དངུལ་ཟངས་ལྕགས།མུ་མེན།ཤིང་སྐྱ་ཆུ་རིས་བྱ་བ་སོགས་ཐམ་ག་རིགས་མི་འདྲ་བ་བཅུ་གཉིས་ཙམ་གྱི་གྲུ་ཟུར་གང་རུང་རེ་ནས།?ོ་ཚོའི་ཐུན་མིན་གྱི་ཁྱད་ཆོས་དང་ཐོབ་ཐང་གི་སྒེར་ཚུགས་གསལ་སྲིད།
                                                    ༥
      རྗེ་བཙུན་ཏེ་སྲོང་བཙན་སྒམ་པོ།དབུལ་ཕྱུག་དང་མཐོ་དམན།བདེ་སྡུག་དང་བཙན་གཉོམ་སོགས་ཡོད་ཚད་ཆ་མི་སྙོམས་པའི་འཇིག་རྟེན་འདིར།མདུན་ལྗོངས་ཀྱི་འཚོ་བ་གསར་བའི་སྤང་ཐང་ལ་རང་བདེ་གཞན་སྐྱིད་ཀྱི་ལྗང་མྱུག་འབུས་ཕྱིར།དགེ་བཅུའི་ཁྲིམས་དང་།མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས།ཁྲིམས་ཆེན་བདུན།ཁྲི་རྩེ་འབུམ་བཞེར་གྱི་ཁྲིམས།གསེར་ཏོག་ཤ་བ་ཅན་གྱི་ཁྲིམས།རྒྱལ་ཁབ་དཔེར་བླངས་ཀྱི་ཁྲིམས།མདོ་ལོན་ཞུ་བཅད་ཀྱི་ཁྲིམས།དབང་ཆེན་བཅད་ཀྱི་ཁྲིམས།ནང་སོ་ཁབ་ཀྱི་ཁྲིམས་བཅས་གཅིག་ལ་བལྟས་ན་གཅིག་མཛེས་པའི་ཁྲིམས་ཡིག་ཆེན་པོ་དྲུག་ལ་སོགས་པའི་རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་།རྨི་ལམ་གྱི་ཁ་?ོག་དཀྲིས་པའི་གངས་རི་དང་གཙང་བོ།མཁའ་དབྱིངས་ཀྱི་སྐར་ཚོགས་ཚོའི་ཆེད་དུ་དྲང་བདེན་གྱི་མིག་ཞགས་རྣོན་པོས་གསར་དུ་བསླངས་ཏེ།ཡངས་པའི་རྒྱལ་ཁམས་ཆེན་མོ་ཚུལ་བཞིན་དུ་སྐྱོང་དུས།ཐུ་བྷོད་རྒྱལ་ཁབ་ནི་གོ་ལའི་དཔྱིད་དཔལ་གྱི་ལྡོག་གཟུགས་ཡིན།
                                                    ༦
       ལུང་བཙན་ཏེ་སྲོང་བཙན་སྒམ་པོ།འཆར་ཡན་གྱིས་མ་བཞེངས་པའི་རིགས་སྨྲ་དཔའ་བོ་སྟེ་མཛངས་བློན་བཞི་བ་སམ་བྷོ་ཊ།ཆོས་ཀྱི་རྒྱལ་བོའི་བཀའ་ལུང་གི་སྐྱེམས་ཆང་བཙན་པོ་ཞལ་དུ་བསྒྲུགས་ནས།ལྷོ་གཉལ་བ་སྣང་གྲགས་ཀྱི་ཚོམས་ཆེན་བདེ་དགའ་འབུམ་འཁྱིལ་རྒྱབ་ཏུ་བསྐྱུར་ནས།ཁྱོད་ཀྱིས་བོད་ཀྱི་ཕྱི་འགྲིམ་སློབ་མ་ཐོག་མའི་མིང་བྱང་ཁུར་ཏེ་ལྷོ་ཕྱོགས་རྒྱ་མཚོའི་འགྲམ་ངོགས་སུ་བབས།གཞུང་ལུགས་སྣ་མང་གི་གཏེར་ཁར་ཧབ་ཐོབ་བརྒྱབ་ཅིང་དབྱངས་གསལ་སོ་བཞིའི་རུ་དཔུང་གངས་ལ་བསྟར་ཏེ།རིགས་པའི་གད་རྒྱངས་སྒྲོག་བཞིན།ལྷ་རྒྱལ་དབྱངས་སུ་འགུགས་བཞིན།སྔོན་རྗེས་མིང་གསུམ་གྱི་འགྱུར་ཁུགས་སྙན་མོས།ཡར་ལ?་ཤམ་པོའི་འདབས་རོལ་གྱི་བོད་ཡུལ་མུན་པའི་གླིང་གི་འཇིག་རྟེན་ལ་འོད་སྟོང་གི་སྒྲོན་མེ་སྦར།
                                                     ༧
       ལྷ་བཙན་པོ་སྟེ་སྲོང་བཙན་སྒམ་པོ།བསམ་གཞིག་གི་མིག་ཞགས་རིང་མོ་གཞིས་ཁྱིམ་ལས་བརྒལ་ཅིང་རང་ཁྱིམ་ལ་འཚེར་དུས།སང་ཉིན་གྱི་འཚོ་བའི་ལམ་ཡིགརི་བོ་སྟོང་ཕྲག་གི་ཕ་མཐའ་ན་མཆིས་ཤིང་རེ་སྨོན་གསོན་པོའི་གཏིང་རོལ་ན་གཟིམས་པའི་རྨི་ལམ་དེ་ཡིན་ནའང་།སྙིང་སྟོབས་དང་དཔའ་ངར་གྱིས་བསླངས་པའི་ཀི་སྒྲའི་སྣེ་མོར་ཁྱེད་ཀྱི་སེམས་པ་ཞིག་གི་འགུལ་སྟངས་ཡོད་པས།མེ་ཏོག་དང་ཁ་བཏགས།སྤང་ལྗོངས་དང་དྲི་བསུང་བསྣམས་ཏེ།འཁྱོལ་དཀའ་བའི་མི་ཡུལ་གྱི་འགག་སྒོ་མཐའ་དག་རྗེས་སུ་བསྐྱུར་ནས།འཕུར་ཞིང་བཞུད་འོང་བ་ནི།བལ་རྒྱལ་འོད་ཟེར་གོ་ཆའི་སྲས་མོ་བལ་བཟའ་ཁྲི་བཙུན།རྒྱ་ནག་ཐང་རྒྱལ་ལིའི་ཧྲི་མེན?གྱི་སྲས་མོ་རྒྱ་བཟའ་ཀོང་ཇོ།ཞང་རྒྱལ་ལི་མིག་སྐྱའི་སྲས་མོ་ཞང་ཞུང་བཟའ་ལི་ཐོག་དམན།མི་ཉག་རྒྱལ་བོའི་སྲས་མོ་རུ་ཡོང་བཟའ་རྒྱལ་མོ་བཙུན།སྟོད་ལུང་མོང་ནས་ཞང་བློན་གྱི་སྲས་མོ་མོང་བཟའ་ཁྲི་ལྕམ་བཅས་ནི་ཁྱེད་ཀྱི་བྲང་ལྡེབས་སུ་བཀུག་པའི་མཁའ་འགྲོ་སྡེ་ལྔའོ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྲོང་བཙན་སྒམ་པོ།

2011-08-23 རྨ་ཐོག་རྒོད། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།